དབུ་ཤོག>ཆེད་སྒྲིག
  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-03-23

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གཞི་ཚུགས་པ་དང་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་དམིགས་ནས་བཏོན་པའི་འཐབ་ཇུས་ཀྱི་བཀོད་ཇུས་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོའི་ཐད་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པས། ཆབ་སྲིད་ཀྱི་གྲུབ་འབྲས་དང་། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས། ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་གལ་ཆེན་ཐོབ་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཕྱོགས་ཡོངས་དང་གཏིང་ཟབ་པའི་ཆབ་སྲིད་ཀྱི་སློབ་གསོ་དང་། བསམ་བློའི་ཞུན་བརྡར། སྙིང་སྟོབས་ཀྱི་ཞུན་བརྡར་བཅས་ཐེངས་ཤིག་ཐོབ་པར་བརྟེན་ཏང་ཡོངས་ཀྱི་ལོ་རྒྱུས་ཀྱི་རང་རྟོགས་དང་ལོ་རྒྱུས་ཀྱི་གདེང་ཚོད་ཧ་ཅང་ཆེ་རུ་ཕྱིན་པ་དང་། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཧ་ཅང་ཆེ་རུ་ཕྱིན་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དགོངས་པ་གསལ་རྟོགས། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་དམིགས་ཡུལ་འགྲུབ་ཡོད། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་སྔར་བས་སྐུལ་འདེད་གཏོང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཡག་པོ་སྤྱད་དེ་བློ་གྲོས་འཕེལ་བ་དང་། མཐུན་སྒྲིལ་ཟབ་ཏུ་གཏོང་བ། ཡིད་ཆེས་ཆེ་རུ་གཏོང་བ། འབད་འཐབ་བྱེད་སེམས་ཆེ་རུ་གཏོང་བ་བཅས་བྱེད་པ། དེ་བས་རང་རྟོགས་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། རྒྱུགས་འབུལ་ལམ་བུ་གསར་པར་གྲུབ་འབྲས་བཟང་པོ་ཐོབ་པ་བཅས་བྱ་ཆེད། ད་ལྟ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བར་གཤམ་གསལ་གྱི་བསམ་འཆར་འདོན་རྒྱུ་ཡིན།

    གཅིག ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་རྒྱུར་དམིགས་ནས་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་ལོ་རྒྱུས་དེ་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དང་རྒྱུན་དུ་སྦྱོང་དགོས་པའི་སློབ་ཚན་དུ་བརྩི་དགོས་ཤིང་། ཏང་གི་ལོ་རྒྱུས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། དེའི་ཁྲོད་ནས་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་རིན་ཐང་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་རྩ་བའི་དམིགས་ཡུལ་དང་། གཞི་རྩའི་བླང་བྱ། ཚན་རིག་དང་མཐུན་པའི་རྣམ་འགྱུར་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཏང་གི་ལོ་རྒྱུས་སྤྱོད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏོང་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གཙོ་གནད་དུ་བྱས་ནས་ཏང་གི་ལོ་རྒྱུས་ཕྱོགས་སྡོམ་དང་། སློབ་སྦྱོང་། སློབ་གསོ། དྲིལ་བསྒྲགས་བཅས་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་སྔར་བས་ཐུབ་པ་བྱེད་དགོས།

