དབུ་ཤོག>ཆེད་སྒྲིག
  • བྱེ་འགོག་བྱེ་བཅོས་ལས་དོན་ལེགས་པར་བསྒྲུབས། སྔོ་ལྗང་ལྗོན་ཤིང་བརྒྱན་པའི་མངའ་རིས་མཛེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-01

    སེང་གེ་ཁ་འབབ་ཀྱི་འགྱུར་ལྡོག་སྐོར་རྗོད་སྐབས། དེ་གར་ཚེ་གང་འཚོ་སྡོད་བྱས་པའི་རྟ་མགྲིན་ཚེ་དགའ་ཡིས“རྡུལ་རླུང་འཚུབ་ན་ལོ་གང་འཚུབ། དཔྱིད་ནས་དགུན་བར་ཆད་རྒྱུ་མེད། ལོ་གང་ཆར་པ་མི་འབབ་པས། འདྲེ་ཡང་མཆུ་ཏོ་སྐམ་པོར་གྱུར”ཞེས་དགོད་བྲོ་བའི་ཚུལ་གྱིས་བརྗོད།

    “ད་ཆ་གནས་ཚུལ་འདི་རིགས་སྤྱིར་ན་མཐོང་རྒྱུ་མེད། གང་སར་ལྕང་མ་དང་། རྩྭ་རྩི་ཤིང་། མེ་ཏོག་བཅས་ཀྱིས་བརྒྱན་པས། དབྱར་དུས་ཧ་ཅང་མཛེས”ཞེས་རྟ་མགྲིན་ཚེ་དགའ་ཡིས་འཛུམ་དམུལ་དམུལ་ངང་བརྗོད་བྱུང་།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ། “ཁྱོན་ཡོངས་སྔོ་འགྱུར་དང་གཙོ་གནད་མངོན་གསལ་དོད་པའི”རྩ་དོན་ལྟར་བྱེ་འགོག་བྱེ་བཅོས་ལས་དོན་ལ་ཚད་མཐོའི་སྐུལ་འདེད་བཏང་བས། ཐང་རྒོད་ཅན་གྱི་བཅོས་སྐྱོང་ལ་ཕན་འབྲས་དངོས་ཐོན་པ་དང་། ཐང་རྒོད་ཅན་དུ་འགྱུར་ཚུལ་མུ་མཐུད་ཞི་ལྷོད་དུ་སོང་ཞིང་། འགོག་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཡོད།

    “མངའ་རིས་ས་ཁུལ་ནི་ས་བབ་མཐོ་ཞིང་གྲང་ངར་ཆེ་བ་དང་། ལྷག་པར་དུ་ཉིན་མཚན་དབར་གྱི་དྲོད་ཚད་ཧེ་བག་ཆེ་བ་དང་རླངས་པར་འགྱུར་ཚད་ཆེ་བ། ས་ཆ་བྱེ་འགྱུར་ཆེ་བས་གསོ་རླུང་འདུས་ཚད་ཉུང་ཉུང་རེད”“དོན་དངོས་དེར་གཞི་ཚུགས་ཏེ་ང་ཚོས་རྣམ་གྲངས་ལ་བརྟེན་ནས་སྐུལ་ཁྲིད་མཐའ་འཁྱོངས་བྱས་ནས། བྱེ་འགོག་བྱེ་བཅོས་ཀྱི་རྣམ་གྲངས་ཁག་ལག་བསྟར་ཧུར་ཐག་བྱས་པ་དང་རྣམ་གྲངས་ལ་འདེགས་སྐྱོར་དང་སྐས་རིམ་རྗེས་མཐུད་ཀྱི་རྣམ་པར་བརྟེན་ནས་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་སྤེལ་ཡོད”ཅེས་མངའ་རིས་ས་ཁུལ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བརྗོད།

    མངའ་རིས་ས་ཁུལ་གྱིས་གཙོ་གནད་ཁྱབ་ཁོངས་ཀྱི་སྤྱི་ཕན་ནགས་ར་འཛུགས་སྐྲུན་རྣམ་གྲངས་དང་། “གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུག་ཁུལ་གྱི་ནགས་བཟོ་རྣམ་གྲངས། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་བྱེ་འགོག་བྱེ་བཅོས་ལས་གྲྭ་བཅས་ཧུར་ཐག་སྤེལ་ནས་ཁོར་ཡུག་མཛེས་སུ་གཏོང་བ་དང་ཆབས་ཅིག སྡོད་མལ་ཁོར་ཡུག་ཡང་ལེགས་སུ་བཏང་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མངའ་རིས་ས་ཁུལ་གྱིས་སྒར་དང་། རུ་ཐོག དགེ་རྒྱས། སྤུ་ཧྲེང་། སྒེར་རྩེ་བཅས་རྫོང་5ལ་ནགས་གསོ་མུའུ་27155.7བྱས་པ་དང་ས་ཆ་མུའུ་10901ཁོད་སྙོམས་པ་རེད། གཞན་ཡང་། ས་སྡོམ་རྩྭ་གསོ་དང་། བྱེ་རགས། ནགས་གསོ། མི་ཐབས་རྩྭ་འདེབས་བཅས་མུའུ་ཁྲི་58.61བྱས་ཡོད།

