འདི་ནི་ཟླ་3ཚེས་11ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ་ཞིང་། རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་མི་དམངས་ཚོགས་ཁང་ཆེ་མོ་ནས་ཕེབས་བཞིན་པ།
འདི་ནི་མི་དམངས་ཚོགས་ཁང་ཆེ་མོའི་ཕྱི་རོལ་དུ་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་པ།
འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས་བཅར་འདྲི་དང་ལེན་གནང་བཞིན་པ།
འདི་ནི་རང་ལྗོངས་ཀྱི་གཞི་རིམ་ནས་ཕེབས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཅིང་ཤིས་མགྲོན་ཁང་དུ་འགན་འཁྲི་བསྒྲུབས་ཚུལ་གྱི་སྐོར་གླེང་བཞིན་པ།
འདི་ནི་ཟླ་3ཚེས་10ཉིན་གྱི་ཕྱི་དྲོ་བོད་ཀྱི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཚོགས་ཆེན་གྱི་གྲོས་ཆོད་འཆར་ཟིན་ཁག་ལ་གྲོས་ཞིབ་གནང་རྗེས་འཐུས་མི་ཚོས་དགའ་བསུ་ཞུ་བཞིན་པ།
འདི་ནི་ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་གྱིས་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བཅར་འདྲི་ཞུ་བཞིན་པ།
འདི་ནི་3ཚེས་10ཉིན་གྱི་སྔ་དྲོ་བོད་ཀྱི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཚོགས་ཆེན་གྱི་གྲོས་ཆོད་འཆར་ཟིན་ཁག་ལ་གྲོས་ཞིབ་གནང་རྗེས་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་ར་ནས་ཕེབས་བཞིན་པ།
འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་མི་དམངས་ཚོགས་ཁང་ཆེ་མོའི་མདུན་དུ་དྲན་རྟེན་པར་སྐྱོན་བཞིན་པ།
ཟླ་3ཚེས་11ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ་བ་རེད།
ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་ནས་ཁྲིམས་བཞིན་རང་འགན་གཙང་སྒྲུབ་བྱས་ཤིང་། མི་དམངས་ཀྱི་འདོད་འདུན་བསྣམས་ཏེ་ཕེབས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་ཚོས་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས་གྲོས་བསྡུར་འཁྲུག་པོ་དང་། གང་བསམ་ལྷུག་གླེང་། ཐབས་འདོན་ཇུས་འབུལ་བཅས་གནང་བ་རེད།
དམིགས་ཚད་དང་ལས་འགན་གསལ་པོ་བཟོས་ཟིན་པས་འགན་འཁྲི་དང་ལས་འགན་དོན་འཁྱོལ་བྱེད་རྒྱུར་ཐུག་ཡོད། འཐུས་མི་ཚོས་ལས་སྒྲུབ་ཏན་ཏིག་བྱེད་རྒྱུར་དམིགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ཡག་པོ་ཁུར་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཧུར་ཐག་འབུལ་རྒྱུ་ཡིན་ལ། ཏང་ལ་སེམས་ཁྲལ་སེལ་རོགས་དང་མི་དམངས་ལ་ལེགས་སྐྱེས་ཕུལ་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སེམས་ཤུགས་ཆེར་སྐྱེད་ཀྱིས་ལེའུ་གསར་པ་གཏོད་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་གསུངས་པ་རེད།