    གཉིས། རིགས་པའི་གཞུང་ལུགས་ཀྱི་རང་རྟོགས་ཟབ་ཏུ་གཏོང་བར་དམིགས་ཏེ་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་དགོས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་དགོངས་པ་གསལ་རྟོགས་ཀྱི་གཞི་རྩའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ལོ་ངོ་བརྒྱའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནས་བསམ་བློའི་སྟོབས་ཤུགས་རླབས་པོ་ཆེ་མྱོང་ཚོར་ཟབ་མོ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན་མཐར་གཏུགས་ནས་བརྗོད་ན་མར་ཁེ་སི་རིང་ལུགས་ཡང་དག་དོན་ལ་ཐུག་པ་དང་། མར་ཁེ་སི་རིང་ལུགས་ཡང་དག་དོན་ནི་ཏང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་སྦྲགས། ལག་ལེན་ལ་མཛུབ་ཁྲིད་བྱས་པར་ཡང་ཐུག་པར་ངོས་འཛིན་གང་ལེགས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར། དགོངས་པ་གལ་ཆེན་འདིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་གཞི་རྩའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཡོད། དེ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་དང་། དེ་བཞིན་ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན་པས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་མཆོང་སྐྱོད་གསར་པ་བྱུང་བར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དགོངས་པ་གལ་ཆེན་འདིས་ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ཚན་རིག་དང་མཐུན་པའི་ལན་བཏབ་པར་ངོས་འཛིན་གཏིང་ཟབ་བྱེད་པ། དགོངས་པ་གལ་ཆེན་འདིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་གཅིག་འདོམས་ཀྱི་ནུས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་ལམ་བུར་ཡག་པོ་སྐྱོད་པའི་སྣེ་ཁྲིད་ཀྱི་ནུས་པ། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་བྱེད་པའི་ཁྲིད་སྟོན་གྱི་ནུས་པ་བཅས་ལྡན་པར་མྱོང་ཚོར་ཟབ་མོ་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས།

    གསུམ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བར་དམིགས་ནས་རྒྱུན་སྲིང་ལྷོད་མེད་ངང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ལེན་པ་དང“སྲུང་སྐྱོང་གཉིས”ཐུབ་པའི་ཚད་མཐོའི་རང་རྟོགས་ཆེ་རུ་གཏོང་དགོས་ཤིང་། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བའི་བརྒྱུད་རིམ་ལ་བརྩིས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་ནི་རང་རེའི་ཏང་འདི་ཉིད་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཡིན་པའི་རྩ་བའི་བླང་བྱ་ཡིན་པ་དང་ཏང་གི་མཐུན་སྒྲིལ་གཅིག་གྱུར་འགན་ལེན་བྱ་རྒྱུ་ནི་ཏང་གི་སྲོག་རྩ་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་དོན་གཙོ་བོ་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བར་ངོས་འཛིན་གཏིང་ཟབ་བྱེད་པར་ཁྲིད་སྟོན་བྱེད་དགོས།

    བཞི། དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བར་དམིགས་ཏེ་རྒྱུན་སྲིང་ལྷོད་མེད་ངང་མང་ཚོགས་ལ་བྱ་བ་དངོས་དང་བྱ་བཟང་སྒྲུབ་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་ཡག་པོ་བསྟར་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས་མང་ཚོགས་ཀྱི་སེམས་ཁྲལ་བྱེད་ས་དང་། སེམས་ནད་ཆེ་ས། སུན་སྣང་བྱེད་ས་བཅས་སེམས་ནུས་ཡོད་རྒུས་ཐག་གཅོད་བྱས་ཏེ་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་གཏོང་དགོས། དམངས་འཚོའི་རྣམ་གྲངས་ཀྱི་གསལ་ཐོ་དོན་འཁྱོལ་བྱེད་པ་དང་སྲིད་ཇུས་དང་བྱེད་ཐབས་དངོས་སུ་ལག་ལེན་བསྟར་བའི་རྨང་གཞིའི་ཐོག་ལས་དོན་གྱི་བརྒྱུད་རིམ་ཚད་ལྡན་ཅན་དང་། གསར་གཏོད་བྱེད་སྟངས་ལམ་ལུགས་ཅན། ཕུན་སུམ་ཚོགས་པའི་ཉམས་མྱོང་ལམ་སྲོལ་ཅན་བཅས་ལ་སྐུལ་འདེད་བཏང་ནས་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

