དབུ་ཤོག>ཆེད་སྒྲིག
  • “སློབ་ཚན་བཞི”ཡག་པོ་ཁྲིད་ནས“མི་སྣ་གསོ་སྐྱོང”ཡག་པོ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-01

    དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་འགན་ལེན་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་རྗེས་ཀྱི་གྲོང་ཚོའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་དམ་པོར་དམིགས་ནས་སློབ་གསོ་གསོ་སྦྱོང་དེ་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ “སློབ་ཚན་བཞི”ཡག་པོ་ཁྲིད་ནས “མི་སྣ་རིགས་བཞི”ཡག་པོ་བསྐྱངས་ཏེ། གསར་དུ་བསྐོ་གཞག་བྱས་པའི་གྲོང་ཚོའི་ལས་བྱེད་པས་ཤེས་བྱ་གསར་པ་མགྱོགས་མྱུར་ཁོང་དུ་ཆུད་པ་དང་། གནས་ཚུལ་གསར་པར་རྒྱུས་མངའ་ལོན་པ། ལས་གནས་གསར་པར་སྐྱོད་པ། བྱས་རྗེས་གསར་པ་མངོན་པར་བྱེད་པ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

    “ཏང་གི་ལོ་རྒྱུས་སློབ་གསོའི་སློབ་ཚན”ཡག་པོ་ཁྲིད་ནས“ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན”གསོ་སྐྱོང་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་གཅིག་སྡུད་སློབ་སྦྱོང་བྱེད་པའི“གྲོས་གཞི་དང་པོར”བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དགོངས་དོན་རྟོགས་པ། དོན་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་པ་མ་ཟད། ཆེད་དོན་སློབ་སྦྱོང་སོགས་ཀྱི་རྣམ་པའི་ཐོག་ནས་བརྗོད་དོན་འབུར་དུ་ཐོན་པ་དང་ཁྱད་ཆོས་མངོན་གསལ་དོད་པའི་སློབ་སྦྱོང་གི་བྱེད་སྒོ་སྤེལ་ཏེ། ཏང་ཡོན་ལས་བྱེད་པར་དམིགས་འཛུགས་དེབ་ཡག་པོ་སྦྱོང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཟམ་མི་ཆད་པར་ཡོང་བར་བྱས་པ་རེད།

    “ལས་སྒོ་གསོ་སྦྱོང་གི་སློབ་ཚན”ཡག་པོ་ཁྲིད་ནས“ཕྱུག་འགྱུར་སྣེ་འཁྲིད་པ”གསོ་སྐྱོང་བྱས་ཤིིང་། གནད་དོན་སྟོན་ཕྱོགས་དང་དགོས་མཁོ་སྟོན་ཕྱོགས་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་དང་། དངོས་འཐབ་དང་དངོས་སྒྲུབ་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་བྱེད་རྒྱུ་དང་གཙོ་གནད་ཐོག་ཟུང་འབྲེལ། “ཞིང་གསུམ”ལས་དོན་དང་གྲོང་གསེབ་དར་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དེར་གོ་བ་ལེན་པ། གྲོང་ཚོའི་ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་དམིགས་པ་བཅས་བྱས་ཏེ། རིགས་གཅིག་མཁས་ཅན་གདན་དྲངས་ནས་འཆད་ཁྲིད་དང་འགོ་ཁྲིད་ལས་བྱེད་པས་སློབ་ཁྲིད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། གཞི་རིམ་ཏང་འཛུགས་སྐྱོང་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ཁྲོད་གྲོང་གསེབ་ལས་བྱེད་པར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་བྱེད་རོགས་བྱས་པ་སོགས་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།