དབུ་ཤོག>ཆེད་སྒྲིག
  • མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-24

    “553X”སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་གསར་པ་སྟེ། ཆབ་སྲིད་དང་། ཁྲིམས་སྐྱོང་། སྤྱོད་བཟང་གིས་སྐྱོང་བ། རང་སྐྱོང་། བློ་གྲོས་ཀྱིས་སྐྱོང་བ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི“བཅོས་སྐྱོང་ལྔའི”འཛུགས་སྐྱོང་མ་ལག་གཏོད་པ་དང་། དུས་བབ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ལྟེ་གནས་དང་། “གཅིག་འཐུས་རྣམ་པའི”སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལྟེ་གནས། དམངས་ཕན་ཞབས་ཞུའི་ལྟེ་གནས་བཅས་དང་དེ་བཞིན་མཉམ་འགོག་མཉམ་བཅོས་དང་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ། སྤྱི་ཚོགས་ཀྱི་བདེ་འཇགས་སྔོན་འགོག་དང་ཚོད་འཛིན་མ་ལག་བཅས་ཀྱི“འཛུགས་སྐྱོང་ལྔའི”བྱེད་ཐབས་ཚད་ལྡན་དུ་བཏང་བ་མ་ཟད། བཅའ་ཁྲིམས་བློ་འདྲི་བ་དང་། ཁྲིམས་སྐྱོང་གྲོང་ཚོའི་ཀྲུའུ་རེན། ཁྲིམས་སྐྱོང་ཤེས་མཁན་བཅས་ལས་གྲུབ་པའི“ཁྲིམས་གསུམ”དཔུང་ཁག་གསོ་སྐྱོང་བྱས་པ། “ཁྱབ་ཁོངས་གང་ཞིག་ཏུ་མངོན་མེད་རྐྱེན་ངན་ཡོད་ཚེ། ཁྱབ་ཁོངས་དེ་བཅོས་སྐྱོང་བྱེད་པ་དང་གནད་དོན་གང་ཞིག་མངོན་གསལ་དོད་ཚེ་གནད་དོན་དེ་བཅོས་སྐྱོང་བྱེད་པའི”Xལས་ཀའི་རྩ་དོན་ལ་གཞིགས་ཏེ་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་འགལ་ཟླ་གཞི་རིམ་དུ་ཐག་གཅོད་དང་ཆུང་ས་ནས་ཐག་གཅོད་བྱས་ཡོད།

    བཅོས་སྐྱོང་མ་ལག་བཙུགས་ནས་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་བ།

    གཞིས་རྩེ་གྲོང་ཁྱེར་གྱི་མི་འབོར་མང་ཤོས་རྫོང་ཡིན་པའི་རྣམ་གླིང་རྫོང་ཁོངས་སུ་ཕྱོགས་མི་མང་བར་བརྟེན་སྤྱི་ཚོགས་བདེ་འཇགས་དོ་དམ་ལ་གནོན་ཤུགས་ཆེ་ཙམ་འཕྲད་ཡོད། “ཁྲིམས་སྐྱོང་རྣམ་གླིང”གི་དུས་བདེ་ཞི་མཐུན་གྱི་རྣམ་པ་གཏོད་པ་དང་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་ཆེད། རྣམ་གླིང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“བཅོས་སྐྱོང་ལྔའི”མ་ལག་གསར་གཏོད་ངང་བཏོན་པ་དང་སྤྱི་ཚོགས་བཅོས་སྐྱོང་དང་ཞབས་ཞུ་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་ཡོད།

    —— “ཆབ་སྲིད”ལ་བརྟེན་ནས་བཅོས་སྐྱོང་གི་ངེས་ཤུགས་ཆེ་རུ་བཏང་ཞིང་། “བཅའ་ཁྲིམས་བདུན་སྤེལ”དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”སོགས་དང་ཟུང་འབྲེལ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལས་ཁུངས་དང་། ཁེ་ལས། སློབ་གྲྭ ཞིང་འབྲོག་ཁུལ། དགོན་སྡེ་བཅས་སུ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་བསམ་བློའི་ངོས་འཛིན་གཅིག་ཏུ་བསྒྲིལ་ཡོད།

