དབུ་ཤོག>ཆེད་སྒྲིག
  • མི་སེར་གྱི“སྐྱེ་ཁམས་ཡོང་འབབ”བརྟན་དུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2022-04-07

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་འཁྲུག་ཆ་ཧ་ཅང་དོད་ཅིང་ལོ་གཅིག་དུས་གཅིག་གི་བགོ་འགྲེམས་ཚོགས་ཆེན་འཚོག་བཞིན་ཡོད། “ད་ཐེངས་བགོ་འགྲེམས་དུད་ཚང་རེར་ཆ་སྙོམས་སྒོར་ཁྲི་9.34རག་བྱུང་བས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྤེན་པས་དགོད་འཚེར་འཚེར་ངང་བཤད་པ་དང་དངུལ་རྩིས་རྒྱག་པའི་སྒྲ་དང་མང་ཚོགས་ཀྱི་དགོད་སྒྲས་ཁེངས་ཤིང་། ཉེ་བའི་ལོ་ཤས་རིང་། ཀ་ལ་གྲོང་ཚོས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་ནས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། མང་ཚོགས་ཐོན་ལས་འཛུགས་སྐྲུན་ལ་ཞུགས་རྒྱུར་སྐུལ་སློང་བྱས་པ། ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ཁུལ་དང་། ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག ཤིང་འབྲས་ལྟ་སྐོར་འཐུ་བསྡུའི་གླིང་བཅས་ལ་བརྟེན་ནས་མང་ཚོགས་ལ“སྐྱེ་ཁམས་ལས་ཡོང་འབབ”གསོག་རྒྱུར་སྐུལ་ཁྲིད་བྱས་ཏེ་ཕྱུག་འགྱུར་ལམ་བུར་བསྐྱོད་པ་རེད། 2021ལོར་ཀ་ལ་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་14ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་གྲོང་ཚོ་རིམ་པའི་ཡོང་འབབ་སྒོར་ཁྲི་892ལྷག་ཙམ་བྱུང་བའི་ནང་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་སྤ་སེ་དང་འཛད་སྤྱོད་བྱེད་ཐེངས་གཉིས་པའི་ཡོང་འབབ་སྒོར་ཁྲི་460ལྷག་ཙམ་ཟིན་ཡོད་པ་རེད།

    ཀ་ལ་གྲོང་ཚོའི་ཡུལ་སྐོར་འཕེལ་རྒྱས་ལམ་བུ་དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་ཐོན་ལས་རིམ་སྤོར་བྱེད་པའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ས་བབ་དམའ་བ་དང་། གནམ་གཤིས་ཡག་པ། སྐྱེ་ཁམས་བཟང་བ། ཡུལ་ལྗོངས་མཛེས་པ་བཅས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ཁྱད་ལྡན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བར་མིག་སྔར་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་13ཡོད་པ་རེད། ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་ཚོས་ཡུལ་སྐོར་གསོལ་མགྲོན་ཁང་དང་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་དང་། ཡུལ་སྐོར་རྣམ་གྲངས་སྐྲུན་པ། ཡུལ་སྐོར་ཚོང་ཟོག་ཐོན་སྐྱེད་བྱེད་པ་སོགས་བརྒྱུད་ལས་ཞུགས་གཞན་སྒྱུར་བྱས་པས་གྲོང་གསེབ་ཀྱི་ཡུལ་སྐོར་ལ་འཕེལ་ཕྱོགས་བཟང་པོ་མངོན་པ་དང་ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་དེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཆེས་ཐད་ཀར་དང་ནུས་ལྡན་གྱི་ཐབས་ལམ་ཞིག་ཏུ་གྱུར་པ་རེད།

    “2021ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1006.07ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་48.91%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་83.75བྱུང་བ་དེ་དུས་མཚུངས་ལས་109.8%འཕར་ཡོད། ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་66.02ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་34.32%འཕར་བ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་1.38ཟིན་པ་དེ་དུས་མཚུངས་ལས་51.65%འཕར་ཡོད། རྫོང་6དང་ཆུས་1གི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཆར་འགོད་བཟོས་ཏེ། ལྗོངས་ཡོངས་ཀྱི་སྔོན་དུ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་འཆར་འགོད་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཁྱོན་ཡོངས་ལ་ཁྱབ་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་ཐོན་ལས་གཞུང་དོན་ཁང་གི་འགན་འཁུར་བ་ཁྲེན་ཚན་གྱིས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།