དབུ་ཤོག>ཆེད་སྒྲིག
  • མཐའ་མཚམས་གྲོང་ཁྱེར་གྱི་བདེ་ཐང་རྨང་གཞི་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-22

    2021ལོའི་ཟླ་12ཚེས་30ཉིན། གཞིས་རྩེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཉའ་ནང་རྫོང་མི་དམངས་སྨན་ཁང་དེ“ཁ་པ་རིམ་པ་གཉིས་པའི”ཕྱོགས་བསྡུས་སྨན་ཁང་དུ་དངོས་སུ་གཏན་འཁེལ་བྱས་པ་རེད། གནས་ཚུལ་དེ་ཐོས་རྗེས་གཉའ་ནང་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོ་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ལྷག་པར་དུ་གཉའ་ནང་རྫོང་མི་དམངས་སྨན་ཁང་གི་ལས་བཟོ་ཡོངས་དང་བོད་སྐྱོར་སྨན་དོན་མི་སྣ་ཚོ་དེ་བས་ངར་སེམས་རབ་ཏུ་འཕེལ་ཡོད།

    སྨན་བཅོས་བོད་སྐྱོར་གྱིས་བདེ་ཐང་སྲུང་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་པ། 

    མིག་ཡུད་ཙམ་ཞིག་ལ་ཧྲན་ཏུང་ཞིང་ཆེན་གཡན་ཐའེ་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་ལྔ་པའི་མི་5གཉའ་ནང་རྫོང་དུ་ཡོང་ནས་ལོ་གཅིག་སོང་ཡོད་པ་རེད། བོད་དུ་སླེབས་མ་ཐག་ཁོང་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་གཉའ་ནང་རྫོང་མི་དམངས་སྨན་ཁང་གི་ལས་དོན་ཁག་ནང་ཞུགས་ནས་གནོང་འགྱོད་མེད་པར་ལས་དོན་ཧུར་ཐག་བསྒྲུབས་པ་སྟེ།

    —— 2021ལོའི་ཟླ་3ཚེས་24ཉིན་ས་བབ་མཐོ་ཚད་སྨི་4700ཟིན་པའི་སྤོ་རོང་ཤང་སློབ་ཆུང་དུ་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་པ་མ་ཟད། ད་དུང་དགེ་སློབ་ཡོངས་ལ་སྙིང་དང་གློ་བ་སླར་གསོ་བྱེད་སྟངས་གསོ་སྦྱོང་བྱས་པ་དང་།

    —— 2021ལོའི་ཟླ་4ཚེས་20ཉིན་ཡར་སླེབས་ཤང་སྔོ་རྭ་གྲོང་ཚོར་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་པ་དང་འབྲེལ་ས་གནས་དེ་གའི་སྦྲུམ་མར་སྨན་རིན་མི་དགོས་པར་བརྟག་དཔྱད་བྱས་པ།

    —— དུས་བཀག་ལྟར་གཉའ་ནང་རྫོང་གི་སློབ་ཆུང་ཁག་དང་དེ་བཞིན་བུ་བཅོལ་ཁང་དུ་བསྐྱོད་དེ་ལྷན་སྐྱེས་སྙིང་ནད་དང་། ལྷན་སྐྱེས་དཔྱི་ཚིགས་ཡ་མ་གཟུགས། མཁལ་མའི་རྡོ་སྐྲན་སོགས་ཀྱི་ནད་གཞི་ཕོག་པའི་ནད་པར་བརྟག་དཔྱད་བྱས་ནས་དཔྱད་དཔོག་ནན་ཏན་བྱས་པ་བརྒྱུད་ནད་པ་དེ་དག་ལྗོངས་ཕྱིར་སྨན་བཅོས་བྱེད་པར་བསྐྱལ་ཡོད།

    སྒྱུར་བཅོས་ཟབ་སྤེལ་གྱིས་སྨན་བཅོས་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

