དབུ་ཤོག>ཆེད་སྒྲིག
  • མི་དམངས་ལྟེ་བར་འཛིན་པ་ནི་གངས་ལྗོངས་ས་མཐོ་གདེང་ཚོད་ཆེན་པོས་མདུན་སྐྱོད་ཐུབ་པའི་མན་ངག་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲེན་ཧུང་པིང་དང་། ནོར་བུ་ཚེ་རིང་། ཀྲའེ་ཡུང་ཀོན།   |     སྤེལ་དུས།  2022-03-31

    1875405_yis_1648656000000_s.jpg

    དཔྱིད་འགོའི་དུས་སུ་རྩྭ་རྩི་ཤིང་འབུས་ནས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། གསར་འགོད་པ་བོད་རང་སྐྱོང་ལྗོངས་མཚོ་སྨད་རྫོང་འདམ་ཤོད་གྲོང་ཚོར་སྐྱོད་སྐབས། གྲོང་མི་རྡོ་རྗེའི་ཁྱིམ་གྱི་ཉི་གཡབ་ཏུ་མེ་ཏོག་ཁྲ་ཆིལ་ལེར་བཞད་པ་མཐོང་བྱུང་།

    རྡོ་རྗེ་ཇ་བསྲུབས་མ་འཐུང་གིན་ཚ་བོ་དང་རྩེད་མོ་རྩེ་བཞིན་འདུག “ང་ནི་ཞིང་བྲན་གྱི་ཕྲུ་གུ་ཡིན། སྤྱི་ཚོགས་རྙིང་པར་སྐྱེས་ཀྱང་ཀྲུང་གོ་གསར་པར་འཚར་ལོངས་བྱུང་བ་ཡིན་པས། ངའི་ཕ་མའི་མི་རབས་ལས་འཚོ་བ་ལྡབ་ཀྱིས་བདེ་སྐྱིད་ལྡན” “དུས་རབས་གསར་པར་སྐྱེས་པའི་ཕྲུ་གུ་ཚོ་སྐྱེ་དུས་ནས་དཔྱིད་ཀ་ཤར་ཡོད་པས། ང་ཚོ་ལས་ཀྱང་དེ་བས་བདེ་སྐྱིད་ལྡན”ཞེས་རྡོ་རྗེས་བཤད།

    གཏམ་རྒྱུད་འདི་1959ལོ་ནས་ཤོད་དགོས། ལོ་དེའི་ཟླ་3ཚེས་28ཉིན། བོད་མི་དམངས་ཀྱིས་སྡུག་བསྔལ་ཚད་མེད་མྱོང་བའི་ལོ་རྒྱུས་མཇུག་འགྲིལ་སོང་། ཡངས་ཤིང་རྒྱ་ཆེ་བའི་ས་མཐོར་དམངས་གཙོའི་བཅོས་སྒྱུར་བྱས་པས། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་གཞི་ནས་རང་ཉིད་ལ་དབང་བའི་དཔྱིད་ཀ་ཤར། དེ་རྗེས་བོད་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དམངས་གཙོའི་བཅོས་སྒྱུར་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་སོགས་ལོ་རྒྱུས་ཀྱི་འཕེལ་རིམ་རེ་རེ་བརྒྱུད་པ་དང་། དུས་རབས་གསར་པར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་བྱས་པ་དང་། ད་ཆ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དུ་འབད་འབུངས་མདུན་སྐྱོད་བྱེད་བཞིན་ཡོད།

    མི་དམངས་ཀྱི་བཅིངས་འགྲོལ། 

    རང་དབང་དང་ཚེ་སྲོག་གསར་པ་ཐོབ་པ།

    ལོ་82ལ་སླེབས་པའི་ཐུབ་བསྟན་རྒྱལ་མཚན་རྒན་ཡོལ་ཞུས་ནས་གཞིས་རྩེ་གྲོང་ཁྱེར་དུ་ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་སྤྲོ་ཁང་དུ་ལྟོ་གོས་ལ་སེམས་ཁྲལ་མེད་པའི་འཚོ་བ་སྐྱེལ་བཞིན་ཡོད། ཁོང་གིས“ད་ཆ་ནང་མི་6ལ་ཆ་སྙོམས་ཟླ་རེར་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཡོད། འཚོ་བ་སྐྱིད་པོ་འདི་འདྲ་ནི་སྔོན་ཆད་བསམ་ཡང་མི་ཕོད་པ་ཞིག་རེད”ཅེས་བཤད།

