དབུ་ཤོག>ཆེད་སྒྲིག
  • ཏང་གི་ལོ་རྒྱུས་རྟག་ཏུ་བསྐྱར་དྲན་བྱེད། ཏང་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-04-28

    1979ལོ། ①

    ★ ཟླ་1ཚེས་1ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《སྤུན་ཟླ་ཐའེ་དབན་བར་བསྒྲགས་པའི་ཡི་གེ》སྤེལ་ནས་མེས་རྒྱལ་ཞི་བའི་གཅིག་གྱུར་བརྩོན་ལེན་བྱེད་དགོས་པའི་སྲིད་དོན་གྱི་མཛད་ཕྱོགས་གལ་ཆེན་ཁྱབ་བསྒྲགས་གཟབ་ནན་བྱས་ཡོད།

    ★ ཟླ་1ཚེས་4ཉིན་ནས་ཚེས་22ཉིན་བར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། དེ་རྗེས་རྒྱལ་ཡོངས་ཀྱི་ས་གནས་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་གཅིག་རྗེས་གཉིས་མཐུད་ངང་སླར་གསོ་བསྐྱར་སྐྲུན་བྱས་ཡོད།

    ★ ཟླ་1ཚེས་18ཉིན་ནས་ཟླ་4ཚེས་3ཉིན་བར། ཏང་གི་རིགས་པའི་གཞུང་ལུགས་ལས་དོན་གྱི་དོན་གྲོས་ཚོགས་འདུ་འཚོགས་ཤིང་། ཟླ་3ཚེས་30ཉིན་ཏེང་ཞའོ་ཕིང་གིས་ཚོགས་འདུའི་ཐོག《གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་བྱེད་དགོས》ཞེས་པའི་གསུང་བཤད་གནང་ཡོད།

    ★ ཟླ་1ཚེས་29ཉིན་ནས་ཟླ་2ཚེས་5ཉིན་བར། ཏེང་ཞའོ་ཕིང་གིས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་ཞིང་། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུང་གོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ཨ་རིར་འཚམས་འདྲི་བྱེད་ཐེངས་དང་པོ་དེ་རེད།

    ★ ཟླ་1ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀོང་ཏུང་གི་ཧྲེ་ཁོའུ་རུ་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་བཟོ་ལས་ཁུལ་དང་པོ་སྟེ། ཧྲེ་ཁོའུ་བཟོ་ལས་ཁུལ་འཛུགས་རྒྱུའི་གཏན་འཁེལ་བྱས་ཡོད།

    ★ ཟླ་2ཚེས་17ཉིན་ནས་ཟླ་3ཚེས་16ཉིན་བར། ཀྲུང་གོའི་མཐའ་སྲུང་དམག་དཔུང་གིས་ཝེ་ཐེ་ནམ་ལ་རང་སྲུང་རྒོལ་ལན་སྤྲོད་པའི་དམག་འཁྲུག་བརྒྱབ་ཡོད།

    ★ ཟླ་3ཚེས་21ཉིན། ཏེང་ཞའོ་ཕིང་གིས་ཕྱི་རྒྱལ་གྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་སྐབས། “ཀྲུང་གོའི་རྣམ་པའི་དེང་རབས་ཅན་བཞི”ཞེས་པའི་ཐ་སྙད་བཏོན་གནང་ཡོད། ཟླ་12ཚེས་6ཉིན་ཁོང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཏ་ཕིང་ཀྲེང་ཧྥང་དང་མཇལ་འཛོམས་གནང་སྐབས“འབྱོར་འབྲིང”ཞེས་པའི་ཐ་སྙད་བཏོན་གནང་ཡོད།

    ★ ཟླ4ཚེས་5ཉིན་ནས་ཚེས་28ཉིན་བར། ཀྲུང་གུང་ཀྲུང་དབྱང་གིས་ལས་དོན་ཚོགས་འདུ་འཚོགས་ཏེ་རྒྱལ་དམངས་དཔལ་འབྱོར་ལ“ལེགས་སྒྲིག་དང་། སྒྱུར་བཅོས། དག་ཐེར། མཐོར་འདེགས”བཅས་བྱེད་པའི་མཛད་ཕྱོགས་ལག་ལེན་བསྟར་རྒྱུའི་གཏན་འབེབས་བྱས་ཡོད།

    ★ ཟླ་6ཚེས་15ཉིན། ཏེང་ཞའོ་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་ལྔ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གསུང་བཤད་གནང་སྟེ། དུས་སྐབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་སྲིད་གྲོས་ཀྱི་ལས་འགན་ནི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཡོད་དོ་ཅོག་སྐུལ་སློང་དང་། འགལ་རྐྱེན་མཐའ་དག་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ལ་འགྱུར་བ། མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བཅས་བྱས་ཏེ། བློ་སེམས་གཅིག་མཐུན་དང་ཇུས་ཤུགས་མཉམ་འདོན་གྱིས་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲུང་སྐྱོང་དང་འཕེལ་རྒྱས་བཏང་ནས་རང་རྒྱལ་འདི་ཉིད་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་ཆེན་དུ་བསྐྲུན་པར་འབད་འཐབ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

    ★ ཟླ་7ཚེས་1ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་ལྔ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས〉ཀྱི་གཏན་འབེབས་འགའ་ཞིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གྲོས་ཆོད》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》 《ཀྲུང་གོ་དང་ཕྱི་རྒྱལ་གྱིས་མ་དངུལ་མཉམ་བཞག་གིས་གཉེར་བའི་ཁེ་ལས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སོགས་བཅའ་ཁྲིམས་བདུན་ལ་གྲོས་འཆམ་བྱུང་ཡོད།

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།