དབུ་ཤོག>ཆེད་སྒྲིག
  • བོད་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་ཆབ་མདོ་གྲོང་ཁྱེར་གྱི་རྫོང་ཁག་ཏུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་63འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-07

    ཉིན་ཤས་གོང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་63འཁོར་བར་དྲན་གསོ་ཞུ་བའི་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུ་ཆབ་མདོར་འཚོགས་པ་དང་། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲེང་ཡུང་དང་། རང་སྐྱོང་ལྗོངས་ཀྱི་གཞི་རིམ་སྒྲོག་འགྲེལ་པ་དང་། རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ། རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་གཉིས་ལྡན་དུད་སྦྲེལ་བཅས་ཡིན་པའི་ཀརྨ་ཚེ་རྒྱལ་གྱིས་ཆེད་དོན་སྒྲོག་འགྲེལ་བྱས་པ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག་ཀྲེང་ཡུང་གིས“བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་63འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་ཏེ་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ངོ་མཚར་ཆེ་བའི་སྒྲོག་འགྲེལ་བྱས་ཤིང་། བོད་རྙིང་པ་ནི་མི་ཡུལ་གྱི་དམྱལ་ཁམས་ལྟ་བུ་ཡིན་པ་དང་། དམངས་གཙོའི་བཅོས་སྒྱུར་བྱས་ནས་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པའི་ལོ་63རིང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་མཛེས་སྡུག་ལྡན་པའི་བོད་ཀྱི་འབྱུང་འགྱུར་གཏོད་པ་སོགས་ཀྱི་ནང་དོན་ལ་དམིགས་ནས་གསོན་ཉམས་དོད་པའི་སྒྲོག་འགྲེལ་བྱས་པ་རེད། སྙན་ཞུའི་བརྗོད་བྱ་ཁ་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་པས། སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུར་ཞུགས་མཁན་ལས་བྱེད་པ་དང་ལས་བཟོ་དང་། དཔུང་སྡེའི་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། དགེ་སློབ་སོགས་ཀྱིས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བཅས་བྱས་ཚེ། བོད་ཀྱི་འབྱུང་འགྱུར་དེ་བས་འོད་སྟོང་འབར་བ་ཞིག་ཡོང་ཐུབ་པའི་ངོས་འཛིན་གསལ་པོ་བྱུང་བ་རེད།

    ཀརྨ་ཚེ་རྒྱལ་གྱིས“བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་63འཁོར་བར་དྲན་གསོ་ཞུ་བའི”བརྗོད་དོན་གཙོ་བོར་དམིགས་ཏེ། དམངས་གཙོའི་བཅོས་སྒྱུར་ནང་ཅི་ཞིག་ལ་བཅོས་སྒྱུར་བྱས་པ་དང་། དམངས་གཙོའི་བཅོས་སྒྱུར་ལས་ཕན་པ་གང་ཞིག་བྱུང་བ། ད་ཆ་ང་ཚོས་གང་ཞིག་བྱེད་དགོས་པ་བཅས་ཕྱོགས་གསུམ་ཐད་ནས་ངོ་མཚར་ཆེ་བའི་སྒྲོག་འགྲེལ་བྱས་ནས། རྒྱ་ཆེའི་མང་ཚོགས་ལ་དམངས་གཙོའི་བཅོས་སྒྱུར་གྱི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ཏེ་བོད་རྙིང་པའི་དཀའ་སྡུག་མི་བརྗེད་པ་དང་། བོད་གསར་པའི་བདེ་སྐྱིད་ལ་གཅེས་འཛིན་བྱེད་པ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས་བསམ་བློའི་ཐད་སྲོག་ཤིང་ལ་གོང་བཀུར་དང་། ཆབ་སྲིད་ཐད་སྲོག་ཤིང་ལ་ཡིད་ཆེས། རྩ་འཛུགས་ཐད་སྲོག་ཤིང་ལ་ལྷག་བསམ་རྣམ་དག བྱ་སྤྱོད་ཐད་སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། ཚོགས་ཞུགས་མི་སྣས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། ཁ་ཕྲལ་ལ་ངོ་རྒོལ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།