    ཐུབ་བསྟན་རྒྱལ་མཚན་གྱིས་ཁོང་ཆུང་དུས་ཀྱི་མུན་ནག་གི་ལོ་ཟླའི་སྐོར་བཤད་པ་སྟེ། 1940ལོར་ཞིང་བྲན་གྱི་ཕྲུ་གུ་ཐུབ་བསྟན་རྒྱལ་མཚན་བོད་ལྗོངས་ལྷོ་ཁར་སྐྱེས། ལོ་9ལ་སླེབས་སྐབས་ཨ་མ་ཚེ་ལས་འདས་ཤིང་། ལོ་12ལ་ཨ་ཕ་ཡང་གྲོངས་པས་ཐུབ་བསྟན་རྒྱལ་མཚན་དྭ་ཕྲུག་ཏུ་གྱུར། ཞིང་བྲན་མི་བྱེད་པའི་ཆེད་མི་ཁྲལ་ཡང་འཇལ་མི་ཐུབ་པའི་ཐུབ་བསྟན་རྒྱལ་མཚན་ལྷ་སར་བྲོས་ནས་ཉིན་མོ་གང་སར་སློང་མོ་རྒྱག་པ་དང་མཚན་མོ་ཁྲོམ་གཞུང་གང་སར་ཉལ།

    བྲན་གཡོག་ལམ་ལུགས་ཧ་ལམ་རྩ་མེད་དུ་ཕྱིན་པའི་དུས་རབས་20པའི་དུས་དཀྱིལ་དུ། འཛམ་གླིང་གི་ཞིང་བྲན་ལམ་ལུགས་ཀྱི་མཁར་རྫོང་ཆེ་ཤོས་དེ་ཀྲུང་གོའི་བོད་ལྗོངས་སུ་ཡོད། སྐབས་དེར། མི་འབོར་བསྡོམས་འབོར་གྱི་5%ཡང་མི་ཟིན་པའི“མངའ་བདག་ཆེན་པོ་གསུམ”(སྡེ་པ་གཞུང་དང་། སྐུ་དྲག དགོན་པའི་མཐོ་རིམ་གྲྭ་བཙུན་བཅས)གྱིས་ཧ་ལམ་བོད་ཀྱི་རྒྱུ་ནོར་ཡོངས་རྫོགས་བདག་གིར་བཟུང་ཡོད། མི་འབོར་བསྡོམས་འབོར་གྱི་95%ཟིན་པའི་ཞིང་བྲན་དང་བྲན་གཡོག་རྣམས་ཀྱིས་དཀའ་སྡུག་ཚད་མེད་མྱངས་ནས་ཤི་ལ་ཁད་དུ་གྱུར་ཡོད།

    ལོ་རྒྱུས་ཀྱི་ཡིག་ཚགས་སུ་1950ལོར་བོད་ལ་མི་འབོར་ཁྲི་100ཙམ་ཡོད་པ་ལས་སྡོད་ཁང་མེད་པ་ཁྲི་90ལྷག་ཙམ་ཡོད། སྐབས་དེ་དུས་ཀྱི་ལྷ་ས་གྲོང་ཁུལ་དུ་མི་ཁྲི་2ལྷག་ཙམ་ལས་མེད་ནའང་ཁྲོམ་གཞུང་དུ་སྡོད་མཁན་དབུལ་པོ་དང་སྤྲང་པོ་1000ལྷག་ཙམ་ཡོད།

    འོན་ཀྱང་བོད་ཀྱི་མཐོ་རིམ་དབང་སྒྱུར་ཚོགས་པའི་མི་ཁ་ཤས་ཀྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནམ་ཡང་སོར་འཇོག་བྱེད་པའི་རེ་ངན་བཅངས་པ་དང་། 1959ལོའི་ཟླ་3པར། ཕྱི་རྒྱལ་གྱི་ལོག་སྤྱོད་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་འོག ཁོ་ཚོས་འཛེམ་བག་ཅི་ཡང་མེད་པར་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་རྩིས་མེད་དུ་བཏང་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བོད་མི་དམངས་ཀྱི་བསམ་འདུན་ལྟར་ངོ་ལོག་ཟིང་འཁྲུག་མགྱོཌ་མྱུར་ཞོད་འཇགས་བཏང་བ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་དམངས་གཙོའི་བཅོས་སྒྱུར་བྱས་པ་རེད།

