དབུ་ཤོག>ཆེད་སྒྲིག
  • དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོར་རྒྱལ་ཁབ་ཀྱི་བདེ་འཇགས་མི་ཚང་མས་མཉམ་དུ་སྲུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-18

    ཟླ་4ཚེས་15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་བདུན་པ་རེད། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་འབྲས་ཚོར་བ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད་རྣམ་པ་བཟང་པོ་ཞིག་གཏོད་དགོས”ཞེས་པའི་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་བདེ་འཇགས་དང་མི་ཚང་མ་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་བཏོད་ཡོད།

    4f04180c-83d9-4602-b7ea-8b8e6b560965.jpg

    འདི་ནི་ལྷ་སའི་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་གོང་དཀར་གནམ་ཐང་གི་T3གནམ་ཐང་འབབ་ཚུགས་ཀྱི་གནམ་གྲུ་སྒུག་སའི་ཚོམས་ཆེན་དུ་ཡུལ་སྐོར་བར་རྒྱལ་ཁབ་བདེ་འཇགས་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།

    4add0edf-ccb3-4e7c-9131-a3eb6bbcc026.jpg

    འདི་ནི་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་འགྲེམས་པང་ཐོག་གི་དྲིལ་བསྒྲགས་ནང་དོན་གསལ་འགྲེལ་བྱེད་བཞིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།