དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-05-10

    1982ལོ། 

    ★ ཟླ1ཚེས་1ཉིན། ཀྲུང་གུང་ཀྲུང་དབྱང་གིས《རྒྱལ་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་ཟིན་བྲིས་གནད་བསྡུས》མཆན་བཀོད་བརྒྱུད་སྤྲོད་བྱས་ཏེ། ཐོན་སྐྱེད་དུད་ཚང་ལ་འགན་གཙང་སྤྲོད་པ་སོགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་སྣ་ཚོགས་ཚང་མ་སྤྱི་ཚོགས་རིང་ལུགས་མཉམ་སྡེབ་དཔལ་འབྱོར་གྱི་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་རེད་ཅེས་ཁས་ལེན་བྱས་ཡོད། 1982ལོ་ནས་1986ལོའི་བར་ཀྲུང་གུང་ཀྲུང་དབྱང་གིས་ཞིང་ལས་དང་གྲོང་གསེབ་གནད་དོན་སྐོར་གྱི་ཡིག་ཆ་ཨང་དང་པོ་ལྔ་བསྟུད་མར་འགྲེམས་སྤེལ་བྱས་ཡོད།

    ★ ཟླ་1ཚེས་11ཉིན། ཏེང་ཞའོ་ཕིང་གིས་ཨ་རིའི་ཕྱི་ཁོངས་ཀྲུང་གོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལི་ཡའོ་ཙེ་ལ་མཇལ་འཕྲད་གནང་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཐ་སྙད་ཐོག་མར་བཏོན་གནང་ཡོད།

    ★ ཟླ་1ཚེས་13ཉིན། ཏེང་ཞའོ་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱ་ཆེའི་ཚོགས་འདུའི་ཐོག་གསུང་བཤད་གནང་ནས་ལས་བྱེད་པའི་དཔུང་ཁག་གསར་བརྗེ་ཅན་དང་། ན་གཞོན་ཅན། ཤེས་ཡོན་ཅན། ཆེད་ལས་ཅན་བཅས“ཅན་བཞིའི”བྱེད་ཕྱོགས་བཏོན་གནང་ཡོད།

    ★ ཟླ་2ཚེས་20ཉིན་ཀྲུང་གུང་ཀྲུང་དབྱང་གིས《ལས་བྱེད་པ་རྒན་གྲས་རྒན་ཡོལ་ཞུ་བའི་ལམ་ལུགས་བཟོ་རྒྱུའི་སྐོར་གྱི་གཏན་འབེབས》བཟོས་ཡོད།

    ★ ཟླ་3ཚེས་31ཉིན་ཀྲུང་གུང་ཀྲུང་དབྱང་གིས《རང་རྒྱལ་སྤྱི་ཚོགས་རིང་ལུགས་དུས་སྐབས་ཀྱི་ཆོས་ལུགས་གནད་དོན་སྐོར་གྱི་གཞི་རྩའི་ལྟ་བ་དང་གཞི་རྩའི་སྲིད་ཇུས》བཀྲམ་ནས། ཆོས་དད་རང་མོས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་པ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་བརྩོན་ལེན་དང་། མཐུན་སྒྲིལ། སློབ་གསོ་གཏོང་བ་བཅས་བྱེད་པ། ཏང་གི་ཆོས་ལུགས་སྲིད་ཇུས་ཁག་དོན་འཁྱོལ་བྱེད་པ་སོགས་ཀྱི་གནད་དོན་ལ་་འགྲེལ་བཤད་ཁ་གསལ་བརྒྱབ་ཡོད།

    ★ ཟླ་4ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེས་གསོག་བྱེད་སྤྱོད་ཚབས་ཆེན་ལ་རྡུང་རྡེག་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བཟོས་ཡོད།

