དབུ་ཤོག>ཆེད་སྒྲིག
  • ཏང་ལ་དགའ་ཞེན་གྱི་ལྷག་བསམ་ལས། ཐོག་མའི་བསམ་འདུན་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-05-05

    གཟུགས་པོ་ཆེན་པོ་དེ་ཙམ་མེད་པ་དང་། ཤ་རྩི་ཅུང་ནག་པ། གྲུང་ཤ་དོད་པ་ནི་བགྲེས་སོང་བྱམས་པ་རྡོ་རྗེ་ཐོག་མར་འཕྲད་སྐབས་ཀྱི་བག་ཆགས་ཤིག་ཡིན།

    བྱམས་པ་རྡོ་རྗེ་ནི་ཡར་སྟོད་ཤང་གི“མི་སྣ་གྲགས་ཅན”ཞིག་ཡིན་པ་དང་། འདི་ལོ་ལོ་78ལ་སླེབས་ཀྱི་ཡོད། 2021ལོར་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ། ཁོང་ལ“ཏང་ནང་ཞུགས་པའི་ལོ་ངོ་50ཡི་གཟི་བརྗིད”ཀྱི་དྲན་རྟེན་རྟགས་མ་ཐོབ།

    ཏང་ལ་ཞུཌ་ནས་ལོ་50ལྷག་ཙམ་རིང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་གུང་ཁྲན་ཏང་མིས་ཏང་ལ་དགའ་ཞེན་དང་། ཏང་གི་སྐད་ཆ་ཤོད་པ། ཏང་ལ་སེམས་ཁྲལ་བྱེད་པ། ཏང་གི་བྱ་གཞག་སྒྲུབ་པ་བཅས་མཐའ་འཁྱོངས་བྱས་ཐོག་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་རང་ཉིད་ཀྱི“གནས་བབ་ཨང་དང་པོ”ཏང་ཡོན་ཡིན་པ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་རང་སོའི་ལས་གནས་ལ་གཞིས་ཚུགས་ཏེ་རང་ནུས་ལྕོགས་ཚོད་ཀྱིས་ཏང་གི་བྱ་གཞག་ཆེད་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

    1965ལོའི་ཟླ་10ཚེས་22ཉིན་བྱམས་པ་རྡོ་རྗེ་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་དང་། ཏང་ལ་ཞུགས་དུས་ཀྱི་གནས་ཚུལ་དྲན་གསོ་བྱེད་རིམ་བཞིན་ཁོང་གིས“ཉིན་དེ་ངས་ནམ་ཡང་བརྗེད་མི་སྲིད”ཅེས་་རྟག་ཏུ་བརྗོད་ཀྱི་ཡོད།

    རྗེས་སུ་ཚེ་སྤོང་ཤང་གི་ཤང་ཀྲང་གཞོན་པ་དང་། ཤང་ཀྲང་། དེ་བཞིན་ཡར་སྟོད་ཤང་ཚེ་སྤོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཅས་ཀྱི་འགན་འཁུར་རིང་། བྱམས་པ་རྡོ་རྗེས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐོན་སྐྱེད་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་ཚོའི་དབུལ་ཞིང་ཕོངས་པའི་རྣམ་པར་འགྱུར་ལྡོག་བཏང་ཡོད།

    1999ལོ་ནས་བཟུང་བྱམས་པ་རྡོ་རྗེས་ཚེ་སྤོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་མེད་ནའང་། ཏང་ཡོན་རྒན་གྲས་ཡིན་པའི་ངོས་ནས་རང་གིས་རང་ལ་ཏང་ཡོན་གྱི་ཚད་གཞི་དང་བླང་བྱ་འདོན་རྒྱུ་དམའ་རུ་གཏན་ནས་བཏང་མེད།

    དེ་ལས་ལྡོག་སྟེ་རང་ཉིད་ཀྱི་མྱོང་བ་དང་ཟུང་འབྲེལ་བྱས་ནས་བོད་གསར་རྙིང་གི་འགྱུར་ལྡོག་གླེང་བ་དང་། གྲོང་ཚོའི་འཕེལ་རྒྱས་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། རང་གི་མྱོང་ཚོར་དང་ཟུང་འབྲེལ་བྱས་ནས་ན་གཞོན་ཏང་ཡོན་ཚོར་གདོང་ལེན་དཔེ་བཟང་གི་ནུས་པ་ཇི་ལྟར་བྱས་ནས་འདོན་དགོས་ལུགས་བརྗོད་ཀྱི་ཡོད།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་ངང་སྤེལ་རིང་། ཁོང་གིས་ཏང་ཡོན་རྒན་གྲས་ཀྱི་ཉམས་འགྱུར་དང་ཉམས་སད་ཐེག་པའི་ཆབ་སྲིད་ཀྱི་བྱང་ཚད་གང་ལེགས་མངོན་པར་བྱས་ནས་རྟག་ཏུ་སྔོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཏེ་སྒྲོག་འགྲེལ་པའི་གཟུགས་བརྙན་བཟང་པོ་ཞིག་གཏོད་བཞིན་ཡོད།

    བྱམས་པ་རྡོ་རྗེས“ད་ཆ་ཁྱིམ་ཚང་ཚང་མ་སྡོད་ཁང་གསར་པར་སྤོས་པ་དང་ཁྱིམ་གྱི་སྒོ་ཁར་མེ་འཁོར་ཤར་གཏོང་ཐུབ་པ་མ་ཟད། ན་དུས་སྨན་བཅོས་འགན་བཅོལ་དང་། རྒས་དུས་སྤྱི་ཚོགས་འགན་སྲུང་། སློབ་གྲྭ་འགྲིམ་པར‘འགན་ལེན་གསུམ’གྱི་སྲིད་ཇུས་སོགས་ཡོད”ཅེས་ཏང་གི་སྲིད་ཇུས་བཟང་པོའི་སྐོར་མང་པོ་ཞིག་ཤོད་རྒྱུ་ཡོད་པ་དང་། ཁོང་གིས་བརྒྱ་བཤད་སྟོང་བཤད་བྱས་ཀྱང་སེམས་གཏིང་ནས་བརྗོད་འདོད་པ་ནི“ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་ཚོར་བ་བྱེད་དགོས”ཞེས་པ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།