ཅང་ཤིས་ཅི་ཀྲོའུ་ཡི་སློབ་གྲྭར་ཚོགས་འདུ་གཉིས་ཀྱི་ཤེས་བྱ་སློབ་ཁྲིད་བྱེད་པ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་པའི་སྐབས་སུ། ཅང་ཤིས་ཞིང་ཆེན་ཅི་ཨན་གྲོང་ཁྱེར་སི་ཡོན་ཚོད་ལྟའི་སློབ་གྲྭས“སློབ་གྲྭར་ཚོགས་འདུ་གཉིས་ཀྱི་ཤེས་བྱ་སློབ་པའི”བྱེད་སྒོ་སྤེལ་ཏེ། སློབ་མར་ཚོགས་འདུ་གཉིས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས་ཆུང་དུས་ནས་རྒྱལ་ཁབ་ཀྱི་དོན་ཆེན་ལ་སེམས་ཁུར་དང་དོ་ཁུར་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད། འདི་ནི་ཟླ་3ཚེས་9ཉིན། ཅང་ཤིས་ཞིང་ཆེན་ཅི་ཨན་གྲོང་ཁྱེར་སི་ཡོན་ཚོད་ལྟའི་སློབ་གྲྭའི་དགེ་རྒན་གྱིས་ཕྲུ་གུ་ཚོར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་འབྲེལ་ཡོད་ཤེས་བྱ་གསལ་འགྲེལ་བྱེད་བཞིན་པ།