ལན། 《གྲོས་ཆོད》ནང་བསྟན་དོན། 1945ལོར་ཏང་གི་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་བའི《ལོ་རྒྱུས་ཀྱི་གནད་དོན་འགག་ཞིག་སྐོར་གྱི་གྲོས་ཆོད》ནང་དངོས་ཐོག་བདེན་འཚོལ་གྱིས་ཏང་གི་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་དང་ཉམས་མྱོང་དང་བསླབ་བྱ་གལ་ཆེན་ལ་ཕྱོགས་སྡོམ་དང་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་སྐབས་ཏང་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱས་པ་དེས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། དེའི་གཞི་རྩའི་རྒྱས་བཤད་དང་བསྡོམས་ཚིག་ད་ལྟ་ཡང་སྤྱོད་བཞིན་ཡོད། གྲོས་ཆོད་དེས་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་བ་དོན་དངོས་ལས་ར་འཕྲོད་ཐུབ་ཡོད།
གཅིག དངོས་ཐོག་བདེན་འཚོལ་གྱིས་ཏང་གི་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་དང་ཉམས་མྱོང་དང་བསླབ་བྱ་གལ་ཆེན་ལ་ཕྱོགས་སྡོམ་བྱས་ནས་ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་ལ་བསྡོམས་ཚིག་བརྒྱབ་སྟེ་ཡིན་མིན་གསལ་པོར་ཕྱེ་ཡོད། ཙུན་དབྱི་གྲོས་ཚོགས་རྗེས་སུ་ཏང་གི་ལམ་ཕྱོགས་མར་ཁེ་སི་རིང་ལུགས་ཀྱི་ཡང་དག་བགྲོད་ལམ་དུ་བསྐྱོད་ཡོད། འོན་ཀྱང་དེ་སྔ་ཏང་གི་བྱ་གཞག་ལ་གནོད་འཚེ་ཚབས་ཆེན་བཟོས་པའི་རང་ཤེད་རིང་ལུགས་དང་ལུང་འཛིན་རིང་ལུགས་ལ་བསམ་བློའི་ཐད་ནས་གཙང་བཤེར་ནན་པོ་བྱེད་ཁོམ་བྱུང་མེད། དེས་ན་ཡོངས་ཁྱབ་ཀྱི་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་སློབ་གསོའི་ལས་འགུལ་ཞིག་གཅིག་སྡུད་ཐོག་སྤེལ་ནས་ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱར་ཕྱོགས་སྡོམ་དང་ཉམས་ལེན་གྱིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་། ལྷག་དོན་དུ་ཏང་གི་མཐོ་རིམ་ལས་བྱེད་པའི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཏང་གི་གོང་བུ་སྒྲིལ་ཤུགས་དང་འཐབ་འཛིང་ནུས་པ་ཆེ་རུ་གཏོང་དགོས། 《ལོ་རྒྱུས་ཀྱི་གནད་དོན་འགག་ཞིག་སྐོར་གྱི་གྲོས་ཆོད》ཀྱིས་ཏང་བཙུགས་རྗེས་དང་ལྷག་དོན་དུ་ཏང་གི་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནས་ཙུན་དབྱི་གྲོས་ཚོགས་མ་འཚོག་གོང་གི་དུས་མཚམས་བར་གྱི་ཏང་གི་ལོས་རྒྱུས་དང་དེའི་ཉམས་མྱོང་དང་བསླབ་བྱར་དངོས་ཐོག་བདེན་འཚོལ་གྱིས་ཕྱོགས་སྡོམ་བྱས་ཏེ། སྐབས་རིམ་བྱུང་གི“གཡོན”ལྷུང་དང་གཡས་ལྷུང་གི་ནོར་འཁྲུལ་དང་ལྷག་པར་དུ་ཏང་གི་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནས་ཙུན་དབྱི་གྲོས་ཚོགས་མ་འཚོག་གོང་གི“གཡོན”ལྷུང་ལམ་ཕྱོགས་ཀྱི་ནོར་འཁྲུལ་དེ་ཆབ་སྲིད་དང་། དམག་དོན། རྩ་འཛུགས། བསམ་བློ་བཅས་ནས་མངོན་ཚུལ་དང་གནོད་འཚེ་ཚབས་ཆེན་བཟོས་ལུགས། དེ་བཞིན་སྤྱི་ཚོགས་ཀྱི་འབྱུང་རྩ་དང་བསམ་བློའི་འབྱུང་རྩ་གསལ་པོར་བཏོན་ཡོད། ཀྲུང་གོའི་གསར་བརྗེའི་ལག་ལེན་གྱིས་བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གནང་བའི་རང་རེའི་ཏང་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་མི་དམངས་ཀྱི་འབད་འཐབ་ཁ་ཕྱོགས་ནི་རྦད་དེ་ཡང་དག་ཡིན་པ་ར་འཕྲོད་བྱས་ཏེ། ཏང་གི་མཐོ་རིམ་ལས་བྱེད་པས་ཆབ་སྲིད་ཀྱི་ལམ་ཕྱོགས་ཡང་དག་ཡིན་མིན་དབྱེ་བ་གསལ་པོ་ཕྱེ་ཐུབ་པ་རེད།
