དབུ་ཤོག>ཆེད་སྒྲིག
  • ​གཏིང་སྐྱེས་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱས་པའི་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-17

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སོགས་བྱ་གཞག་ཁག་ཁྲོད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་དང་། ཞབས་ཞུ། འགན་ལེན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྐྱེ་ཁམས་མཛེས་པ་དང་། མི་ཆོས་རིག་གནས་བཟང་བ། ཐོན་ལས་བཟང་བ། འཚོ་བ་སྐྱིད་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཧུར་ཐག་བཏོད་ཡོད།

    སྐར་གསོག་ལམ་ལུགས་ཀྱིས་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་མ་ཐེབས་པ།

    “ཁྱིམ་དུ་གཙང་སྦྲ་ཡག་པོ་བྱེད་པ་དང་ཁང་པའི་རྒྱབ་མདུན་གྱི་རྩྭ་ངན་བཀོག་ནས་གཙང་མ་བཟོས་ཚེ་སྐར་མ་གཅིག་ཐོབ་པ་དང་། སྐར་མ་གཅིག་ལ་སྒོར་50སྤྲོད་ཀྱི་ཡོད། བྱ་བ་བཟང་པོ་དེ་ལྟ་བུ་རྗེས་སུ་མུ་མཐུད་བསྒྲུབ་རྒྱུ་ཡིན” ཉེ་ཆར་གཏིང་སྐྱེས་རྫོང་གཟར་ཤང་འཁོར་ཆེན་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་གྲོང་མི་ཚོ་མཉམ་དུ་འཛོམས་ནས་དགའ་ཚོར་ཆེན་པོས་བསགས་པའི་སྐར་མའི་མང་ཉུང་ལ་ལྟ་བཞིན་སྐར་གསོག་སྲིད་ཇུས་ལ་བློ་ཡིད་ཚིམ་པོ་བྱེད་བཞིན་ཡོད་པ་རེད།

    ཐོག་མར་གོམས་གཤིས་མི་འཇགས་པ་དང་གཞོགས་འདེགས་མི་བྱེད་པ་ནས་ད་ལྟ་རང་འགུལ་ངང་གཙང་སྦྲ་བྱེད་པའི་བར་འཁོར་ཆེན་གྲོང་ཚོའི་གྲོང་མིའི་བསམ་བློར་རྩ་བའི་ཐོག་ནས་འགྱུར་ལྡོག་བྱུང་ཡོད། དེ་དག་ཐམས་ཅད་ནི་སྐར་གསོག་ལམ་ལུགས་ཀྱི་དོ་དམ་བྱེད་སྟངས་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།

    “སྐར་གསོག་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་ཚང་མས་རྗེས་ལུས་ཐེབས་དོགས་ཀྱིས་འཕྲོད་བསྟེན་དང་ཤེས་དཔལ་ལ་སྣང་ཆེན་བྱས་པས་གོམས་གཤིས་བཟང་པོ་འཇགས་ནས་དར་སྲོལ་བཟང་པོ་ཞིག་ཆགས་ཡོད”ཅེས་འཁོར་ཆེན་གྲོང་ཚོའི་གྲོང་མི་བཀྲ་ཤིས་ཀྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

    “གྲོང་གསེབ་བཅོས་སྐྱོང་བྱེད་པར་གཙོ་བོ་གྲོང་མིར་ཐུག་ཡོད”2009ལོ་ནས་བཟུང་། འཁོར་ཆེན་གྲོང་ཚོས“ཏང་འཛུགས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ་དང་སྐར་གསོག་ལ་བརྟེན་ནས་སྒུལ་ཤུགས་འཕེལ་བར་བྱ་རྒྱུ”དེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་སུ་བྱས་ནས“ཏང་འཛུགས་སྐྱོང་དང་སྐར་གསོག་ཟུང་དུ་འབྲེལ་བའི”བྱེད་སྟངས་ལག་ལེན་བསྟར་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གྲོང་གསེབ་བཅོས་སྐྱོང་ནང་ཞུགས་པའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོའི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་ཡོད།

