དབུ་ཤོག>ཆེད་སྒྲིག
  • གཡུལ་ས་ཆུང་ངུས་ནུས་པ་ཆེན་པོ་བཏོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-17

    ད་ཕན་ལོ་ཤས་རིང་། བཞད་མཐོང་སྨོན་རྫོང་གིས་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྫོང་ཁོངས་ཀྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)འཛུཌ་སྐྲུན་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཐོག་མི་རིགས་ཁག་གི་མང་ཚོགས་ལ་མཉམ་སྡེབ་ཀྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། སློབ་གསོའི་ཞབས་ཞུ། རིག་གནས་ཞབས་ཞུ། ཚན་རིག་ཁྱབ་གདལ་ཞབས་ཞུ་སོགས་གཞི་གཅིག་ཏུ་བསྡུས་པའི་གཡུལ་ས་གཙོ་བོ་བཏོད་པས་རྒྱ་ཆེའི་མང་ཚོགས་ཀྱིས་སྤུས་ཚད་དེ་བས་མཐོ་བའི་བསམ་པའི་རིག་གནས་འཚོ་བ་ལོངས་སུ་སྤྱོད་པ་དང་དུས་མཚུངས་ཐོབ་སྣང་དང་། སྐྱིད་སྣང་། བློ་ཡིད་ཚིམ་ཚད་བཅས་ཉིན་བཞིན་ཆེ་རུ་ཕྱིན་པ་རེད།

    “དྲ་བ་གཅིག”བཙུགས་ཏེ་རིག་གནས་ཀྱིས་མི་སྐྱོང་བའི་གོ་སྐབས་བསྐྲུན་པ།

    བཞད་མཐོང་སྨོན་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་སྐྱོད་སྐབས་ཚོམས་ཆེན་དབུས་ཀྱི“བསམ་བློ་ཁྱབ་སྤེལ་དང་། ཤེས་དཔལ་ལག་ལེན། ཕུགས་འདུན་འགྲུབ་པ། མང་ཚོགས་གོང་བུར་སྒྲིལ་བ་དང་། མང་ཚོགས་ལ་ཁྲིད་སྟོན། རིག་གནས་ལ་བརྟེན་ནས་མིར་སློབ་གསོ་གཏོང་བ། ལུགས་སྲོལ་ཆགས་པ”བཅས་ཀྱི་ཡིག་འབྲུ་ཆེན་པོ་སྟར་པ་འགའ་ཤས་མངོན་གསལ་ཧ་ཅང་དོད་པ་དེ་ལས་ཀྱང་བཞད་མཐོང་སྨོན་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)འཛུགས་པར་ངེས་པར་དུ་ཁོང་དུ་ཆུད་དགོས་པའི་རྩ་དོན་དང་ངེས་གནས་གསལ་བཤད་བྱས་ཡོད།

    སྨི་ངོས་གྲུ་910ཙམ་གྱི་ཐོག་སོ་གསུམ་ལྡན་གྱི་ཐོག་ཁང་ཆུང་ངུར་ལྟེ་བའི་འགྲེམས་ཁང་དང་། རྩེད་འཇོའི་ཁུལ། སྤྲོ་སྣང་བར་མཐོངས། རིག་ལྡན་དེབ་ཁང་། རིག་གནས་འཆད་ཁང་། སྡུག་དྲན་སྐྱིད་བསམ། གཅིག་ཤེས་ཀུན་གྲོལ་སོགས་རིགས་ཁག་གི་བྱེད་ནུས་ཁང་འདུས་ཡོད་པ་མ་ཟད། ད་དུང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”རིག་གནས་ཀྱི་བར་ཁྱམས་དང་མི་རིགས་མཐུན་སྒྲིལ་གྱི་རིག་གནས་བར་ཁྱམས་ལ་སོགས་ཡོད་པ་རེད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་གཏིང་ཟབ་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པའི་ངོས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སྐྲུན་འགོ་བཙུགས་པ་ནས་བཟུང་བཞད་མཐོང་སྨོན་རྫོང་གི་དོན་ཆེན་ཞིག་ཏུ་གྱུར་ཡོད།

