དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་འགྲེམས་ཁང་སྒོ་ཕྱེ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-03-29

     བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་63འཁོར་བར་དྲན་གསོ་གཟབ་རྒྱས་ཞུ་ཆེད། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བས་ཞིབ་ཚགས་ངང་བཟོས་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་འགྲེམས་ཁང་ཟླ་3ཚེས་24ཉིན་ནས་སྒོ་ཕྱེ་བ་རེད།

    བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་འགྲེམས་ཁང་ལ་ཁྱོན་ཆ་ཤས་7ཡོད་པ་དེ་དག་ནི་འགོ་ཚུགས་ཚོམས་ཆེན་དང་། བོད་འདི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་གི་བོད་རྙིང་པ། དམངས་གཙོའི་བཅོས་སྒྱུར། བོད་གསར་འཛུགས་སྐྲུན། གོམ་ཞེང་ཆེན་པོས་དུས་རབས་གསར་པར་སྐྱོད་པ། མཇུག་འགྲིལ་ཚོམས་ཆེན་བཅས་རེད། དྲ་ཐོག་འགྲེམས་ཁང་གིས“ཡི་གེ+པར་རིས+བརྙན་ལམ”གྱི་རྣམ་པ་སྤྱད་དེ་ཕྱོགས་ཡོངས་དང་། ཟུར་ཚད་མང་བ། ཕྱོགས་བསྡུས་བཅས་ཀྱི་སྒོ་ནས་འགྲེམས་ཁང་གི་ནང་དོན་ཁག་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད། དཀའ་སྡུག་ནས་འོད་སྟོང་འབར་བའི་བར་དང་། སེམས་ནད་ལྕི་པོ་ནས་དཔའ་ངར་ཆེར་སྐྱེད་བར་དྲ་ཐོག་འགྲེམས་ཁང་དེས་བོད་རྙིང་པའི་མུན་ནག་རྗེས་ལུས་ཀྱི་རྣམ་པ་སླར་ཡང་མངོན་པ་མ་ཟད། ཏང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་འགོ་ཁྲིད་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་གཏོར་བ་དང་གནམ་ས་བརྗེས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བསྐྲུན་པའི་བརྗིད་ཆེའི་རི་མོ་དང་དེ་བཞིན་ཀྲུང་དབྱང་གིས་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱིས་རྒྱབ་སྐྱོར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་བཅས་ཀྱི་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་གསོན་ཉམས་དོད་པོས་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།