    སྨན་ཁང་གི་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་ཆེད། གཉའ་ནང་རྫོང་མི་དམངས་སྨན་ཁང་གིས་མི་དོན་ལམ་ལུགས་དང་གླ་ཕོགས་ལམ་ལུགས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ་མི་དོན་ལམ་ལུགས་སྒྱུར་བཅོས་ཐད་སྨན་ཁང་དང་ཁོའོ་རིམ་པ་གཉིས་ཀྱི་གདན་ཞུའི་ལམ་ལུགས་ལག་ལེན་བསྟར་ནས་གདན་ཞུའི་ཁྲོད་གདམ་ག་ཁག་གཉིས་ཡོད་པ་བྱས་ཏེ་གོ་གནས་སྤོར་གཅོག་གཉིས་ཀ་དང་ལེན་ཐུབ་པ་དང་ཐོབ་ཐང་མཐོ་དམའ་གཉིས་ཀ་དང་ལེན་ཐུབ་པར་བྱས་ཡོད། གླ་ཕོགས་ལམ་ལུགས་སྒྱུར་བཅོས་ཐད་གྲུབ་འབྲས་དངོས་ལ་སྣང་ཆེན་དང་ལེགས་སྐྱེས་ལ་སྣང་ཆེན་བྱེད་པའི་རྩ་དོན་གཞིར་བཟུང་། ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོའི་ལས་མི་དང་དཀའ་ཚེགས་ཆེ་བའི་ལས་གནས་ལ་གཟིགས་སྐྱོང་བྱས་ནས་ལས་ཀ་མང་བར་ཐོབ་ཆ་མང་བ་སྤྲད་དེ་ཕུལ་བྱུང་ལ་བྱ་དགའ་སྤྲོད་པ་དང་ཞན་པར་ཆད་པ་གཅོད་པ་དང་ཧུར་བརྩོན་ཅན་ལ་བྱ་དགའ་སྤྲོད་པ་དང་སྒྱིད་ལུག་ཅན་ལ་ཆད་པ་གཅོད་པའི་བགོ་བཤའི་ལྕག་སྐུལ་ལམ་སྲོལ་ཞིག་ཆགས་པར་བྱས་ཡོད། སྒྱུར་བཅོས་བརྒྱུད་སྨན་ཁང་གི་ལས་ཀའི་སྤྱོད་ཚུལ་ལེགས་སུ་ཕྱིན་པ་དང་། ལས་བཟོའི་ཧུར་སེམས་སྐུལ་སློང་ཐུབ་པ། ལས་བཟོའི་ལས་སྒོའི་ནུས་པ་ཆེ་རུ་གཏོང་བའི་རང་འགུལ་རང་བཞིན་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད།

    ནད་པར་བློས་འགེལ་ཆོག་པའི་སྨན་བཅོས་འགན་ལེན་ཐུབ་ཆེད། གཉའ་ནང་རྫོང་མི་དམངས་སྨན་ཁང་གིས“རྨང་གསུམ་ནན་གསུམ”གཙོ་གནད་དུ་བྱས་ནས་རིམ་པ་མང་བའི་ལས་སྒོའི་གསོ་སྦྱོང་བྱས་ཏེ་སྨན་དོན་པའི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ཤེས་བྱ། གཞི་རྩའི་བཀོལ་སྤྱོད་ཆུ་ཚད་བཅས་མཐོ་རུ་བཏང་ནས་སྨན་ཁང་ཡོངས་ཀྱི་སྨན་དོན་པ་ཚང་མས་མྱུར་སྐྱོབ་ལག་རྩལ་བྱང་ཆུབ་པ་དང་འཕྲལ་སྡོམ་བྱ་ཐབས་ཁོང་དུ་ཆུད་པར་བྱས་པ་རེད། འཆར་གཞི་ཡོད་པའི་སྒོ་ནས་རྒྱུན་གཏན་གྱི་ཡོ་ཆས་གསར་བརྗེས་དང་ཁ་གསབ་བྱེད་པའི་རྨང་གཞིའི་ཐོག་སྨན་ཁང་གིས་ད་དུང་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་སྨན་བཅོས་སྒྲིག་ཆས་ནང་འདྲེན་བྱེད་པར་སྣང་ཆེན་བྱས་ནས་ལག་རྩལ་གསར་བརྗེ་དང་སྤུས་ཚད་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