    —— “ཁྲིམས་སྐྱོང”ལ་བརྟེན་ནས་བཅོས་སྐྱོང་གི་ཟིལ་ཤུགས་མངོན་པར་བྱས་ཤིང་། ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོས་སྔོན་འགྲོ་དང་། ཁྲིམས་འཛིན་བྱ་སྤྱོད་ཀྱིས་གཙོ་གནད། ཁྲིམས་འཛིན་དྲང་གཞག་གིས་འགན་སྲུང་། གཞི་རིམ་ཁྲིམས་བཞིན་བཅོས་སྐྱོང་གིས་རྨང་གཞི་བཅས་རྒྱུན་འཁྱོངས་བྱས་ཏེ། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྲིམས་སྐྱོང་གི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

    —— “སྤྱོད་སྐྱོང”ལ་བརྟེན་ནས་བཅོས་སྐྱོང་གི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་བཏང་ཞིང་། དུས་བདེ་འཛུགས་སྐྱོང་སོགས་འཛུགས་གཏོད་བྱེད་སྒོར་ཤུགས་སྣོན་དང་། གྲོང་སྲོལ་དམངས་ཆིངས་དང་དགོན་སྲོལ་གྲྭ་ཆིངས་སོགས་ཚད་ལྡན་བཟོ་བར་ཤུགས་སྣོན་བརྒྱབ་ནས་ཀུན་སྤྱོད་བཟང་པོར་བརྟེན་ནས་ལམ་སྲོལ་ལེགས་སུ་བཏང་བ་མ་ཟད། ཞིང་འབྲོག་མང་ཚོགས་དང་། དགེ་སློབ། གྲྭ་བཙུན་བཅས་ཀྱིས་སྤྱོད་བཟང་དར་སྤེལ་གཏོང་བར་ཁྲིད་སྟོན་བྱས་ཡོད།

    —— “རང་སྐྱོང”ལ་བརྟེན་ནས་བཅོས་སྐྱོང་གི་གསོན་ཤུགས་འཕེལ་བར་བྱས་ཤིང་། ཕུལ་བྱུང་ལས་བྱེད་ལས་བཟོ་བདམས་ནས་གྲོང་ཚོ་དང་གྲོང་མིའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་དང་ཀྲི་པུའི་ཧྲུའུ་ཅིར་བསྐོས་པ་དང་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་15བཅོས་སྒྲིག་བྱས་ཏེ་གྲོང་ཚོ་དང་གྲོང་མིའི་རྩ་འཛུགས་གཞི་རིམ་བཅོས་སྐྱོང་གི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ལ་གྱུར་པར་བྱས་ཡོད། ལྟ་སྐུལ་ཨུ་ལྷན་གྱི་འགན་འཁྲི་དང་འགན་སྒྲུབ་ཀྱི་རྩིས་ཁྲ་ཚད་ལྡན་བཟོས་ནས“གྲོང་དོན་ཀུན་གསལ”གྱི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། འབྲེལ་ཡོད་གསོ་སྦྱོང་ཐེངས་102སྒྲིག་འཛུགས་བྱས་ནས་གཞི་རིམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་སྟོབས་ཤུགས་ཀྱི་འགན་སྒྲུབ་ནུས་པ་དང་གཞི་རིམ་གྱི་རང་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    —— “རིག་སྐྱོང”ལ་བརྟེན་ནས་བཅོས་སྐྱོང་གི་ནུས་པ་ཆེ་རུ་བཏང་ཞིང་། མ་དངུལ་སྒོར་ཁྲི་633.96བཏང་ནས་རྣམ་གླིང་རྫོང་གི་རིག་ལྡན་འགྲིམ་འགྲུལ་ཆ་འཕྲིན་ཚོད་འཛིན་དང་ཁྲིམས་འགལ་དོ་དམ་ལས་སྟེགས་བསྐྲུན་པར་བརྟེན་ཁོངས་གཏོགས་ཁུལ་གྱི་རྒྱུན་གཏན་གྱི་འགྲིམ་འགྲུལ་སྒྲིག་ལམ་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་ཡོད། མ་དངུལ་སྒོར་ཁྲི་2208.45བཏང་ནས“ཀུན་གསལ་འདུ་འགོད”རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་པར་བརྟེན། སྤྱི་ཚོགས་བཅོས་སྐྱོང་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད། “རིག་ལྡན་ཁྲིམས་ཁང”བསྐྲུན་པར་བརྟེན་ལས་སྒོ་ཡོངས་དྲ་ཐོག་ནས་སྒྲུབ་གཉེར་དང་། ལས་རིམ་ཡོངས་ཁྲིམས་ལྟར་ཡོངས་བསྒྲགས། ཕྱོགས་ཡོངས་ཀྱི་རིག་ནུས་ཞབས་ཞུ་བཅས་མངོན་འགྱུར་བྱུང་ཡོད།

