དབུ་ཤོག>ཆེད་སྒྲིག
  • ​ཏང་གི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་འཛིན་པའི་ངོས་འཛིན་ལ་གོ་བ་ཇི་ལྟར་ལེན་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-11

    ཏང་གི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་འཛིན་པའི་ངོས་འཛིན་ལ་གོ་བ་ཇི་ལྟར་ལེན་དགོས་སམ།

    ལན། 《གྲོས་ཆོད》ནང་བསྟན་དོན། “ཏང་གི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་རྗེས་ཀྱི་དུས་བབ་ལ་གཞིགས་ཏེ། རྒྱལ་ནང་གི་འགལ་བ་གཙོ་བོ་དེ་བཟོ་པའི་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་དབར་གྱི་འགལ་བ་མིན་པར། དཔལ་འབྱོར་དང་རིག་གནས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་མི་དམངས་ཀྱི་དགོས་མཁོ་དང་མིག་སྔའི་དཔལ་འབྱོར་དང་རིག་གནས་ཀྱིས་མི་དམངས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་གནས་ཚུལ་དབར་གྱི་འགལ་བ་ཡིན་པ་དང་། རྒྱལ་ཡོངས་མི་དམངས་ཀྱི་ལས་འགན་གཙོ་བོ་ནི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ། རྒྱལ་ཁབ་བཟོ་ལས་ཅན་མངོན་འགྱུར་དང་། མི་དམངས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་རིམ་བཞིན་སྐོང་རྒྱུ་དེ་རེད” གཞི་རྩའི་ཆོད་གཏམ་འདིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དུས་རིམ་དུ་སླེབས་རྗེས། རྒྱལ་ནང་གི་གནས་བབ་ལ་འགྱུར་བ་གལ་ཆེན་བྱུང་བ་དང་ལོ་རྒྱུས་ཀྱི་ལས་འགན་གསར་པ་འཕྲད་པར་ཏང་གིས་ཚན་རིག་དང་མཐུན་པའི་ངོས་འཛིན་གནང་བ་གཅིག་སྡུད་ཐོག་སྙིང་བསྡུས་གནང་ཡོད་པས། ལོ་རྒྱུས་ཀྱི་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད།

    དངོས་གཙོ་རྩོད་སྒྲུབ་རིག་པའི་རྩ་བའི་རིགས་པ་ལྟར་ན། སྤྱི་ཚོགས་ཀྱི་འགལ་བར་ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་གནད་འཁེལ་སྟངས་འཛིན་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ནས་ལས་ཀའི་གཙོ་གནད་དེ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ཐག་གཅོད་བྱེད་པའི་ཐོག་འཇོག་དགོས། དེ་ནི་རང་རེའི་ཏང་གི་སྲོལ་རྒྱུན་གྱི་ལས་ཀ་བྱེད་སྟངས་ཤིག་ཡིན་ལ། རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་རྒྱལ་ཁ་ལེན་པའི་ཉམས་མྱོང་གལ་ཆེན་ཞིག་ཀྱང་རེད། 1956ལོར། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་ཀྲུང་གོའི་ས་གཞི་ཆེན་པོའི་ཐོག་བཙུགས་ཟིན་མོད། འོན་ཀྱང་རྗེས་ལུས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་རྨང་གཞིའི་སྟེང་སྤྱི་ཚོགས་རིང་ལུགས་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ལ་འཕྲད་པའི་ལོ་རྒྱུས་ཀྱི་ཞིབ་འཇུག་བྱ་གཞི་གསར་རྐྱང་ཞིག་རེད། ཞིབ་འཇུག་བྱ་གཞི་འདི་འཚོལ་ཞིབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ནི་སྐབས་དེའི་རྒྱལ་ནང་གི་གནས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་། རྒྱལ་ནང་གི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་བརྡར་ཤ་གསལ་པོ་གཅོད་དགོས་པ་མ་ཟད། གཏན་འབེབས་གཞིར་བཟུང་ཏང་དང་རྒྱལ་ཡོངས་མི་དམངས་ཀྱི་དུས་རབས་གསར་པའི་འོག་གི་ལས་འགན་གཙོ་བོ་ཡང་གཏན་འཁེལ་བྱེད་དགོས་པ་དེ་རེད། ཏང་གི་ཚོགས་ཆེན་བརྒྱད་པར་དེའི་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི《ཆབ་སྲིད་སྙན་སྒྲོན་སྐོར་གྱི་གྲོས་ཆོད》ནང་གོང་གསལ་གྱི་ཆོད་གཏམ་ཁ་གསལ་བཏོན་ཡོད་དེ།

