འདི་ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས། རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཡིད་ཆེས་ཀྱིས་ཁེངས་བཞིན་ཚོགས་ར་ནས་དོན་བཞིན་པ།
ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཡོལ་ཙམ་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་གཅིག་རྗེས་གཉིས་མཐུད་ངང་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་ཏེ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་མཇུག་འགྲིལ་ཚོགས་འདུར་ཞུགས་པ་རེད།
ཚོགས་ཆེན་ལ་ཁྱོན་གྲོས་གཞི་5979འབྱོར་ཡོད། ཚོགས་འདུ་ཉིན་7འཚོག་རིང་གྲོས་བསྡུར་རེ་རེ་དང་། ཐབས་འདོན་རེ་རེ། བརྟག་དཔྱད་རེ་རེ། གྲོས་འགོ་རེ་རེ་བཅས་ལས། སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་རང་འགན་གཙང་སྒྲུབ་བྱེད་པའི་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་པ་དང་། དམངས་གཙོའི་གྲོས་མོལ་གྱི་གསོན་ཤུགས་དང་སྐྱེ་སྟོབས་མངོན་ཡོད།
འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བསོད་ནམས་ཉི་མས་གཏམ་བཤད་སྤེལ་བཞིན་པ།
ཉིན་འདི་དག་རིང་གི་ཚོགས་འདུའི་རྣམ་པར་ཕྱིར་དྲན་བྱེད་སྐབས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བློ་བཟང་བསམ་གཏན་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“ཚོགས་ཆུང་གྲོས་བསྡུར་བྱེད་སྐབས་ཚང་མས་སོ་སོས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ལ་དམིགས་ཏེ་གཏམ་བཤད་དང་སྤེལ་རེས་ཚ་ཚ་འུར་འུར་བྱས་པས། ཞིབ་དཔྱད་དང་ཕན་ཚུན་སྤེལ་རེས་གཏིང་ཟབ་བྱེད་རིང་ཐབས་ཇུས་ཡག་པོ་མང་པོ་བསྒྲུབས་ཡོད”ཅེས་གསུངས་པ་རེད།
ཚོགས་འདུ་འཚོག་རིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྨན་གྲོང་ནོར་བུ་སྲི་ཐར་དང་ཁོང་གནས་སའི་རིག་རྩལ་ལས་རིགས་ཀྱི་ཨུ་ཡོན་གྱིས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་གྲོས་འགོ་མཉམ་དུ་བཏོན་གནང་བར་འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་བྱས་པས། ཁོང་གི་ཡིད་ཆེས་ལྡབ་བརྒྱ་འཕེལ་ཞིང་། ཁོང་གིས“སྲིད་གཞུང་གིས་དངོས་ཐོག་བདེན་འཚོལ་བྱས་པས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་དེ་བས་ལེགས་པ་ཡོང་ངེས་རེད”ཅེས་གསུངས་པ་རེད།
འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དཀོན་མཆོག་ཆོས་སྒྲོན་གྱིས་གཏམ་བཤད་སྤེལ་བཞིན་པ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་མཇུག་འགྲིལ་ཚོགས་འདུའི་ཐོག་གསུང་བཤད་གནང་བ་དང་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།
ཚོགས་ར་ནས་ཕེབས་སྐབས་ཨུ་ཡོན་ཚོ་སྤོབས་པ་ཆེར་བསྐྱེད་དང་ཡིད་ཆེས་ལྡབ་བརྒྱ་འཕེལ་ཡོད་པ་རེད།
འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དཀོན་མཆོག་ཆོས་སྒྲོན་གྱིས“འདི་ལོ་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་པ་དང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་དོན་ཆེན་ཞིག་རེད། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་བསུ་བ་ཞུ་བར་དམིགས་ཏེ། རང་འཁྲིའི་ལས་ཀ་ཡག་པོ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་ཡག་པོ་གཏིང་ཟབ་བསྒྲུབས་ནས་མི་རིགས་ཁག་དང་ལས་རིགས་ཁག་ལ་མཐུན་སྒྲིལ་བྱས་ཏེ་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་གི་ཡིན”ཞེས་གསུངས་པ་རེད།
དོན་འཁྱོལ་ལ་ལྷོད་གཡེང་མེད་པར་རང་འགན་ཧུར་ཐག་སྒྲུབ་པ་དང་འབད་འབུངས་མདུན་སྐྱོད་ཀྱིས་བརྗིད་ཆེའི་ལེའུ་མུ་མཐུད་རྩོམ་དགོས། ཨུ་ཡོན་ཚོས་མི་དམངས་ཀྱི་རེ་འདུན་ཕྲག་ཏུ་སྣམ་བཞིན་རྒྱང་ལམ་གསར་པའི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཚོགས་འདུའི་དགོངས་དོན་སྤེལ་རེས་གནང་བཞིན་པ།
འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་བཞུགས་གནས་སུ་རིགས་ཁོངས་ཁག་གི་ཨུ་ཡོན་དང་དྲན་རྟེན་པར་རྒྱག་བཞིན་པ།
འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཚོགས་འདུ་ནན་ཏན་ངང་གསན་བཞིན་པ།