    དེ་ནས་བཟུང་འཇིག་རྟེན་གསར་པའི་འོད་ཟེར་གྱིས་སྤྱི་ཚོགས་རྙིང་པའི་མུན་ནག་བསལ། ཡར་ལངས་ཞིང་བྲན་ཚོར་ས་ཞིང་དང་ཕྱུགས་རིགས་སོགས་ཐོན་སྐྱེད་རྒྱུ་ཆ་ཐེངས་དང་པོར་དབང་ནས། མི་དམངས་རང་ཁྱིམ་རང་བདག་གི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འོད་ཟེར་གངས་ལྗོངས་ས་མཐོར་འཕྲོས།

    ཐུབ་བསྟན་རྒྱལ་མཚན་ལ་མཚོན་ན། 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཡར་ལངས་བཅིངས་འགྲོལ་ཐོབ་ནས་ཐེངས་དང་པོར་གྱོན་གོས་གསར་པ་གྱོན་པ་མ་ཟད། ད་དུང་ལྷ་སར་སློབ་གྲྭ་འགྲིམས་པའི་སྐལ་བ་ཡང་རག “དབུལ་པོ་རྣམས་དངོས་འབྲེལ་ཡར་ལངས་བྱུང་ནས་རང་ཁྱིམ་རང་བདག་ཐུབ་སོང་། གུང་ཁྲན་ཏང་ངའི་དྲིན་ཆེན་ཡིན”ཞེས་བཤད། 1980ལོར་ཐུབ་བསྟན་རྒྱལ་མཚན་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ལོ་རེའི་རྒྱལ་སྟོན་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་ཐུབ་བསྟན་རྒྱལ་མཚན་གྱིས་རང་ཁྱིམ་གྱི་ཐོག་ཁར་རྒྱལ་དར་གསར་པ་སྒྲེང་གི་ཡོད་པ་རེད།

    དབང་ཆའི་བཅིངས་འགྲོལ།

    དམངས་འཚོ་སྔོན་ལ་བཞག་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བསྐྲུན་པ།

    “ལྷ་མོ”ནི་བོད་ཀྱི་བུ་མོ་ཚོར་རྒྱུན་དུ་སྤྱོད་པའི་མིང་གི་གྲས་ཤིག་རེད། འོན་ཀྱང་བོད་རྙིང་པར་བུད་མེད་རྣམས་ཡིག་རྨོངས་ཡིན་པ་དང“སྐད་ཆ་ཤོད་ཤེས་པའི་ལག་ཆར”བརྩི་བ་མ་ཟད། ལྟོས་གྲོད་པ་རྒྱགས་པ་ཞིག་དང་གོས་ཀྱིས་ལུས་པོ་དྲོས་པ་ཞིག་གྱོན་རྒྱུ་མེད་ལ་ཆ་སྙོམས་ཚེ་ཚད་ཀྱང་ལོ་35.5རེད།

    འོན་ཀྱང་ད་ཆའི“ལྷ་མོ”ཚོ་རང་མོས་ངང་མཐོ་རིམ་སློབ་གསོ་དང་རང་ཉིད་ཀྱི་ལས་རིགས་གདམ་ག་བྱེད་དབང་ཡོད་ལ། འདེམས་བསྐོར་ཞུཌ་པ་དང་འདེམས་བསྐོ་བྱེད་པའི་དབང་ཆའང་ཡོད།