    ལས་དོན་དེར་སྐུལ་འདེད་གཏོང་རིང་བཞད་མཐོང་སྨོན་རྫོང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔོན་ལ་དམ་འཛིན་ཏན་ཏིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྩེ་རིམ་ཇུས་འགོད་ཡག་པོ་བྱས་ནས་འཛུགས་སྐྲུན་ལས་དོན་ལ་སྒྲིག་འཛུགས་ཡོད་པ་དང་། འགོ་ཁྲིད་ཡོད་པ། དམ་འཛིན་བྱེད་མཁན་ཡོད་པ། དོ་དམ་བྱེད་མཁན་ཡོད་པ། སྐུལ་འདེད་གཏོང་ཐུབ་པ། དོན་འཁྱོལ་ཐུབ་པ། ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱེད་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་རྩ་འཛུགས་ཀྱི་སྒྲོམ་གཞི་ཕྱོགས་ཡོངས་ནས་ལེགས་གྲུབ་ཐུབ་པ། ཡུལ་བབ་དང་བསྟུན་ནས་ལས་ཀའི་བསམ་ཕྱོགས་དང་དམིགས་ཚད་ལས་འགན་ཞིབ་ཕྲ་འདོན་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་ལེན་ཇུས་གཞི་བཟོས་པ་རེད།

    ད་ཆ་བཞད་མཐོང་སྨོན་རྫོང་དུ་རྫོང་རིམ་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་1དང་། ཤང(གྲོང་རྡལ)རིམ་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཁང་19 གྲོང་ཚོ་རིམ་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ས་ཚིགས་95བཅས་བསྐྲུན་ཟིན་པ་རེད།

    “བསམ་ཇུས་གཅིག”ལ་སྤྱི་འདོམས་བྱས་ཏེ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།

    བཞད་མཐོང་སྨོན་རྫོང་རིག་རྩལ་ལས་དོན་ཚོགས་པའི་རྒན་ཡོལ་ཞུས་པའི་རྒན་སྤེན་པ་ལགས་ནི་པི་ཝང་རྒྱུད་དྲུག་མ་དང་། པི་ཝང་རྒྱུད་གཉིས་མ། གླིང་བུ། དབྱང་ཆིན་སོགས་ལ་བྱང་ཆུབ་པ་ཞིག་ཡོད་ཅིང་། རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་སྤྲོ་སྣང་བར་མཐོངས་སུ་རོལ་ཆ་སློབ་སྦྱོང་གི་ལས་སྟེགས་བསྐྲུན་པ་ཤེས་རྗེས་ཁོང་གིས་གཟའ་འཁོར་རེའི་རེས་གཟའ་སྤེན་པའི་སྔ་དྲོ་སློབ་ཁྲིད་བྱེད་པར་ཡོང་གི་ཡོད།

    ལྷག་པ་ནི་རྒན་སྤེན་པ་ལགས་ཀྱི་སློབ་མ་ཡིན་ཞིང་། ད་ཆ་ལྷག་པས་གླིང་བུ་གཏོང་ཤེས་པ་མ་ཟད་པི་ཝང་རྒྱུད་གཉིས་མ་སྦྱོང་བཞིན་ཡོད། ཁོང་གིས་དབྱར་ཁ་ཕྱི་ཕྱོགས་སུ་ཡོང་འབབ་གསོག་པར་འགྲོ་བ་དང་དགུན་ཁ་ལོག་ཡོང་ནས་རོལ་ཆ་སྦྱོང་གི་ཡོད། རོལ་ཆ་སྦྱངས་རྗེས་སེམས་ཁམས་སྐྱིད་ལ་ཆང་རག་འཐུང་ཉུང་དུ་དང་ཤོ་སྦག་རྒྱག་ཉུང་དུ་ཕྱིན་པ་མ་ཟད་ཆོས་མཇལ་དུ་འགྲོ་ཚད་ཀྱང་ཉུང་དུ་ཕྱིན་སོང་ཞེས་བཤད།