    ★ ཟླ་8ཚེས་17ཉིན། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཨ་རིས་ཐའེ་དབན་ཕྱོགས་ལ་གོ་མཚོན་ཕྱིར་འཚོང་བྱས་པའི་གནད་དོན་གོམ་པ་རིམ་བགྲོད་བྱས་ནས་མཐར་རྦད་དེ་ཐག་གཅོད་བྱེད་རྒྱུའི་སྐོར་ལ་དམིགས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རི་རྒྱལ་ཁབ་ཀྱི་མཉམ་འབྲེལ་སྤྱི་བསྒྲགས》(བརྒྱད་པའི་བཅུ་བདུན་གྱི་སྤྱི་བསྒྲགས)ཡོངས་བསྒྲགས་བྱས་ཡོད།

    ★ 9ཚེས་1ཉིན་ནས་11ཉིན་བར། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོགས་ཤིང་། ཏེང་ཞའོ་ཕིང་གིས་འགོ་ཚུགས་གསུང་བཤད་གནང་སྐབས་མར་ཁེ་སིའི་རིང་ལུགས་ཀྱི་ཡོངས་ཁྱབ་བདེན་དོན་དང་རང་རྒྱལ་གྱི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་བྱས་ནས་རང་ཉིད་ཀྱི་བགྲོད་ལམ་དུ་བསྐྱོད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་གནང་ཡོད། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི《སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་གཏོད་དགོས》ཞེས་པའི་སྙན་སྒྲོན་ནང་གོམ་སྟབས་གཉིས་སུ་ཕྱེ་ནས་བསྐྱོད་དགོས་ལུགས་བཏོན་པ་སྟེ། དུས་རབས་20པའི་དུས་མཇུག་ཏུ་བཟོ་ལས་དང་ཞིང་ལས་ཀྱི་ལོ་རེའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་གཉིས་འཕར་རྒྱུའི་དམིགས་ཚད་མངོན་འགྱུར་བྱེད་དགོས་ལུགས་བཏོན་ཡོད། ཚོགས་ཆེན་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གསར་པར་གྲོས་འཆམ་བྱུང་བ་དང་། ཚོགས་ཆེན་ཐོག་ཀྲུང་དབྱང་བློ་འདྲི་ཨུ་ལྷན་འཛུགས་རྒྱུའི་གཏན་འབེབས་བྱས་ཡོད།

    ★ ཟླ་9ཚེས་12དང་13ཉིན། ཀྲུང་གུང་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཧུའུ་ཡའོ་པང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་འདེམས་བསྐོ་བྱས་པ་དང་། ཏེང་ཞའོ་ཕིང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་གཏན་འཁེལ་བྱས་པ། ཏེང་ཞའོ་ཕིང་གིས་ཀྲུང་དབྱང་བློ་འདྲི་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་བཞེས་རྒྱུ་དང་། ཁྲེན་ཡུན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅིར་འདེམས་བསྐོ་བྱེད་རྒྱུར་ཆོག་མཆན་གནང་ཡོད།

    ★ ཟླ་9ཚེས་24ཉིན། ཏེང་ཞའོ་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ལྕམ་ས་ཆེར་དང་མཇལ་འཛོམས་གནང་ནས་ཀྲུང་གོ་སྲིད་གཞུང་གིས་ཤང་ཀང་གི་གནད་དོན་ཐད་འཛིན་པའི་གཞི་རྩའི་ལངས་ཕྱོགས་རྒྱས་བཤད་གནང་སྟེ་བདག་དབང་གི་གནད་དོན་ནི་གྲོས་བསྡུར་བྱེད་ཆོག་པའི་གནད་དོན་ཞིག་མ་རེད་ཅེས་བཏོན་གནང་ཡོད། 1997ལོར་ཀྲུང་གོས་ཤང་ཀང་ཚུར་བླངས་པའི་ནང་ཤིན་ཅེ་ཙམ་མ་ཡིན་པར་ཤང་ཀང་གླིང་ཕྲན་དང་ཅིའུ་ལུང་ཡང་ཚུད་ཡོད།