གཉིས། ལོ་རྒྱུས་ཀྱི་འགག་རྩའི་དུས་མཚམས་གལ་ཆེན་དུ། ཏང་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱུང་ནས་ཏང་ཡོངས་དང་ལྷག་དོན་དུ་ཏང་གི་མཐོ་རིམ་ལས་བྱེད་པས་ཀྲུང་གོའི་གསར་བརྗེའི་གཞི་རྩའི་གནད་དོན་ལ་ངོས་འཛིན་གཅིག་གྱུར་བྱུང་ཡོད། ཏང་གི་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ནི་རི་འགོག་དམག་འཁྲུག་ལ་མཐའ་མའི་རྒྱལ་ཁ་ལེན་པར་བརྩོན་ལེན་དང་ཏང་གི་ཚོགས་ཆེན་བདུན་པ་འཚོག་གྲབས་ཡོད་པའི་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་དུ་འཚོགས་པ་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད》ནང་། བློ་མཐུན་མའོ་ཙེ་ཏུང་གིས་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་སྤྱད་དེ་ཀྲུང་གོའི་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་ལེགས་སྐྱེས་ཆེན་པོ་ཕུལ་བར་ཚད་མཐོའི་གདེང་འཇོག་བྱས་པས། ཏང་ཡོངས་དང་ལྷག་དོན་དུ་ཏང་གི་མཐོ་རིམ་ལས་བྱེད་པས་ཀྲུང་གོའི་གསར་བརྗེའི་གཞི་རྩའི་གནད་དོན་ཐད་ངོས་འཛིན་གཅིག་གྱུར་བྱུང་ཡོད།
གསུམ། ཏང་ཡོངས་ཀྱི་མཐུན་སྒྲིལ་སྔར་བས་ཟབ་ཏུ་ཕྱིན་ནས། ཏང་གི་ཚོགས་ཆེན་བདུན་པ་རྒྱལ་ཁའི་ངང་འཚོག་པར་ཆ་རྐྱེན་ཡག་པོ་བསྐྲུན་ཡོད། 《ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད》ནང་། ཏང་ཡོངས་སུ་བློ་མཐུན་མའོ་ཙེ་ཏུང་གི་འགོ་ཁྲིད་གནས་བབ་གཏན་འཁེལ་བྱས་པའི་དོན་སྙིང་གལ་ཆེན་ཁས་ལེན་བྱས་པ་དང་། ཏང་གིས་འབད་འཐབ་བྱེད་རིང་རང་ཉིད་ཀྱི་གཙོ་འཛིན་བློ་མཐུན་མའོ་ཙེ་ཏུང་ཐོན་པ་དང་། ཏང་ཡོངས་ཀྱིས་བློ་མཐུན་མའོ་ཙེ་ཏུང་གི་ལམ་ཕྱོགས་ཀྱི་ཡང་དག་རང་བཞིན་ལ་སྔར་བྱུང་མྱོང་མེད་པའི་ངོས་འཛིན་གཅིག་གྱུར་བྱུང་བ། བློ་མཐུན་མའོ་ཙེ་ཏུང་གི་དར་ཆའི་འོག སྔར་བྱུང་མྱོང་མེད་པའི་རང་རྟོགས་སྒོ་ནས་མཐུན་སྒྲིལ་ཐུབ་པ་བཅས་བྱུང་ནས། བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཏང་ཡོངས་མཐུན་སྒྲིལ་བྱུང་སྟེ། ཏང་གི་ཚོགས་ཆེན་བདུན་པ་རྒྱལ་ཁའི་ངང་འཚོག་པར་ཆ་རྐྱེན་ཡག་པོ་བསྐྲུན་ཡོད་པ་བསྟན་ཡོད།
བཞི། ཀྲུང་གོའི་གསར་བརྗེའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ། 《ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད》ནང་། ཏང་གི་ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་འགའ་ཞིག་ཐད་བསྡོམས་ཚིག་ཡང་དག་བརྒྱབ་པས། བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གནང་བའི་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་བསམ་བློ་དེ་བས་ཡོངས་ཁྱབ་དང་དེ་བས་གཏིང་ཟབ་སྒོ་ནས་རྒྱ་ཆེའི་ལས་བྱེད་པ་དང་། ཏང་ཡོན། མི་དམངས་མང་ཚོགས་བཅས་ཀྱིས་ཁོང་དུ་ཆུད་པ་དང་། ཏང་དང་ཀྲུང་གོའི་གསར་བརྗེར་རླབས་ཆེན་གྱི་ཡར་རྒྱས་དང་འགྲན་ཟླ་མེད་པའི་སྟོབས་ཤུགས་བསྣན་ནས། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་པ་དང་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཡོངས་སུ་རྒྱལ་ཁ་ལེན་ཆེད་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་བཏིང་ཡོད་པ་རེད།