    ན་ནིང་ཟླ་10པར་བཞད་མཐོང་སྨོན་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)“1+Nཟླ་རེའི་བརྗོད་དོན་གཙོ་བོའི་བྱེད་སྒོ”སྤེལ་འགོ་བཙུགས་ཏེ་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་རིག་གནས་ཡུལ་སྐོར་ཅུས་ཀྱིས་ཟླ་རེར་བརྗོད་དོན་གཙོ་བོ་གཅིག་གསལ་པོ་བཟོས་པ་དང་ཤང་དང་གྲོང་རྡལ(དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་དང་ས་ཚིགས)ཁག་གིས་བརྗོད་དོན་གཙོ་བོའི་བྱེད་སྒོ་མང་པོ་བཟོས་ནས་དུས་ཆེན་གུང་གསེང་ཉིན་མོ་ཁག་དང་ཟུང་འབྲེལ་གང་ལེགས་བྱས་ཏེ་གཞི་རིམ་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། བུད་མེད་དང་བྱིས་པ། ཕྱི་ཕྱོགས་སུ་གླ་པ་རྒྱུག་ནས་ལོག་སླེབས་པའི་མི་སྣ་བཅས་ལ་ཕྱོགས་ཏེ་དཔེ་དེབ་ཀློག་པ་དང་ཚགས་པར་ལྟ་བ་དང་། རིག་རྩལ་འཁྲབ་སྟོན། སྲིད་ཇུས་སྒྲོག་འགྲེལ། སློབ་སྦྱོང་ལག་ལེན། ཁྲིམས་སྐྱོང་དྲིལ་བསྒྲགས། མི་རིགས་མཐུན་སྒྲིག་གསར་གཏོད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་བ་རེད།

    བསམ་བློའི་ཁྲིད་སྟོན་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཙོ་རྐང་དུ་བྱ་རྒྱུར་སྣང་ཆེན་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་བརྟེན་པ་དང་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། གསར་འགྱུར་དྲིལ་བསྒྲགས། སྤྱི་ཚོགས་དྲིལ་བསྒྲགས་སོགས་བྱེད་ཐབས་སྣ་མང་བརྒྱུད་ཏང་གི་ལོ་རྒྱུས་དང་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་སྦྱོང་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། སྐྱེ་ཁམས་ཤེས་དཔལ། མི་རིགས་མཐུན་སྒྲིལ། གོམས་སྲོལ་སྒྱུར་བ་སོགས་དང་ཟུང་འབྲེལ་བྱས་ཤིང་། 2021ལོ་ནས་བཟུང་སྒྲོག་འགྲེལ་སློབ་གསོ་ཐེངས་7590སྤེལ་བར་མི་ཐེངས་ཁྲི་30.16ལ་ཕན་པ་ཐོབ་པ་དང་། ལག་ལེན་བྱེད་སྒོ་ཐེངས་2365སྤེལ་བར་མི་ཐེངས་56670ཞུགས་པ་རེད།

    ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ།

    ན་ནིང་ཟླ་དགུ་པར། ནས་ཀྱི་དྲི་ཞིམ་འཐུལ་ཞིང་ལོ་ལེགས་ཀྱི་དུས་ཚིགས་འཆར། ཁྱིམ་དུ་གནས་ཚུལ་ཐོན་ནས་དུས་ཐོག་ཏུ་ལོ་ཏོག་བརྔ་བསྡུ་བྱེད་ཐུབ་མེད་པའི་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཆབ་ཁ་གྲོང་ཚོའི་ཡུལ་མི་བསམ་གྲུབ་ལ་དེའི་ཐད་སེམས་ཁྲལ་ཆེན་པོ་བྱུང་།

