དབུ་ཤོག>ཆེད་སྒྲིག
  • རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ། མདུན་སྐྱོད་ཀྱི་གླུ་དབྱངས་སྙན་མོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-03-12

    360截图20220312101122974.jpg

    ཟླ་3ཚེས་10ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ།

    རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་འཐུས་མི་དང་ཨུ་ཡོན་ཚོས་དམངས་ཀྱི་གནས་ཚུལ་དང་འདོད་བློ་མཚོན་པ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ། རང་འགན་གཙང་སྒྲུབ་ཏན་ཏིག་བྱེད་པ། མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ཏེ་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་བཅས་ཀྱི་དུས་རབས་ཀྱི་གླུ་དབྱངས་སྙན་མོ་བརྩམས་ནས་སེམས་པ་དང་ངར་ཤུགས་གཅིག་ཏུ་བསྒྲིལ་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཡོད།

    འཕེལ་རྒྱས་ཀྱི་འཆར་འགོད་ཀྱིས་མི་རྣམས་མདུན་དུ་བསྐྱོད་རྒྱུའི་སྐུལ་མ་བཏང་བ་དང་དངོས་སྒྲུབ་བྱེད་ཐབས་ཀྱིས་མི་རྣམས་ལ་ངར་ཤུགས་འཕེལ་བར་བྱས་ཡོད། ཚོགས་རའི་ཕྱི་ནང་ཀུན་ཏུ་མི་རྣམས་བསམ་བློ་གཅིག་ཏུ་བསྒྲིལ་བ་དང་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་བློ་སེམས་གཅིག་སྒྲིལ་ངང་ཕུགས་འདུན་སྒྲུབ་བཞིན་ཡོད་ལ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་དང་། དཔའ་ངར་ཆེར་སྐྱེད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་བཞིན་ཡོད།

    360截图20220312101144893.jpg

    ཟླ་3ཚེས་10ཉིན། ཚོགས་འདུ་གྲོལ་རྗེས་ཨུ་ཡོན་ཚོ་མི་དམངས་ཚོགས་ཁང་ཆེ་མོ་ནས་དོན་བཞིན་པ།

    360截图20220312101133232.jpg

     ཟླ་3ཚེས་7ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

    360截图20220312101154896.jpg

     ཟླ་3ཚེས་6ཉིན། འཐུས་མི་ཚོས་ཚོགས་འདུའི་བར་གསེང་དུ་སྤེལ་རེས་གནང་བ།

    360截图20220312101214760.jpg

     ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ཧོ་ནན་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ།

    360截图20220312101224222.jpg

     ཟླ་3ཚེས་8ཉིན། འཐུས་མི་ཚོས“ཆེས་མཐོའི་ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་གསན་པ།

    360截图20220312101203527.jpg

     འདི་ནི་ཨུ་ཡོན་ཚོས་ལས་དོན་སྙན་སྒྲོན་གསན་སྐབས་དགའ་བསུ་ཞུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།