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་དངོས་གྲུབ་དབང་མོ་ནི་དུས་རབས་གསར་པའི“ལྷ་མོ”ཞིག་རེད། 2000ལོ་ནས་བཟུང་ཁོང་གིས་སྡོང་ཕྲུག་འདེབས་པའི་ཚོད་ལྟར་གྲུབ་འབྲས་ཐོབ་རྗེས། གྲོང་ཚོའི་བུད་མེད་ཚོའི་སྣེ་ཁྲིད་དེ་མཉམ་ལས་ཁང་བཙུགས་ནས་མཉམ་དུ་ཕྱུག་པོའི་ལམ་དུ་བསྐྱོད། 2006ལོ་ནས་བཟུང་དངོས་གྲུབ་དབང་མོས“བུད་མེད་ཀྱི་མཚན་མོའི་སློབ་གྲྭའི”གསོ་སྦྱོང་འཛིན་གྲྭ་གཉེར་ནས་བུད་མེད་ཚོར་བཅའ་ཁྲིམས་དང་། རིག་གནས། འཕྲོད་བསྟེན་བདེ་ཐང་བཅས་ཀྱི་ཤེས་བྱ་སློབ་ཀྱི་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། བོད་ཀྱི་བུད་མེད་ཐབས་ཇུས་དང་དོ་དམ་ལ་ཞུཌ་པའི་བསྡུར་ཚད་མཐོ་རུ་ཕྱིན་པ་དང་། བུད་མེད་གཞུང་ལས་པས་གཞུང་ལས་པའི་བསྡོམས་འབོར་གྱི་33.3%བཟུང་བ། བུད་མེད་གུང་ཁྲན་ཏང་ཡོན་1960ལོའི་1120ནས་2018ལོའི་ཁྲི་11བར་མང་དུ་ཕྱིན་པ། མཐོ་རིམ་སློབ་གསོ་དཀྱུས་མ་དང་། ཞིབ་འཇུག་སློབ་མའི་སློབ་གསོ། དར་མའི་མཐོ་རིམ་སློབ་གསོ་བཅས་སུ་སློབ་གྲྭར་ཡོད་མུས་ཀྱི་བུད་མེད་སློབ་མའི་བསྡུར་གྲངས་50%ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    སྤྱི་ཚོཌ་གསར་རྙིང་དུ་བོད་ཀྱི་བུད་མེད་ཚོའི་ལས་དབང་ལ་གནམ་སའི་ཁྱད་པར་བྱུང་ནས་བོད་འཕེལ་རྒྱས་དང་ཡར་ཐོན་གྱི་ལམ་རིས་ཤིག་བྲིས་པ་དེའི་རྒྱབ་ཏུ་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་རིང་བོད་ལ་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་འཕོ་འགྱུར་ཆེན་པོའི་བསྡུས་རིས་ཤིག་རེད།

    བོད་རྙིང་པར་མི་འབོར་གྱི་95%ནི་ཞིང་བྲན་དང་བྲན་གཡོག་ཡིན་པ་དང་དུས་རབས་གསར་པའི་བོད་དུ་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲི་3.5དང་སྲིད་གྲོས་ཀྱི་ཨུ་ཡོན་8000ལས་བརྒལ་བ་ལས་90%ནི་གྲངས་ཉུང་མི་རིགས་ཡིན་པ་རེད།

    བོད་རྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པ་དང་ཡིག་རྨོངས་བ་95%ཟིན་གྱི་ཡོད། དུས་རབས་གསར་པར་བོད་དུ་ལོ་15ཡི་གཞུང་གྲོན་སློབ་གསོ་ལག་ལེན་བསྟར་ནས་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིཌ་བསལ་སློབ་གསོ་བཅས་ཚུད་པའི་དེང་རབས་ཀྱི་སློབ་གསོའི་མ་ལག་བཙུཌ་ཡོད།

    བོད་རྙིང་པར་སྨན་བཅོས་ཀྱི་ཆ་རྐྱེན་རྗེས་ལུས་ཡིན་པ་དང་མི་འབོར་ཡུན་རིང་འཕེལ་མེད། དུས་རབས་གསར་པའི་བོད་ཀྱི་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་གི་ལོ་35.5ནས་ལོ་72.19བར་རིང་དུ་སོང་བ་དང་། མི་འབོར་བསྡོམས་གྲངས་དེ་1959ལོའི་ཁྲི་100ནས་ད་ལྟའི་ཁྲི་364བར་མང་དུ་སོང་ཡོད།

    བོད་རྙིང་པར་གྲོང་ཁྱེར་དང་གྲོང་གསེབ་གང་སར་སྤྲང་པོས་ཁྱབ་ཡོད། དུས་རབས་གསར་པའི་བོད་དུ་རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་བཅས་འགན་བཅོལ་ཆེ་གྲས་ལྔ་གཙོ་བོར་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་ཡོད།

    བོད་རྙིང་པར་གང་སར་དབུལ་ཕོངས་ཀྱིས་ཁེངས་ཡོད་ནའང་། དུས་རབས་གསར་པར་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་བྱས་པ་དང་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱས་ཡོད།