    བཅོས་སྐྱོང་གི་ཐབས་ལམ་རྒྱ་སྐྱེད་བཏང་ནས་ཁྲིམས་སྐྱོང་འགན་སྲུང་འཐུས་སྒོ་ཚང་དུ་བཏང་བ།

    2014ལོར་སྐལ་བཟང་དང་བཀྲ་ཤིས་ཕྱག་རྡོར་གཉེན་སྒྲིག་བྱས་ནས་བུ་མོ་ཞིག་སྐྱེས། འོན་ཀྱང་སྒྱུག་མོ་དང་མནའ་མ་འཆམ་པོ་མེད་པས་བཟའ་ཚང་ཁ་འབྲལ་དགོས་བྱུང་ཡོད། ཕྲུ་གུ་གསོ་དབང་སུ་ལ་དབང་མིན་ཐད་རྩོད་པ་ཤོར་བས་ཚེ་དབང་དོན་གྲུབ་འཚོལ་དགོས་བྱུང་བ་རེད།

    ཚེ་དབང་དོན་གྲུབ་ནི་རྣམ་གླིང་རྫོང་འདུམ་འགྲིག་ལྟེ་གནས་ཀྱི་ཁོངས་མི་ཞིག་རེད། ཁོ་གཉིས་ཀྱིས་ཚེ་དབང་དོན་གྲུབ་བཙལ་ནས་གནས་ལུགས་རྒྱུ་མཚན་བཤད་པ་རེད།

    “བཟའ་ཚང་ཁ་བྲལ་རྗེས་ཁྱིམ་ཚང་གཉིས་ཆགས་སྲིད། འོན་ཀྱང་ལུང་པ་གཅིག་ཏུ་འཚོ་བ་སྐྱེལ་དགོས་པས་སླད་ཕྱིན་ཕན་ཚུན་འཆམ་པོ་བྱེད་དགོས། ཐག་རིང་གཉེན་ལས་གྲོང་པའི་དགྲ་དགའ་ཞེས་པ་ལྟར་རེད”ཅེས་ཚེ་དབང་དོན་གྲུབ་ཀྱིས་ཁོ་གཉིས་ལ་ཇ་བླུག་ཞོར་དུ་དེ་ལྟར་སློབ་གསོ་བརྒྱབ་པས་འདུམ་འགྲིག་ལ་མོས་པོ་བྱུང་བའི་ཁོ་གཉིས་ཕར་ལྟ་ཚུར་ལྟ་བྱེད་བཞིན་དགོད་ཤོར། འདུམ་འགྲིག་ཡག་པོ་བྱུང་བར་བརྟེན་ལོ་མང་གི་འགལ་ཟླ་བསལ་ཡོད།