    བསམ་གྲུབ་ཀྱིས་རང་ཉིད་ཀྱི་དཀའ་ངལ་དེ་ཆབ་ཁ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་ལ་ཚོད་ལྟའི་ངང་བརྗོད། བསམ་གྲུབ་དང་འདྲ་བར་ཚེ་རིང་དབང་ལགས་ལའང་གནས་ཚུལ་དེ་འདྲ་འཕྲད་པ་དང་ཆབ་ཁ་གྲོང་ཚོས་གནས་ཚུལ་དེ་དག་ཕྱོགས་སྡོམ་བྱས་ཏེ་བཞད་མཐོང་སྨོན་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ལ་སྙན་སེང་ཞུས་པ་རེད། 2021ལོའི་ཟླ་9ཚེས་15ཉིན། བཞད་མཐོང་སྨོན་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་དང་བླངས་པའི་སྤྱི་ཁྱབ་རུ་ཁག་གིས་རྫོང་ཡོངས་ཀྱི་དང་བླངས་པ་42སྒྲིག་འཛུགས་བྱས་ཏེ་ཆབ་ཁ་གྲོང་རྡལ་ཆབ་ཁ་གྲོང་ཚོར“ཞིང་པར་སྟོན་བསྡུ་བྱེད་རོགས་བྱེད་པར་ང་ཚོ་མཉམ་དུ་སྐྱོད”ཅེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། ཉིན་གང་ལས་ཀ་བྱས་པ་བརྒྱུད་ཚེ་རིང་དབང་ལགས་དང་བསམ་གྲུབ་ཁྱིམ་གྱི་ནས་ཚང་མ་བསྡུས་ཟིན་པ་རེད། མང་ཚོགས་ལ་དྲིལ་བསྒྲགས་དང་། མང་ཚོགས་ལ་སློབ་གསོ། མང་ཚོགས་ལ་སེམས་ཁུར། མང་ཚོགས་ལ་ཞབས་ཞུ་བཅས་ཀྱི“མཐའ་མའི་འགག་གནད”ཏན་ཏིག་བསལ་ཆེད། བཞད་མཐོང་སྨོན་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་དང་བླངས་པའི་ཞབས་ཞུའི་གསལ་ཐོ་ཁག་20ཁ་གསལ་བཟོས་ནས་དང་བླངས་ཞབས་ཞུའི“ཚལ་ཐོ་རྣམ་པ”དང“མངག་ཐོ་རྣམ་པའི”མཁོ་སྤྲོད་དང་དགོས་མཁོ་སྦྲེལ་མཐུད་བྱས་ཏེ། དང་བླངས་ཞབས་ཞུའི་རུ་ཁག་གིས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་དང་བླངས་ཞབས་ཞུའི་བྱེད་སྒོའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ཡོད།

    གོམ་སྟབས་རྗེས་མའི་ལས་དོན་ལ་དམིགས་ནས། བཞད་མཐོང་སྨོན་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཕིང་གིས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)འཛུགས་སྐྲུན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གཞིས་རྩེ་གྲོང་ཁྱེར་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་ནན་པོར་གཞིགས་ནས། ལག་ལེན་བྱེད་སྒོའི་གསར་སྐྲུན་རང་བཞིན་དང་གསར་གཏོད་རང་བཞིན་ལ་དོ་སྣང་བྱས་ཏེ“གསར་པ”དང“ཏན་ཏིག”གི་ཐད་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)དེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱེད་པའི་མང་ཚོགས་ཀྱི་ལས་སྟེགས་དང་། གཞི་རིམ་གྱི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་གཡུལ་ས་བརྟན་པོ། དུས་རབས་ཀྱི་མི་གསར་གསོ་སྐྱོང་དང་དུས་རབས་ཀྱི་སྲོལ་གསར་དར་སྤེལ་གཏོང་བའི་བསམ་པའི་ཁྱིམ་གཞིས་བཅས་སུ་ཧུར་ཐག་སྐྲུན་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།