    “རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་དང་ཏང་ཡོན་གྱི་བྱེད་སྒོར་ཞུགས་མེད་ཚེ་ཏང་ཡོན་ལ་ཐེངས་གཅིག་ལ་སྐར་མ་2བཅག་པ་དང་། དུས་ཆེན་གལ་ཆེན་གྱི་བྱེད་སྒོར་ཧུར་ཐག་ཞུགས་མཁན་ལ་སྐར་མ་2ནས་5བར་བསྣན་པ། རང་འགུལ་ངང་ལམ་བཟོ་བ་དང་། ཟམ་པ་དང་ར་སྐྱོར་སྐོར་བ་སོགས་ལ་ཐེངས་གཅིག་ལ་སྐར་མ་གཉིས་སྣོན་གྱི་ཡོད”ཅེས་འཁོར་ཆེན་གྲོང་ཚོའི་ཧྲུའུ་ཅི་དང་པོ་དཔལ་སྒྲོན་གྱིས་གསར་འགོད་པར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། སྐར་གསོག་ལམ་ལུགས་ཀྱི་དོ་དམ་ཐད་ལོ་ཕྱེད་ལ་ཡོངས་བསྒྲགས་ཐེངས་རེ་དང་ལོ་གཅིག་ལ་ཞིབ་རྩིས་ཐེངས་རེ་རྒྱག་པའི་བྱ་ཐབས་སྤྱོད་པ་དང་། གྲོང་ཚོའི་ཏང་ཀྲི་པུའུ་ཡིས་དམངས་གཙོའི་དཔྱད་གླེང་ཚོགས་ཆེན་འཚོགས་ནས་གྲོང་མིའི་སྐར་གསོག་ལ་དཔྱད་གླེང་བྱས་པ་དང་འབྲེལ་གྲོང་མིའི་སྐར་གསོག་གནས་ཚུལ་ཡོངས་བསྒྲགས་སྒྲོམ་སྟེགས་ཐོག་ཡོངས་བསྒྲགས་བྱེད་ཀྱི་ཡོད།

    གསར་བརྗེའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས་པ།

    གཏིང་སྐྱེས་རྫོང་དུ་སྐྱོད་སྐབས“གསར་བརྗེའི་ཏང་འཛུགས་སྐྱོང”དང“ལྗང་མདོག་སྐྱེ་ཁམས”ནི་བཀྲག་མདངས་འཚེར་ཤོས་ཀྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། གཏིང་སྐྱེས་རྫོང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་པ་དང་། ཏང་ཚོགས་ཆུང་གིས་སྐུལ་ཁྲིད་བྱེད་པ། ཏང་ཡོན་གྱིས་མིག་དཔེ་སྟོན་པ། མང་ཚོགས་ཞུགས་པའི་བྱེད་ཐབས་བརྒྱུད“སྐྱེ་ཁམས་ཀྱི་བྱང་བུ”དང་། “ལྗང་མདོག་གི་བྱང་བུ”“སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱང་བུ”བཅས་གཏོད་རྒྱུ་ཤུགས་རྒྱག་གཞིར་བྱས་ཏེ་གསར་བརྗེའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས་པས་ནམ་མཁའ་དེ་བས་གཡའ་དག་པ་དང་། ས་གཞི་དེ་བས་སྔོ་བ། ཆུ་མོ་དེ་བས་དྭངས་བ། གྲོང་ཚོ་དེ་བས་མཛེས་པ་བཅས་ཡོང་བ་བྱས་ཡོད།