    ན་ནིང་རྣམ་གླིང་རྫོང་གིས“འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ལོ”དང“ཁྲིམས་ཐག་གཅོད་རྒྱུར་ལུས་པའི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་ཐག་གཅོད་ལོ”ལག་བསྟར་བྱས་པར་བརྟེན། འགལ་ཟླ་དང་རྩོད་གཞི་176གྲལ་བཤེར་དང་གྱོད་གཞི་ཁག་134འདུམ་འགྲིག་བྱུང་ཡོད། 2019ལོར་རྣམ་གླིང་རྫོང་ལ་གཞིས་རྩེ་གྲོང་ཁྱེར་གྱི་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང)ལས་དོན་གྱི་བྱ་དགའ་ཨང་གསུམ་པ་དང་། 2020ལོར་གཞིས་རྩེ་གྲོང་ཁྱེར་གྱི་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང)ལས་དོན་གྱི་བྱ་དགའ་རིམ་པ་དང་པོ། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”འཛུགས་གཏོད་བྱེད་སྒོའི་སྔོན་ཐོན་རྫོང་དང་ཆུས་ཀྱི་གཟི་བརྗིད་མཚན་སྙན་བཅས་ཐོབ་ཡོད།

    གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་བརྒྱུད་རིམ་ལ་སྐུལ་འདེད་གཏོང་རིང་རྣམ་གླིང་རྫོང་གིས“འཛུགས་སྐྱོང་ལྔར”བརྟེན་ནས“དུས་བདེའི་རྣམ་གླིང”འཛུགས་སྐྲུན་དམངས་སེམས་ལ་ཟུག་པ་དང་། དམངས་དོན་རྩོད་གཞི་གཞི་རྩའི་ཆ་ནས་གྲོང་ཚོ་ནས་འདུམ་འགྲིག་ཐུབ་པར་བརྟེན། གྲོང་སྲོལ་དང་ཡུལ་སྲོལ་ལེགས་སུ་ཕྱིན་པ་དང་གྲོང་མིར་བདེ་སྐྱིད་བྱུང་ནས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་སྐྱིད་སྣང་99%ཡན་ཟིན་ཡོད།

    མང་ཚོགས་ཀྱི་དགོས་མཁོར་དམིགས་ཏེ་གནད་སྨིན་བཅོས་སྒྲིག་འགན་ལེན་བྱས་པ།

    བཅའ་ཁྲིམས་བློ་འདྲི་བ་དང་། ཁྲིམས་སྐྱོང་གྲོང་ཚོའི་ཀྲུའུ་རེན། ཁྲིམས་སྐྱོང་གསལ་ཤེས་མཁན་བཅས་རྣམ་གླིང་རྫོང་གི་མང་ཚོགས་ཁྲོད་དུ་ཁྱབ་ཡོད། མང་ཚོགས་ཀྱིས“ལས་དོན་སྒྲུབ་སྐབས་བཅའ་ཁྲིམས་མི་ཤེས་པ་དང་། གནད་དོན་ཐོན་སྐབས་བཅའ་ཁྲིམས་མི་སྤྱོད་པ། གནད་དོན་ཐག་གཅོད་བྱེད་སྐབས་བཅའ་ཁྲིམས་མི་སྤྱོད་པ”བཅས་ཀྱི་ད་ཡོད་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། ཉེ་བའི་ལོ་ཤས་རིང་རྣམ་གླིང་རྫོང་གིས་བརྟག་ཞིབ་མཐིལ་རྟོགས་གཏིང་ཟབ་བྱས་པ་མ་ཟད། ཤང་དང་གྲོང་རྡལ་ཁག་གི་འོས་སྦྱོར་དང་མི་སྒེར་གྱི་རེ་འདུན་ཟུང་འབྲེལ་གྱིས་སྲིད་ཁྲིམས་ཁོངས་གཏོགས་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ། “གཉིས་ལྡན་དུད་སྦྲེལ”སྤྱི་མི་བཅས་ཀྱི་ཁྲོད་ནས་བཅའ་ཁྲིམས་བློ་འདྲི་བ་དང་། ཁྲིམས་སྐྱོང་གྲོང་ཚོའི་ཀྲུའུ་རེན། ཁྲིམས་སྐྱོང་གསལ་ཤེས་མཁན་བཅས་ལས་གྲུབ་པའི“ཁྲིམས་གསུམ”དཔུང་ཁག་བཙུགས་པ་རེད།