    ★ ཟླ་10ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་དབྱང་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པའི་སློབ་གསོའི་ལས་དོན་སྐོར་གྱི་གཏན་འབེབས》བཟོས་པ་དང་། 1983ལོའི་ཟླ་4ཚེས་18ཉིན་ཀྲུང་གུང་ཀྲུང་དབྱང་གིས《ཏང་གི་སློབ་གྲྭའི་སློབ་གསོ་ཚད་ལྡན་ཅན་མངོན་འགྱུར་བྱེད་རྒྱུའི་སྐོར་གྱི་གཏན་འབེབས》བཟོས་ཡོད།

    ★ ཟླ་10ཚེས་12ཉིན། ཀྲུང་གོས་མཚོར་འཛུལ་དམག་གྲུས་ཆུ་འོག་ནས་སྔོན་གཏན་འཁེལ་བའི་མཚོ་སྟེང་དམིགས་སའི་ཁུལ་དུ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་རྒྱུ་ཐོག་མར་ལམ་ལྷོངས་བྱུང་ཡོད།

    ★ ཟླ་12ཚེས་4ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་ལྔ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཕྱོགས་ཡོངས་ནས་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》(ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས)ལ་གྲོས་འཆམ་བྱུང་བ་དང་འབྲེལ་ལག་ལེན་བསྟར་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། དེའི་ནང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་དབང་རྒྱ་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་བསྐོ་གཞག་བྱེད་རྒྱུ་སླར་གསོ་བྱེད་པ། རྒྱལ་ཁབ་ཀྱིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཙུགས་ནས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་ལེན་བསྟར་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཙུང་ལིའི་འགན་འཁུར་ལམ་ལུགས་ལག་ལེན་བསྟར་བ། རྒྱལ་ཁབ་ཀྱིས་དགོས་ངེས་སྐབས་དམིགས་བསལ་སྲིད་འཛིན་ཁུལ་འཛུགས་པ། གྲོང་གསེབ་ཀྱི་མི་དམངས་ཀུང་ཧྲེའི“སྲིད་ཧྲེ་གཅིག་སྒྲིལ”གྱི་སྒྲིག་སྲོལ་ལ་འགྱུར་ལྡོག་བཏང་ནས་ཤང་གི་སྲིད་དབང་འཛུགས་པ། རྩ་ཁྲིམས་ཀྱི་གླེང་གཞིའི་ནང་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ནུས་པ་གསལ་པོ་འགོད་པ་བཅས་བྱེད་རྒྱུའི་གཏན་འབེབས་བྱས་པ་རེད། དེ་རྗེས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པར་བྱ་ཆེད། རང་རྒྱལ་གྱིས་1988ལོ་དང་། 1993ལོ། 1999ལོ། 2004ལོ། 2014ལོ་བཅས་ཀྱི་སྔ་རྗེས་སུ་རྩ་ཁྲིམས་ལ་བཟོ་བཅོས་ཐེངས་ལྔ་བརྒྱབ་ཡོད།

    1983ལོ། ① 

    ★ ཟླ་4ཚེས་5ཉིན། ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་སྤྱི་ཁྱབ་པུའུ་པེ་ཅིང་དུ་བཙུགས་པ་རེད།

    ★ ཟླ་4ཚེས་24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནོར་སྲིད་པུའི《རྒྱལ་གཉེར་ཁེ་ལས་ཀྱི་ཁེ་སྤོགས་ཁྲལ་སྒྱུར་སྐོར་གྱི་ཚོད་ལྟའི་ལག་བསྟར་བྱེད་ཐབས》མཆན་བཀོད་བརྒྱུད་སྤྲོད་བྱས་ཡོད།

    ★ ཟླ་6ཚེས་4ནས་22ཉིན་བར་རྒྱལ་ཡོངས་སྲིད་གྲོས་སྐབས་དྲུག་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་ཏེང་དབྱི་ཁྲའོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཡོད།

    ★ ཟླ་6ཚེས་6ནས་21ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་ལི་ཤན་ཉན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པ་དང་། ཕེང་ཀྲེན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལ་བདམས་པ། ཏེང་ཞའོ་ཕིང་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་པ། ཀྲའོ་ཙེ་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བདམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།