    དང་པོ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དེས་ཀྲུང་གོའི་ལོ་རྒྱུས་ཐོག་ཞི་བདེ་སྐྲུན་པའི་དུས་སྐབས་གསར་པ་ཞིག་ཤར་བ་མཚོན་ཡོད། སྤྱི་ཚོགས་རིང་ལུགས་སྒྱུར་བཅོས་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་བརྟེན། ལོ་ངོ་སྟོང་ཕྲག་རིང་གི་གྲལ་རིམ་བཤུ་གཞོག་ལམ་ལུགས་ཀྱི་ལོ་རྒྱུས་སྤྱིའི་ཆ་ནས་མཇུག་འགྲིལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྤྱིའི་ཆ་ནས་བཙུགས་ཐུབ་ཡོད། རླབས་ཆེའི་འཕོ་འགྱུར་དེ་ལེགས་གྲུབ་བྱུང་བས་ཏང་དང་རྒྱལ་ཁབ་ལས་དོན་གྱི་གཙོ་གནད་དེ་གཞི་ཁྱོན་ཆེ་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་བསྒྱུར་བར་སྐུལ་འདེད་ཐུབ་ཅིང་། ཀྲུང་གོའི་ལོ་རྒྱུས་ཀྱི་དུས་མཚམས་གསར་པ་འགོ་ཚུགས་ཡོད། དུས་མཚམས་དེའི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་ལས་འགན་ནི་ཐོན་སྐྱེད་འབྲེལ་བ་གསར་པའི་འོག་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་དེ་རེད།

    གཉིས། བཤུ་གཞོག་གྲལ་རིམ་གྲལ་རིམ་ལ་བརྩིས་ནས་རྩ་མེད་བཟོས་རྗེས་གྲལ་རིམ་འཐབ་རྩོད་དེ་འགལ་བ་གཙོ་བོ་ཞིག་མིན། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་བརྒྱུད། རང་རྒྱལ་གྱི་རྒྱལ་ནང་ལ་འཕྲད་པའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་བཟོ་པའི་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་དབར་གྱི་འགལ་བ་ཡིན་པ་དང་དེ་ཡང་རྩ་བའི་ཆ་ནས་ཐག་གཅོད་ཐུབ་ཡོད། སྤྱི་ཚོགས་ལམ་ལུགས་ཀྱི་རྩ་བའི་འགྱུར་ལྡོག་དེས་སྤྱི་ཚོགས་གྲལ་རིམ་འབྲེལ་བའི་ཐད་རྩ་བའི་འགྱུར་ལྡོག་འབྱུང་ངེས། དཔོན་ངན་ཕྱིར་རྟེན་ཚོང་པའི་འབྱོར་ལྡན་གྲལ་རིམ་དང་བཀས་བཀོད་ས་བདག་གྲལ་རིམ་རྩ་མེད་བཟོས་རྗེས། ཤུལ་དུ་ལུས་པའི་བཤུ་གཞོག་གྲལ་རིམ་སྟེ་མི་རིགས་འབྱོར་ལྡན་གྲལ་རིམ་དང་གྲོང་གསེབ་ཁྲོད་ཀྱི་ཞིང་ཕྱུག་གྲལ་རིམ་ཡང་རྩ་མེད་བཟོ་བཞིན་ཡོད། བཟོ་པའི་གྲལ་རིམ་འདི་ཉིད་རྒྱལ་ཁབ་ཀྱི་འགོ་ཁྲིད་གྲལ་རིམ་དུ་གྱུར་པ་དང་། ཞིང་པ་ཡང་ཞིང་པ་སྒེར་ནས་མཉམ་ལས་ཅན་གྱི་ཞིང་པར་གྱུར་ཡོད། དེ་ཐོག་ནས་གཞི་ཁྱོན་ཆེ་བའི་གྲལ་རིམ་འཐབ་རྩོད་མཇུག་འགྲིལ་བ་དང་། ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་རིང་གི་རྒྱལ་ནང་གི་འགལ་བ་གཙོ་བོར་ངོས་འཛིན་གསར་པ་ཡོང་བ་བྱས་ཏེ་ཐག་གཅོད་གསར་པ་བྱེད་དགོས་པ་མཚོན་གྱི་ཡོད།