    2021ལོར་སྨན་ཁང་གིས་ཁ་གཏད་རོགས་སྐྱོར་སྨན་ཁང་གི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་རྒྱང་ཁྲིད་སློབ་ཚན་ཐེངས་46འཁྲིད་པ་དང་གཤག་བཅོས་ཐེངས་9ལ་མཛུབ་ཁྲིད་བྱས་ཡོད། ལོ་རེར་ལག་རྩལ་རྐང་འཛིན་པ་བདམས་ནས་ཕྱིར་ཟབ་སྦྱོང་དང་སློབ་སྦྱོང་ལ་མངགས་པ་དང་། དུས་ཐུང་སློབ་སྦྱོང་འཛིན་གྲྭ་སྣ་ཚོགས་གཉེར་བར་མི་ཐེངས་24ཞུགས་པ། ཕྱིར་ཟབ་སྦྱོང་ལ་སྐྱོད་མཁན་མི་ཐེངས་6ཟིན་ཡོད། སྨན་ཁང་གིས་ད་དུང་རྫོང་རིམ་པའི་སྨན་ཁང་གི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཤུགས་སྣོན་བརྒྱབ་པ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་མི་ཐེངས་26ཟབ་སྦྱོང་བྱས་པ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་མི་ཐེངས་18མཛུབ་ཁྲིད་བྱེད་པར་བཏང་བ། མི་ཐེངས་236ལ་གཤམ་སྐྱོད་སྐོར་སྐྱོད་སྨན་བཅོས་བྱས་ཡོད།

    བསམ་བློའི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་ནས་སྤུས་ལེགས་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་པ།

    2021ལོ་ནས་བཟུང་། གཉའ་ནང་རྫོང་མི་དམངས་སྨན་ཁང་གི་སྨན་དོན་པ་ཡོངས་ཀྱིས་ལས་དོན་ཧུར་ཐག་བསྒྲུབས་པ་དང་གསར་འབྱེད་ཡར་བརྩོན་བྱས་པས་སྨན་ཁང་གི་ལས་དོན་ཁག་ལ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། སྨན་ཁང་གིས་ཐོག་མཐའ་བར་གསུམ་དུ་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ལ་སྣང་ཆེན་བྱས་ནས་རིག་གནས་འཛུགས་སྐྱོང་ལ་བརྟེན་ཏེ་ལས་བཟོའི་གོང་བུ་སྒྲིལ་ཤུགས་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱས་པ་མ་ཟད། “རྒྱལ་སྤྱིའི་ནད་སྐྱོང་བའི་དུས་ཆེན”དང“ཀྲུང་གོའི་སྨན་པ་དཀའ་བཅུ་པའི་དུས་ཆེན”སོགས་དུས་ཆེན་རིང་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྨན་དོན་པའི་ལས་གཅེས་སྙིང་སྟོབས་འཕེལ་བར་བྱས་ཡོད།

    གཞན་ཡང་། གཉའ་ནང་རྫོང་མི་དམངས་སྨན་ཁང་གིས“ནད་པ་ལྟེ་བར་འཛིན་པའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་སྨན་བཅོས་ཁྲིད་སྟོན་གྱི་བློ་འདྲིའི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་ནད་པར་སྨན་བཅོས་བདེ་བླག་ཡོང་བའི་ཁྲིད་སྟོན་བྱས་ཡོད། ཚན་ཁག་དང་སྨན་དོན་པའི་ངོ་སྤྲོད་མདོར་བསྡུས་ཡོངས་བསྒྲགས་བྱས་ནས་ནད་པས་སྨན་པ་བསྟེན་རྒྱུར་ཕན་ཐོགས་ཡོང་བར་བྱས་ཡོད། སྨན་རྫས་བྲིན་ཚོང་རིན་གོང་དང་དེ་བཞིན་བརྟག་དཔྱད་ཀྱི་རིན་པའི་ཚད་གཞི་ཡོངས་བསྒྲགས་བྱས་ནས་སྨན་ཁང་དུ་བསྡད་པའི་ནད་པའི་སྨན་རིན་རྩིས་རྒྱག་གི་གསལ་ཐོའི་ལམ་ལུགས་ལག་ལེན་བསྟར་ནས་ནད་པའི་སྨན་རིན་ཐད་ཀྱི་དོགས་གཞི་ཧུར་ཐག་བསལ་ཡོད། ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་བསམ་འཆར་སྒམ་དང་། བསམ་འཆར་དེབ། ལྟ་སྐུལ་ཁ་པར་བཅས་བཙུགས་ནས་ནད་པ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་རྒྱ་ཁྱབ་ངང་དང་ལེན་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།