    གསར་འགོད་པ་གཟར་ཤང་ལྷ་ལུང་གྲོང་ཚོའི་སྡོང་ཕྲུག་ར་བའི་མཉམ་ལས་ཁང་དུ་སྐྱོད་སྐབས་ཡུག་སྦྲེལ་གྱི་རྒྱ་ལྕང་དང་། གླ་ཚེར། སྦྱར་སྡོང་བཅས་མིག་ལམ་དུ་འཆར་ཞིང་། “ལྷ་ལུང་གྲོང་ཚོའི་ཏང་ཚོགས་ཆུང་དང་པོ”དང“ལྷ་ལུང་གྲོང་ཚོའི་ཏང་ཚོགས་ཆུང་གཉིས་པ”ཞེས་འཁོད་པའི་ཤིང་བྱང་གཉིས་ཀྱིས་མི་རྣམས་ཀྱི་མིག་དབང་གཅིག་ཅར་དུ་འཕྲོག “2019ལོའི་ཟླ་གསུམ་པར་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྡོང་ཕྲུག་ར་བའི་མཉམ་ལས་ཁང་བཙུགས་པ་དང་མིག་སྔར་གྲོང་ཚོ་ཡོངས་ཀྱི་དུད་ཚང་35ཡི་གྲོང་མི་ཚང་མ་མཉམ་ལས་ཁང་དུ་ཞུགས་ཡོད”མཉམ་ལས་ཁང་འཛུགས་རྒྱུའི་ཐོག་མའི་བསམ་ཚུལ་སྐོར་གླེང་སྐབས། ལྷ་ལུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་གིས“སྡོང་ཕྲུག་འདེབས་འཛུགས་འཕེལ་རྒྱས་བཏང་ཚེ་ཁོར་ཡུག་སྔོ་འགྱུར་ཡོང་ཐུབ་པ་མ་ཟད། ད་དུང་ཕྱིར་ཚོང་བྱས་ན་དཔལ་འབྱོར་ཡོང་འབབ་ཀྱང་མང་དུ་འགྲོ་སྲིད་པས་དེ་ནི་གཅིག་གོ་གཉིས་ཆོད་རང་རེད”ཅེས་བཤད།

    ལྷ་ལུང་གྲོང་ཚོས“ཏང་ཀྲི་པུའུ་དང་། ཏང་ཚོགས་ཆུང་། ཏང་ཡོན། མང་ཚོགས”བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་ལ་བརྟེན་ནས་ཏང་གི་ཚོགས་ཆུང་5དང་། ཏང་ཡོན་28 དུད་སྦྲེལ་དྲ་མིག་ཚན་པ་5བཅས་ཀྱི་སྟོབས་ཤུགས་གང་ལེགས་བཏོན་ནས་སྡོང་ཕྲུག་ཁྲི་16ལྷག་ཙམ་འདེབས་གསོ་བྱས་ཡོད།

    དམངས་ཕན་ཞབས་ཞུས་འཚོ་བ་སྔར་བས་བདེ་སྐྱིད་ཡོང་བར་བྱས་པ།

    “ཕྲུ་གུ་ལྗོངས་ཕྱིར་སློབ་གྲྭར་སྐྱོད་སྐབས་འཚོ་བའི་འགྲོ་གྲོན་མང་པོ་བསྐུར་དགོས་ཀྱི་འདུག འོན་ཀྱང་ངས་སྐད་འཕྲིན་ནས་དངུལ་བསྐུར་མ་ཤེས་སྟབས་གྲོང་ཚོའི་ལས་བྱེད་པས་ང་ལ་དངུལ་བསྐུར་རོགས་བྱེད་ཀྱི་ཡོད། ‘ཏང་ཡོན་གྱིས་ཚབ་སྒྲུབ་བྱེད་པའི’ལམ་ལུགས་དེ་ཧ་ཅང་ཡག་པོ་འདུག”ཅེས་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ནགས་ཐང་གྲོང་ཚོའི་གྲོང་མི་ཉི་མ་དོན་གྲུབ་ཀྱིས་མི་ཐུག་རིམ་བཞིན་གྲོང་ཚོའི་ཏང་ཀྲི་པུའུ་ལ་བསྔགས་བརྗོད་དེ་ལྟར་བྱེད་ཀྱི་ཡོད།

