དབུ་ཤོག>ཆེད་སྒྲིག
  • ཝང་ཅུན་ཀྲེང་ལྷ་སར་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-04-04

    1887342_yis_1648828800000_s.jpg

    འདི་ནི་ཟླ་3ཚེས་31ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཝང་ཁའེ། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་སོགས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་གྱི་ཤིང་འཛུགས་ནགས་བཟོ་བྱ་ཡུལ་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་། མང་ཚོགས། ལོ་ཆུང་གདོང་ལེན་རུ་མི་བཅས་དང་མཉམ་དུ་འོས་འགན་ཤིང་འཛུགས་ལ་ཞུགས་པ་རེད། འདི་ནི་ཝང་ཅུན་ཀྲེང་གིས་ཚང་མ་དང་མཉམ་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་བཞིན་པ།

    ◆ ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་ཕྱོགས་ཡོངས་དང་གཏིང་ཟབ། རྒྱུན་སྲིང་བཅས་ཀྱི་སྒོ་ནས་སྤེལ་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོ་དགོས།

     ཟླ་3ཚེས་31ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཡིན་པའི་སྐྱེ་ཁམས་སྲུང་སྐྱོང་ལ་དམིགས་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་དང་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། མི་རབས་ནས་མི་རབས་བར་རྒྱུན་མཐུད་སྒྲུབ་པ་དང་། ལས་འགན་འཁུར་ཡུན་རེ་རེ་བཞིན་རྒྱུན་མཐུད་སྒྲུབ་པ། ལོ་རེ་བཞིན་རྒྱུན་མཐུད་སྒྲུབ་པ་བཅས་བྱས་ཏེ་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ཕྱོགས་ཡོངས་དང་གཏིང་ཟབ། རྒྱུན་སྲིང་བཅས་ཀྱི་སྒོ་ནས་སྤེལ་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་རྒྱུན་ཆད་མེད་པར་སྤོ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཝང་ཁའེ། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་སོགས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་གྱི་ཤིང་འཛུགས་ནགས་བཟོ་བྱ་ཡུལ་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་། མང་ཚོགས། ལོ་ཆུང་གདོང་ལེན་རུ་མི་བཅས་དང་མཉམ་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ་རེད།

    ཤིང་འཛུགས་བྱ་ཡུལ་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་། ཝང་ཅུན་ཀྲེང་གིས་ལྕགས་ཁེམ་གྱིས་ས་རྐོ་བ་དང་། ས་མདོང་འདྲུ་བ། ས་ཁོད་སྙོམས་པ། ཆུ་རྒྱག་པ་བཅས་བྱས་ཏེ་སྔ་རྗེས་སུ་ཐང་ཤིང་དང་ཚོས་སེར་སྡོང་པོ་སོགས་ཀྱི་སྡོང་ཕྲུག་བཙུགས་པ་རེད། ངལ་རྩོལ་གྱི་བར་གསེང་དུ་ཝང་ཅུན་ཀྲེང་གིས་ཤིང་འཛུགས་མཁན་ལོ་ཆུང་གདོང་ལེན་རུ་མི་ཧན་པིང་པིང་དང་བློ་བཟང་རྣམ་རྒྱལ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་། ཁོང་གིས་ཁྱེད་ཚོས་སློབ་སྦྱོང་ཡག་པོ་བྱེད་པ་དང་། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིས། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ། ཆུང་དུས་ནས་ངལ་རྩོལ་གྱི་འདུ་ཤེས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འཇགས་པ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣར་འགྱུར་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    དྲོ་སྐྱིད་ལྡན་པའི་དཔྱིད་རླུང་ཁྲོད་གསར་དུ་བཙུགས་པའི་ལྗོན་ཤིང་དག་ཀྲོང་ངེར་གནས་པས་ལྗང་མདོག་གི་རེ་བས་ཁེངས་བཞིན་ཡོད། ཝང་ཅུན་ཀྲེང་གིས་གདོང་དཀར་སྡེ་ཁུལ་གྲོང་ལྷན་གྱི་འགན་འཁུར་བར་ཤིང་རིགས་འདེམས་པ་དང་། ལྗོན་ཤིང་གསོན་ཚད། ངལ་རྩོལ་གྱི་ཡོང་འབབ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཤིང་འཛུགས་ནགས་བཟོ་བྱས་ན་ཁྱིམ་གཞིས་མཛེས་སུ་འགྲོ་ལ་ཡོང་འབབ་ཀྱང་མང་དུ་སོང་བས་འདི་ནི་རྒྱལ་ཁབ་དང་མི་དམངས་ལ་ཕན་པ་དང་ཕ་ཚ་བུ་རྒྱུད་ལ་བདེ་སྐྱིད་བསྐྲུན་པའི་དོན་ཆེན་ཞིག་རེད། མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་འགུལ་ངང་ཧུར་ཐག་ཞུགས་པ་དང་། ལྗོན་ཤིང་མང་ཙམ་འཛུགས་པ། ལྗོན་ཤིང་ཡག་པོ་འཛུགས་པ། གཡོག་བྱེད་ཡག་པོ་བཅས་བྱས་ནས་རི་ཀླུང་ཀུན་སྔོ་ལྗང་ཅན་དུ་གྱུར་པ་དང་། འཚོ་བའི་ཁོར་ཡུག་མཛེས་སུ་འགྲོ་བ། མང་ཚོགས་ཀྱི་འཚོ་བ་ཕྱུག་པོར་འགྱུར་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ཤིང་འཛུགས་བྱེད་སྒོ་སྤེལ་རིང་། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་སྐྱེ་ཁམས་དེ་བོད་ཀྱི“དོན་ཆེན་བཞིའི”ནང་དོན་གལ་ཆེན་ལ་བརྩིས་ཏེ་ང་ཚོར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་ཚུན་ཆད་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ“རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་བརྟན་པོར་བཅངས་ནས། མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ནི་སྐྱེ་ཁམས་བཅས་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་རང་རྟོགས་ངང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་འཆར་འགོད་ནང་བཞག་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་ཤུགས་རྒྱག་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། དུས་དང་རྣམ་པ་ཀུན་ཏུ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ”ཡིད་ལ་བརྟན་པོར་བཅངས་ནས། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། “གཙང་པོ་གཉིས་དང་ཆུ་བོ་བཞིའི”སྔོ་འགྱུར་ནགས་བཟོ་དང་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་སོགས་ཀྱི་འདུ་འགོད་རྒྱུན་མཐུད་སྤེལ་བ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བསྡོམས་འབོར་དང་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། ལྗང་མདོག་དམངས་ཕན་དང་སྐྱེ་ཁམས་མཉམ་སྤྱོད་མཐའ་འཁྱོངས། རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་མཉམ་སྐྲུན་དང་། མཉམ་སྲུང་། མཉམ་སྤྱོད་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཤིང་འཛུགས་ཤིང་སྲུང་དང་རང་བྱུང་ལ་གཅེས་སྐྱོང་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱེད་པ། སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་དམངས་ཞུགས་པ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་བཅས་ཀྱི་སྔོ་འགྱུར་ནགས་བཟོའི་ལམ་སྲོལ་གསར་པ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། མི་ཚང་མ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལག་བསྟར་བྱེད་མཁན་དང་སྐུལ་འདེད་གཏོང་མཁན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།