དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-04-21

    1978ལོ། ①

    ★ ཟླ་2ཚེས་24ཉིན་ནས་ཟླ་3ཚེས་8ཉིན་བར། རྒྱལ་ཡོངས་སྲིད་གྲོས་སྐབས་ལྔ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག》ལ་གྲོས་འཆམ་བྱུང་བ་དང་། ཏེང་ཞའོ་ཕིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཡོད།

    ★ ཟླ་2ཚེས་26ཉིན་ནས་ཟླ་3ཚེས་5ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་ལྔ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་དུས་རབས་20པའི་ནང་དེང་རབས་ཅན་བཞི་མངོན་འགྱུར་གྱི་འབད་འཐབ་དམིགས་ཚད་བསྐྱར་བསྒྲགས་བྱས་པ་དང་། ཡེ་ཅན་དབྱིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལ་བདམས་པ་དང་། ཧྭ་གོ་ཧྥུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་ཡོད།

    ★ ཟླ་3ཚེས་18ཉིན་ནས་ཚེས་31ཉིན་བར། རྒྱལ་ཡོངས་ཀྱི་ཚན་རིག་ཚོགས་ཆེན་འཚོགས་ཤིང་། ཏེང་ཞའོ་ཕིང་གིས་ཚོགས་འདུ་འགོ་ཚུགས་པའི་གསུང་བཤད་གནང་སྐབས་ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཡིན་པའི་ནན་བཤད་གནང་བ་དང་། སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་མཁན་ཀླད་པའི་ངལ་རྩོལ་པ་ནི་ངལ་རྩོལ་མི་དམངས་ཀྱི་ཆ་ཤས་ཤིག་ཡིན་ཞེས་གསུངས་པ་རེད། ཚོགས་འདུའི་ཐོག《1978ལོ་ནས་1985ལོའི་བར་གྱི་རྒྱལ་ཡོངས་ཀྱི་ཚན་རིག་ལག་རྩལ་འཕེལ་རྒྱས་འཆར་འགོད་རྩ་གནད(འཆར་ཟིན)》བཟོས་ཡོད།

    ★ ཟླ་4ཚེས་5ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་སྤྱི་བདེ་པུའུ་ཡི《གཡས་ཕྱོགས་ཤོག་ཁག་གི་ཞྭ་མོ་ཚང་མ་འབུད་རྒྱུའི་སྐོར་གྱི་དགོངས་སྐོར་སྙན་ཞུར》ཆོག་མཆན་སྤྲད་པ།

    ★ ཟླ་9ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་གིས《གཡས་ཕྱོགས་ཤོག་ཁག་གི་ཞྭ་མོ་ཚང་མ་འབུད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་གཏན་འབེབས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞིར》མཆན་བཀོད་བརྒྱུད་སྤྲོད་བྱས་ཡོད།

    ★ ཟླ་5ཚེས་10ཉིན། ཀྲུང་དབྱང་ཏང་གི་སློབ་གྲྭའི་ནང་ཁུལ་དུས་དེབ《རིགས་པའི་གཞུང་ལུགས་ཀྱི་གནས་ཚུལ》ཐོག《ལག་ལེན་ནི་བདེན་དོན་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་ཉག་ཅིག་ཡིན》ཞེས་པའི་རྩོམ་ཡིག་བཀོད་པ་རེད།

    ★ ཟླ10ཚེས22ཉིན་ནས་ཚེས་29ཉིན་བར། ཏེང་ཞའོ་ཕིང་གིས་རི་པིན་ལ་འཚམས་འདྲི་གནང་བ་དང་། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུང་གོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་རི་པིན་ལ་འཚམས་འདྲི་གནང་ཐེངས་དང་པོ་དེ་རེད།

    ★ ཟླ11ཚེས10ཉིན་ནས་ཟླ12ཚེས15ཉིན་བར། ཀྲུང་དབྱང་གི་ལས་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་1979ལོ་ནས་བཟུང་ཏང་ཡོངས་ཀྱི་ལས་ཀའི་གཙོ་གནད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་བསྒྱུར་བ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་པ་རེད། ཁྲེན་ཡུན་གྱིས་ལོ་རྒྱུས་ཐག་གཅོད་བྱེད་རྒྱུར་ལུས་པའི་གནད་དོན་ཐག་གཅོད་བྱེད་དགོས་པའི་བསམ་འཆར་ལ་ཚོགས་ཞུགས་མི་སྣའི་ཁས་ལེན་ཐོབ་ཡོད། ཟླ་11ཚེས་25ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས“གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན”སོགས་གྱོད་ཐག་བཅད་ནོར་ཤོར་བའི་གྲོད་གཞི་དག་སེལ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཟླ་12ཚེས་13ཉིན། ཏེང་ཞའོ་ཕིང་གིས《བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་་མདུན་ཕྱོགས་ལ་ལྟ་དགོས》ཞེས་པའི་གསུང་བཤད་གནང་བ་དེ་དོན་དངོས་ཐོག་དེའི་རྗེས་སུ་འཚོགས་པའི་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བརྗོད་དོན་གཙོ་བོའི་སྙན་སྒྲོན་དང་དུས་སྐབས་གསར་པར་བགྲོད་ལམ་གསར་པ་གཏོད་པའི་བསྒྲགས་གཏམ་ལ་འགྱུར་ཡོད། (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།