    ལྔ། དཔའ་ངར་ཆེར་སྐྱེད་ལ་དམིགས་ཏེ་རྒྱུན་སྲིང་ལྷོད་མེད་ངང་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་དགོས་ཤིང་། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཞིག་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་སྐྱེད་སྲིང་བྱེད་པའི་ནང་དོན་གལ་ཆེན་ཞིག སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་དང་ལས་བྱེད་པའི་སློབ་སྦྱོང་དང་སློབ་གསོའི་རྒྱུན་གཏན་གྱི་འཚོ་བའི་ནང་མཉམ་འདྲེས་བྱེད་པ་དང་། ལས་སྒྲུབ་ལས་གཏོད་ཀྱི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ནས་མངོན་པ། མི་དོན་སེམས་གསུམ་ནས་མངོན་པ་བཅས་བྱེད་དགོས། གསར་བརྗེའི་སྲོལ་རྒྱུན་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་གི་བསམ་པའི་ཁྱིམ་གཞིས་དེ་ཡག་པོ་སྤྱོད་པ། གསར་བརྗེའི་གནའ་ཤུལ་དང་། དྲན་གསོ་ཁང་། རྟེན་རྫས་བཤམས་མཛོད་ཁང་སོགས་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ། གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་དུས་རབས་ཀྱི་མིག་དཔེའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ། དུས་ཆེན་གལ་ཆེན་དང་དྲན་གསོའི་ཉིན་མོ་གོ་སྐབས་སུ་བྱས་ནས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར། ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུད་རབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། གསར་བརྗེའི་ཁྲག་རྒྱུན་རྗེས་མཐུད་བཅས་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས།

    དྲུག ཐོག་མའི་བསམ་འདུན་དང་འགན་འཁྲི་ནམ་ཡང་མི་ཉམས་པར་དམིགས་ཏེ་རྒྱུན་སྲིང་ལྷོད་མེད་ངང་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས་ཤིང་། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་ཐོག་མའི་བསམ་འདུན་དང་འགན་འཁྲིར་རྒྱུན་ཆད་མེད་པར་ཞུན་བརྡར་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་དང་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་ཞིག་ལ་བརྩིས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་འདི་ཉིད་སྲིད་ཏང་གཞན་དག་ལས་ཁྱད་དུ་འཕགས་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་རང་རེའི་ཏང་གིས་ལོ་རྒྱུས་ཀྱི་དུས་འཁོར་ལས་ཇི་ལྟར་སྒྲོལ་བར་བཏབ་པའི་དུས་རབས་ཀྱི་དྲིས་ལན་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པར་ཁྲིད་སྟོན་བྱེད་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་འདོམས་བྱས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ལམ་ལུགས་འཛུགས་སྐྱོང་དེའི་ནང་ཁྱབ་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྦྱོང་རྣམ་པའི་སྲིད་ཏང་འཛུགས་སྐྱོང་བྱེད་པའི་ཡུན་རིང་གི་ལས་འགན་གལ་ཆེན་ཞིག་རེད། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་དང་མིག་དཔེ་བཏོན་ཏེ་ཏང་ལ་བཅངས་པའི་བརྩེ་དུང་ཟབ་མོའི་ཐོག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་བྱ་གཞག་གཏོད་པའི་འགན་སེམས་ཆེན་པོར་བརྟེན་ནས་ཏང་གི་ལོ་རྒྱུས་སྤྱད་དེ་རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དང་ཏང་ཡོངས་ཀྱིས་མཉམ་དུ་སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། ལས་རིགས་མི་འདྲ་བ་དང་། ཁྱབ་ཁོངས་མི་འདྲ་བ། ཚོགས་སྤྱི་མི་འདྲ་བས་ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱེད་པའི་བྱ་ཐབས་དང་ཐབས་ལམ་འཚམ་པོ་ཞིག་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གཅིག་ནས་གནད་སྨིན་ནུས་ལྡན་གྱིས་ཡོངས་ལ་ཁྱབ་པ་དང་། གཉིས་ནས་གསོན་ཉམས་དོད་པོས་སྤེལ་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་གི་ལོ་རྒྱུས་ཤེས་པ། ཏང་གི་ལོ་རྒྱུས་སྤྱོད་པ་བཅས་སྤྱི་ཚོགས་ཡོངས་ཀྱི་སྲོལ་བཟང་ཞིག་ཏུ་འགྱུར་བ་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་དོན་གཙོ་བོ་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་དང་། བྱེད་ཐབས། ཕན་འབྲས་བཅས་སུ་སྒྱུར་བ་བྱས་ཏེ་ཡིད་ཆེས་བརྟན་པོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མདུན་སྐྱོད་བྱེད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།