    དེ་དང་དུས་མཚུངས་སུ་མངའ་རིས་ས་ཁུལ་གྱིས་བྱེ་འགོག་བྱེ་བཅོས་ལས་དོན་སྤྱི་ཕན་ནགས་ར་འཛུགས་སྐྲུན་དང་། འོས་འགན་ཤིང་འཛུགས། སྒོ་ར་སྔོ་འགྱུར། གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ་སོགས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གྲོང་གསེབ་དར་རྒྱས་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། མཐའ་སྲུང་གནས་སྤོ། སྡོད་མལ་ཁོར་ཡུག་ལེགས་གཏོང་སོགས་ཀྱི་སྲིད་ཇུས་གལ་ཆེན་ལ་བརྟེན་ནས། ནགས་བཟོ་སྔོ་འགྱུར་བྱེད་སྒོ་མུ་མཐུད་སྤེལ་བས། རྒྱལ་ཁབ་ཀྱི་སྔོ་འགྱུར་ས་ཆ་རྒྱ་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། སྡོད་མལ་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་ཞིག་ཆགས་དང་ཆགས་བཞིན་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་མངའ་རིས་ཀྱི་ལོ་རྒྱུས་ཐོག་མ་དངུལ་མང་ཤོས་བཏང་བ་དང་། འཕེལ་རྒྱས་མགྱོགས་ཤོས་ཕྱིན་པ། ཕན་འབྲས་མངོན་གསལ་དོད་ཤོས་བཅས་ཀྱི་དུས་སྐབས་ཤིག་རེད་ཅེས་བརྗོད་ཆོག མངའ་རིས་ས་ཁུལ་གྱི་སྤྱི་ཚོགས་ཡོངས་ཀྱི་རྩི་ཤིང་འདེབས་འཛུགས་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་སོང་ནས། ཐང་རྒོད་ཅན་གཞི་རྩའི་ཆ་ནས་གཏན་འགོག་ཐུབ་པ་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་ཕན་འབྲས་རགས་ཙམ་ཐོན་པ། མཛེས་སྡུག་ལྡན་པའི་གྲོང་གསེབ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་བྱེ་འགོག་བྱེ་བཅོས་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། སྤྱི་ཡོངས་ཀྱི་ལས་དོན་ཁྲོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོའི་ལས་དོན་གྱིས་བཟུང་བའི་གནས་བབ་དང་ནུས་པ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཅེས་མངའ་རིས་ས་ཁུལ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་བྱུང་།

    སླད་ཕྱིན་དུས་སྐབས་ཤིག་རིང་། མངའ་རིས་ས་ཁུལ་གྱི་བྱེ་འགོག་བྱེ་བཅོས་ལས་དོན་ཐད་སྐྱེ་ཁམས་འཛུགས་སྐྲུན་གཙོ་རྐང་དུ་འཛིན་པ་དང་། ཚན་རིག་ལག་རྩལ་འདེགས་སྐྱོར་དུ་བྱེད་པ། ནགས་དབང་སྒྱུར་བཅོས་སྒུལ་ཤུགས་སུ་བྱེད་པ། བཅའ་ཁྲིམས་སྲིད་ཇུས་འགན་སྲུང་དུ་བྱེད་པ། ཐང་རྒོད་ཅན་བཅོས་སྐྱོང་ལ་སྣང་ཆེན་དང་ཞིང་འབྲོག་པ་ཕྱུག་འགྱུར་ཟུང་དུ་འབྲེལ་བ། མི་ཐབས་བཅོས་སྐྱོང་དང་རང་བྱུང་ཁམས་སླར་གསོ་ཟུང་དུ་འབྲེལ་བ། ཆུ་གྲོན་ཆུང་དང་བྱེ་ཐང་གསར་སྤེལ་ཟུང་དུ་འབྲེལ་བ། བཅོས་སྐྱོང་བྱེད་པར་འཚམ་པའི་བྱེ་འགྱུར་ས་ཆ་བཅོས་སྐྱོང་ནུས་ལྡན་ཐུབ་པ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། བྱེ་འགྱུར་ས་ཆ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།