དབུ་ཤོག>ཆེད་སྒྲིག
  • ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་རང་ལྗོངས་ལ་ཡིག་འབུལ་ཞུ་བཅར་གྱི་གནད་དོན་རྩིས་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-29

    ཟླ་3ཚེས་26ཉིན་གྱི་ཆུ་ཚོད་9ནས་ཆུ་ཚོད་21བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པར་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་བཏོན་པའི་གནད་དོན་སྐོར་གྱི་འཕྲིན་ཡིག་དང་ཁ་པར་གྱི་ཐེར་འདོན་ཁག་10འབྱོར་བ་དང་དེ་དག་ཚང་མ་རང་ལྗོངས་ལ་རྩིས་སྤྲད་པ་དང་། དེ་གྲོང་ཁྱེར་3དང་འབྲེལ་བ་ཡོད་པ་དང་དེ་དག་ལྷ་ས་གྲོང་ཁྱེར་ལ་གནད་དོན་7དང་། ལྷོ་ཁ་གྲོང་ཁྱེར་ལ་གནད་དོན་2 གཞིས་རྩེ་གྲོང་ཁྱེར་ལ་གནད་དོན་1བཅས་ཡོད། ཁྱོན་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་15བཏོན་པའི་ཁྲོད། རླུང་ཁམས་ཆེ་མོའི་སྦགས་བཙོག་གནད་དོན་5དང་། སྐྱེ་ཁམས་གཏོར་སྐྱོན་གྱི་གནད་དོན་4 ས་རྒྱུ་སྦགས་བཙོག་གི་གནད་དོན་3 ཆུའི་སྦགས་བཙོག་གི་གནད་དོན་2 འཛེར་སྒྲའི་སྦགས་བཙོག་གི་གནད་དོན་1བཅས་ཚུད་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།