    ཞིང་འབྲོག་མང་ཚོགས་ལ་སྔར་བས་ལེགས་པའི་ངང་ཞབས་འདེགས་ཞུ་ཆེད། 2021ལོའི་ཟླ་8པའི་ཟླ་མཇུག་ཏུ་ནགས་ཐང་གྲོང་ཚོའི་ཏང་ཀྲི་པུས“ཏང་ཡོན་གྱིས་ཚབ་སྒྲུབ་བྱེད་པའི”ལམ་ལུགས་བཟོས་ཏེ། “གཞན་བརྟེན་ནས་རང་བརྟེན”ནས“རང་འགུལ་ཞབས་ཞུའི”བར་དང་། “ཁ་ཐོར་སྒྲུབ་གཉེར”ནས“གཅིག་སྡུད་སྒྲུབ་གཉེར”བར། “མང་ཚོགས་ཀྱིས་རྒྱུག་པ”ནས“ཏང་ཡོན་གྱིས་རྒྱུག་པའི”བར་བཅས་ལ་བསྒྱུར་ནས། མང་ཚོགས་ཚོ་བསྐྱོད་མི་དགོས་པར་ཞབས་ཞུ་སྒོ་ཁར་དངོས་འབྲེལ་ཞུ་གི་ཡོད། མིག་སྔའི་བར་ནགས་ཐང་གྲོང་ཚོའི་ཏང་ཡོན་གྱིས་སྨན་དོན་མི་སྣའི་སྣེ་ཁྲིད་དེ་འགྲོ་སྐྱོད་སྟབས་བདེ་མེད་པའི་མང་ཚོགས་ཀྱི་ཁྱིམ་དུ་རིམས་འགོག་སྨན་ཁབ་རྒྱག་པ་དང་ཉིང་སྐྱུར་བརྟག་དཔྱད་ཐེངས་30ལྷག་ཙམ་བྱས་པ་དང་། ལག་ཐོགས་ཁ་པར་སྤྱོད་མི་ཤེས་པའི་མང་ཚོགས་ལ་ཁ་པར་གྲོན་དངུལ་ཐེངས་40ལྷག་ཙམ་སྐྱེལ་རོགས་བྱས་པ། ཡུལ་གཞན་དུ་སློབ་སྦྱོང་བྱེད་མཁན་ཕྲུ་གུའི་ཁྱིམ་བདག་ལ་དངུལ་ཐེངས་10ལྷག་ཙམ་བསྐུར་རོགས་བྱས་པ། མང་ཚོགས་ལ་ངོ་སྤྲོད་ཡི་གེ་སྣ་ཚོགས་ཐེངས་100ལྷག་ཙམ་འདོན་རོགས་བྱས་པའམ་ཡང་ན་ཚབ་སྒྲུབ་བྱས་ཡོད་པ་རེད།

    ཏང་ཀྲི་པུའུ་ས་ཆ་གང་དུ་བཙུགས་ཚེ་ཏང་ཡོན་གྱི་ནུས་པ་དེ་གར་འདོན་གྱི་ཡོད། 2021ལོར་གཏིང་སྐྱེས་རྫོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ས་ཚིགས་14ཡི་གནས་སྐབས་ཏང་ཀྲི་པུའུ་བཙུགས་པ་དང་། “ཏང་ཡོན་གྱི་གདོང་ལེན་ལས་གནས”དང་། “སྐར་གསོག་ལམ་ལུགས་དོ་དམ”“རང་བཞིན་གསུམ་དང་ཡོད་པ་གསུམ་གྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ”སོགས་ཏང་འཛུགས་སྐྱོང་གི་སྤུས་རྟགས་8བཏོད་པ། ཏང་ཡོན་1720ཡིས་མང་ཚོགས་16780ལ“འགན་ལེན་གསུམ”མངོན་འགྱུར་བྱས་པ་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་ཡིན་ནའང་འདྲ། ཡང་ན་དུད་ཚང་དུ་འཚམས་འདྲིར་བསྐྱོད་པ་གང་ཞིག་ཡིན་རུང་གང་ས་ནས་ཏང་ཡོན་གྱི་གཟུགས་བརྙན་མཐོང་རྒྱུ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།