དབུ་ཤོག>ཆེད་སྒྲིག
  • དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་བཅས་ཀྱི་ལེའུ་གསར་རྐྱང་ཞིག་རྩོམ་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-03-13

    360截图20220313095428058.jpg

    ཟླ་3ཚེས་11ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་དུ་གྲོལ་བ།

    QQ截图20220313095806.jpg

    འདི་ནི་འཐུས་མི་ཚོས་ལས་དོན་སྙན་སྒྲོན་གསན་སྐབས་དགའ་བསུ་ཞུ་བཞིན་པ།

    360截图20220313095516062.jpg

    ཟླ་3ཚེས་10ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ།

    QQ截图20220313095831.jpg

    ཟླ་3ཚེས་10ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་ཞིང་། འདི་ནི་མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས་ཨུ་ཡོན་ཚོས་མི་དམངས་ཚོགས་ཁང་ཆེ་མོའི་ཕྱི་རོལ་དུ་མཉམ་ཞུགས་པར་རྒྱག་བཞིན་པ།

    360截图20220313095534347.jpg

    ཟླ་3ཚེས་10ཉིན་གྱི་ཕྱི་དྲོ། བོད་ཀྱི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཚོགས་ཆེན་གྱི་གྲོས་ཆོད་འཆར་ཟིན་ཁག་ལ་གྲོས་ཞིབ་གནང་རྗེས་འཐུས་མི་ཚོས་དགའ་བསུ་ཞུ་བཞིན་པ།

    360截图20220313095542443.jpg

    ཟླ་3ཚེས་10ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི“ཨུ་ཡོན་བགྲོད་ལམ”གྱི་བཅར་འདྲིའི་བྱེད་སྒོ་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དུ་སྤེལ་ཞིང་། འདི་ནི་ཡན་ལག་ཚོགས་ར་ཡིན་པ།

    360截图20220313095551692.jpg

    ཟླ་3ཚེས་11ཉིན། མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས་འཐུས་མི་ཚོ་མི་དམངས་ཚོགས་ཁང་ཆེ་མོ་ནས་ཕེབས་བཞིན་པ།

    དེང་གི་ཀྲུང་གོ་འདི་ཉིད་རི་ཀླུང་མཛེས་སྡུག་ལྡན་ལ། མི་དམངས་བློ་སྟོབས་ཆེ་ཞིང་མདུན་ལམ་ཡངས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་སྙིང་སྟོབས་ཆེར་སྐྱེད་དང་འབད་འབུངས་ཡར་བརྩོན་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་བྱ་གཞག་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།