    ཐོན་སྐྱེད་ནུས་ཤུགས་ཀྱི་བཅིངས་འགྲོལ། 

    ལོ་ངོ་70ཡི་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་6015གཏོང་བའི་འཆར་འགོད་བྱས་པ“ལོ་ལྔ་ཚན་བཅུ་གསུམ་པ”ལས་58%འཕར་ནས་དམངས་འཚོ་འགན་ལེན་དང་ལེགས་གཏོང་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གཞི་རིམ་གྱི་སྲིད་དབང་དང་སྤྱི་ཚོགས་དོ་དམ་ནུས་པ་འཛུགས་སྐྱོང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་ལ་གཙོ་གནད་རྒྱབ་སྐྱོར་བྱས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་གི་ཡོད།

    དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་བརྟན་བཅས་ཀྱི་དོན་ཆེན་བཞིར་དམིཌ་ནས་གངས་ལྗོངས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུཌ་ནུས་ཡོད་རྒུ་བཏོན་གནང་བས་ཡིན།

    བོད་ནི་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་དེ་ཡིན་ཞིང་། འཕེལ་རྒྱས་ཀྱི་འགོ་འཛུཌ་ས་དམའ་བ་དང་། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་དཀོན་པ། བཅོས་སྐྱོང་གི་དཀའ་གནད་ཆེ་བ་བཅས་ཀྱི་རྐྱེན་གྱིས། གལ་ཏེ་རང་ཉིད་ཀྱི་སྟོབས་ཤུཌ་ཁོ་ནར་བརྟེན་ན་དུས་རབས་ཀྱི་གོམ་སྟབས་རྗེས་ཟིན་མི་ཐུབ།

    དེར་བརྟེན་ཀྲུང་དབྱང་གི་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་ནི་བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་གཟིགས་སྐྱོང་སྲིད་ཇུས་ལ་ནོར་ཁྲལ་དངུལ་རྩ་དང་། རྨང་གཞིའི་སྒྲིག་བཀོད། ཐོན་ལས་འཕེལ་རྒྱས། སློབ་གསོ་འཕྲོད་བསྟེན། རིག་གནས་སྲུང་སྐྱོང་། སྐྱེ་ཁམས་ཤེས་དཔལ་སོགས་ཁྱབ་ཁོངས་ཚུད་ཡོད་པ་རེད། ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ལ་གཏོང་སྤྲོད་གཞན་སྒྱུར་བྱེད་ཤུགས་ལོ་རེ་བཞིན་ཆེ་རུ་བཏང་ནས། དུས་སྐབས་མི་འདྲ་བར་བོད་ཀྱི་ཕུགས་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི་ལས་གྲྭའི་རྣམ་གྲངས་གལ་ཆེན་འབོར་ཆེན་སྔ་རྗེས་སུ་བཀོད་སྒྲིག་བྱས་ཡོད། བོད་སྐྱོར་ཚན་པ་ཁག་གིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་1994ལོ་ནས་2020ལོ་བར་ཁྱོན་རོགས་སྐྱོར་འཛུགས་སྐྲུན་རྣམ་གྲངས་ཁག་6330ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་527བཏང་ཡོད།

    ད་ཆའི་བོད་ལྗོངས་མི་དམངས་དེ་སྔའི་དུས་ཚོད་གང་རུང་ལས་གདེང་ཚོད་ཀྱིས་ཁེངས་ཤིང་། སྡོད་ཁང་གསར་པ་སྟར་པ་རེ་རེའི་ཐོག་ཁའི་དམར་མདངས་བཀྲ་བའི་རྒྱལ་དར་ལས“ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ”ནི་ས་མཐོའི་མི་དམངས་ཀྱི་དད་སེམས་བརྟན་པོ་ཞིག་ཏུ་གྱུར་པ་ར་སྤྲོད་བྱས་ཡོད། དུས་རབས་གསར་པར་སླེབས་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་སྤྱི་ཚོགས་སྤྱི་ཡོངས་སྔར་བས་བརྟན་ལྷིང་དང་། དཔལ་འབྱོར་དང་རིག་གནས་སྔར་བས་དར་རྒྱས། སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་པ། མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་བཅས་བྱུང་ནས། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་28ཉིན་འབྱོར་བའི་གློག་འཕྲིན) 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།