    གསུམ། ཐོན་སྐྱེད་ནུས་ཤུགས་རྗེས་ལུས་ཐེབས་པའི་ཆ་རྐྱེན་འོག་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར། ཁ་ཚ་དགོས་གཏུགས་ཀྱི་ཐག་གཅོད་བྱེད་དགོས་པའི་གནད་དོན་དང་པོ་དེ་ནི་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས་པ་དང་། དཔལ་འབྱོར་དང་རིག་གནས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་མི་དམངས་ཀྱི་དགོས་མཁོ་དང་མིག་སྔའི་དཔལ་འབྱོར་དང་རིག་གནས་ཀྱིས་མི་དམངས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་གནས་ཚུལ་དབར་གྱི་འགལ་བ་ཐག་གཅོད་བྱེད་དགོས། སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ནི་འབྱོར་མེད་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མི་དམངས་རང་ཁྱིམ་རང་བདག་གི་སྤྱི་ཚོགས་ཤིག་ཡིན་པ་དང་། སྤྱི་ཚོགས་རྙིང་པར་འབྱོར་མེད་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མི་དམངས་བྲན་དུ་བཀོལ་བ་དང་བཤུ་གཞོག་གཏོང་བའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་། ཁོང་ཚོའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱེད་པར་ངེས་པར་དུ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཧུར་ཐག་གཏོང་དགོས། ཐོན་སྐྱེད་རྒྱུ་ཆ་སྒེར་དབང་ལམ་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་སྒྱུར་བཀོད་ལས་འགན་ལེགས་གྲུབ་བྱུང་མེད་པའི་སྐབས་སུ་ང་ཚོས་ད་དུང་སྟོབས་ཤུགས་གཙོ་བོ་གཅིག་སྒྲིལ་བྱས་ཏེ་རྩ་བའི་ལས་འགན་དེ་ཐག་གཅོད་བྱེད་མི་སྲིད། ད་ཆ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་ཟིན་པས་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་དང་འཕེལ་རྒྱས་བཏང་ནས་མི་དམངས་ཀྱི་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་གནས་བབ་གལ་ཆེན་ཐོག་མི་འཇོག་ཀ་མེད་རེད།

    ཏང་གི་ཚོགས་ཆེན་བརྒྱད་པས་རང་རྒྱལ་གྱི་དོན་དངོས་གནས་ཚུལ་ནས་འགོ་བཙུགས་ཏེ། རྒྱལ་ནང་གི་འགལ་བ་གཙོ་བོའི་ཚན་རིག་དང་མཐུན་པའི་ཆོད་གཏམ་དེ་སྤྱི་ཚོགས་རིང་ལུགས་ལམ་ལུགས་བཙུགས་རྗེས་ཀྱི་རང་རེའི་ཏང་གིས་རང་ཉིད་ཀྱི་ལམ་བུ་ཡང་དག་གཏན་འཁེལ་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞིར་གྱུར་ཡོད་ལ། ཀྲུང་གོའི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལམ་བུ་འཚོལ་ཞིབ་བྱེད་པར་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་ཡང་བྱས་ཡོད། ཆོད་གཏམ་གལ་ཆེན་དེ་རྨང་གཞིར་བྱས་ནས་ཏང་གིས་རང་རྒྱལ་གྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། ཕྱི་འབྲེལ་སོགས་ཐད་ཀྱི་འཛུགས་སྐྲུན་ལ་ཤུགས་རྐྱེན་གཏིང་ཟབ་ལྡན་པའི་འཚོལ་ཞིབ་ཧུར་ཐག་རབ་དང་རིམ་པ་བྱས་པ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་ཡོད། 


    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།