    གཞི་རིམ་གྱི་རྒྱུན་ཐོན་འགལ་ཟླ་རྩོད་གཞི་དང་གྲོང་མི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་དཀའ་གནད་ལ་དམིགས་ཏེ། རྫོང་དེས“ཁྲིམས་གསུམ”དཔུང་ཁག་ལ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་འགན་མ་ཁུར་གོང་གི་གསོ་སྦྱོང་བྱས་ནས། “ཁྲིམས་གསུམ”དཔུང་ཁག་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་ཚད་ཟབ་ཏུ་བཏང་བ་དང་ཁོ་ཚོས་ཁྲིམས་ལྟར་གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་བཏང་བ་རེད།

    2021ལོར་རྫོང་ཡོངས་ཀྱི“ཁྲིམས་གསུམ”དཔུང་ཁག་གི་ཁོངས་མི་657གྱིས་གཅིག་སྡུད་དྲིལ་བསྒྲགས་དང་དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། དྲིལ་བསྒྲགས་ཐེངས་2140ལྷག་ཙམ་བྱས་པ་དང་སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་ཁྲི་7.2ལྷག་ཙམ་ཟིན་ཡོད་པ་རེད།

    “ཁྱབ་ཁོངས་གང་ཞིག་ཏུ་མངོན་མེད་རྐྱེན་ངན་ཡོད་ཚེ་དེ་བཅོས་སྐྱོང་བྱེད་པ་དང་གནད་དོན་གང་ཞིག་མངོན་གསལ་དོད་པོ་ཡོད་ཚེ་དེ་བཅོས་སྐྱོང་བྱེད་པའི”Xལས་དོན་གྱི་རྩ་དོན་ལ་གཞིགས་ནས་རྣམ་གླིང་རྫོང་གིས“553”ལས་དོན་བྱེད་ཐབས་དེ་རྫོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱས་པར་བརྟེན། མི་སེར་གྱི་བདེ་སྐྱིད་འཚོ་བར་འགན་ལེན་ནུས་ལྡན་བྱུང་བ་དང་ཆབས་ཅིག སྤྱི་ཚོགས་བཅོས་སྐྱོང་གི་མ་གནས་དམའ་རུ་གཏོང་ཐུབ་ཡོད། རྣམ་གླིང་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཚེ་དབང་དོན་གྲུབ་ཀྱིས་གསར་འགོད་པར་ད་ཆ་རྣམ་གླིང་རྫོང་གི་རྒྱ་ཆེའི་མང་ཚོགས་ཁྲོད་གནས་ཚུལ་འཕྲད་སྐབས་བཅའ་ཁྲིམས་ལ་བརྟེན་ནས་ཐག་གཅོད་བྱེད་པ་དང་ལས་དོན་སྒྲུབ་སྐབས་ཁྲིམས་ལྟར་སྒྲུབ་པ་དེ་གོམས་གཤིས་སུ་གྱུར་པ་མ་ཟད། གྲོང་མིས་ཁྲིམས་སྦྱོང་ཁྲིམས་སྤྱོད་ཀྱི་སྤྲོ་སེམས་ཆེ་རུ་ཕྱིན་པ་དང་རང་འགུལ་ངང་གྲོང་གསེབ་དར་རྒྱས་གཏོང་བར་ཞུགས་མཁན་མང་དུ་ཕྱིན་ཏེ། གོ་རིམ་ལྡན་ལ་ནུས་ལྡན་གྱི་སྒོ་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་བདེ་བླག་ངང་ལག་བསྟར་བྱེད་པར་ཕྱར་བ་གྲུ་འདེགས་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།