དབུ་ཤོག>ཆེད་སྒྲིག
  • ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་བོད་དུ་ཡིག་འབུལ་ཞུ་བཅར་གྱི་གནད་དོན་བདག་སྤྲོད་བྱེད་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-28

    ཟླ་4ཚེས་25ཉིན་གྱི་ཆུ་ཚོད་21ཐོག ལས་དོན་མི་སྣས་ཐེར་འདོན་ཁ་པར་གྱི་ནང་དོན་མཐའ་མ་དེ་ཐོ་འགོད་ནན་ཏན་བྱས་པ་དང་སྦྲགས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་རང་ལྗོངས་སུ་ལྟ་བཤེར་བྱེད་རིང་བཙུགས་པའི་བདག་སྤྲོད་ཐེར་འདོན་ཁ་པར་སྤྱོད་མཚམས་བཞག་པ་དེ་ཐོག་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བོད་དུ་བཅའ་སྡོད་ཀྱི་ལྟ་བཤེར་ལས་དོན་མཇུག་འགྲིལ་བ་མཚོན་པ་རེད།

    ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པའི་ཁོངས་མི་སྐྱེ་ཁམས་ཁོར་ཡུག་པུའི་ལྷོ་ནུབ་ལྟ་བཤེར་ཅུས་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་མཱ་རུའོ་ཧྥེ་ཡིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ཚབ་ཞུས་ཏེ་ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་གཞོན་པ་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་དག་ཐེར་སྒྲུབ་སྐུལ་ཚོགས་ཆུང་གི་ཙུའུ་ཀྲང་ཀྲའོ་ཧུའེ་ཉན་ལ་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཁག་མཇུག་ཤོས་དེ་རྩིས་སྤྲད་པ་རེད། 

    མཱ་རུའོ་ཧྥེ་ཡིས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལ“མཚམས་འཇོག་པའི་དུས་བཅད”མེད་པས། བོད་རང་སྐྱོང་ལྗོངས་ཀྱིས་བསྟུད་མར་དམག་འཐབ་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ས་གནས་ལ་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུར་རོགས་རམ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་རོགས་བྱེད་པའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། བདག་པོའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ལས་ཀའི་གཙོ་གནད་དེ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ཚུར་ལན་སྤྲད་པའི་བསམ་འཆར་དག་ཐེར་དང་དོན་འཁྱོལ་ཐོག་རིམ་གྱིས་བཞག་ནས། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གནད་དོན་ལྟ་སྐུལ་བྱེད་ཀྱིན་དག་ཐེར་ཡག་པོ་བྱེད་པའི་ལས་དོན་མགོ་མཇུག་གཙང་སྒྲིལ་ཡོད་པ། སྒྲིག་གཞི་ཕྱིར་འཐེན་མི་བྱེད་པ་དང་། ལམ་སྲོལ་ལ་འགྱུར་ལྡོག་མི་གཏོང་བ། ནུས་པ་ཆུང་དུ་མི་གཏོང་བ། ཚད་གཞི་དམའ་རུ་མི་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་མཇུག་འཕྲོའི་ལས་དོན་ཏན་ཏིག་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    ཀྲའོ་ཧུའེ་ཉན་གྱིས། སྔར་རྒྱུན་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དེ་ཡུན་རིང་གི་ཆབ་སྲིད་ལས་འགན་ཞིག་ཏུ་བརྩིས་ནས་ལྟ་བཤེར་ལས་ཀའི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་བསྙེགས་པ་དང་ཀྲུང་དབྱང་ལྟ་བཤེར་ཚོགས་ཆུང་གིས་ཤེས་རྟོགས་བྱུང་བ་དང་མང་ཚོགས་ཀྱིས་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་གོང་ཞུ་བྱས་པའི་གནད་དོན་ལ་དམ་པོར་དམིགས་ཏེ། རྒྱུན་མཐུད་ཤུགས་རྒྱག་པ་དང་མུ་མཐུད་འགག་སྒྲོལ་གྱིས་ལྟ་བཤེར་དངོས་དང་དག་ཐེར་ཏན་ཏིག་བྱེད་པ་དང་ལྟ་སྐུལ་དང་དག་ཐེར་ནན་པོ་བྱེད་པའི་བརྡ་རྟགས་དྲག་པོ་ཕྱོགས་ཡོངས་ནས་གཏོང་བ་དང་། ལས་ཀའི་གནོན་ཤུགས་སྔར་བས་བརྒྱུད་སྤྲོད་བྱེད་པ། དག་ཐེར་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། གནད་དོན་ཁག་ཕྱོགས་ཡོངས་ནས་དག་ཐེར་དང་། བརྒྱུད་རིམ་ལྡན་པའི་ངང་དག་ཐེར། དག་ཐེར་མཐར་ཕྱིན་པ་བཅས་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་བ། དག་ཐེར་ལས་དོན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་སར་ལན་ཧུར་ཐག་འདེབས་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཟབ་ཏུ་གཏོང་གི་ཡིན་ཞེས་གསུངས་པ་རེད།

    ཟླ་3ཚེས་25ཉིན་ནས་ཟླ་4ཚེས་25ཉིན་བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པ་བོད་དུ་བཅའ་སྡོད་བྱེད་རིང་། རིམ་རྩིས་བྱས་ན་རང་ལྗོངས་ལ་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཐེར་འདོན་ཁག་32ཀྱི་གནད་དོན་1112རྩིས་སྤྲད་པའི་ནང་གཙོ་བོ་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ། འཛེར་སྒྲ་བཅས་ཀྱི་སྦགས་བཙོག་དང་དེ་བཞིན་སྐྱེ་ཁམས་གཏོར་སྐྱོན་སོགས་ཐད་ཀྱི་གནད་དོན་ཚུད་ཡོད་པ་དང་། དེའི་ནང་ལྷ་ས་གྲོང་ཁྱེར་གྱི་གནད་དོན་787དང་། གཞིས་རྩེ་གྲོང་ཁྱེར་གྱི་གནད་དོན་73 ལྷོ་ཁ་གྲོང་ཁྱེར་གྱི་གནད་དོན་41 ཉིང་ཁྲི་གྲོང་ཁྱེར་གྱི་གནད་དོན་54 ཆབ་མདོ་གྲོང་ཁྱེར་གྱི་གནད་དོན་67 ནག་ཆུ་གྲོང་ཁྱེར་གྱི་གནད་དོན་80 མངའ་རིས་ས་ཁུལ་གྱི་གནད་དོན་10བཅས་ཡོད་པ་རེད། ཟླ་4ཚེས་25ཉིན་བར(ས་གནས་དེ་གའི་སྦྲག་ཐེལ་ཚད་གཞིར་འཛིན་པ)བསྐུར་བའི་ཡི་གེ་དང་སྒྲུབ་མཇུག་འགྲིལ་མེད་པའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་རང་སྐྱོང་ལྗོངས་ཀྱིས་མུ་མཐུད་ནན་ཏན་ངང་བསྒྲུབ་རྒྱུ་དང་གང་མགྱོགས་ཐག་གཅོད་བྱས་ཏེ་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཚང་མ་དག་ཐེར་བྱས་ནས་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པ་བྱ་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།