དབུ་ཤོག>ཆེད་སྒྲིག
  • རྒྱལ་ཁབ་སྤྱི་གླིང་ཇི་ལྟར་སྐྲུན་དགོས་པའི་ཐད་མི་དམངས་འཐུས་ཚོཌ་ཀྱི་འཐུས་མིས་གྲོས་འགོ་འདི་ལྟར་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-03-11

    ན་ནིང་ཟླ་10པར་རང་རྒྱལ་གྱིས་གཙང་གསུམ་ཆུ་འགོ་དང་། དོམ་ཁྲ། བྱང་ཤར་གྱི་སྟག་གཟིག ཧའེ་ནན་གྱི་ཚ་ཁུལ་ནགས་ཚལ། ཝུའུ་དབྱི་ཧྲན་སོགས་རྒྱལ་ཁབ་སྤྱི་གླིང་ཁག་དང་པོ་དངོས་སུ་བཙུགས་པ་ལས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་འདིའི་སྒྲིག་སྲོལ་གྱི་ལམ་ལུགས་གལ་ཆེན་གསར་གཏོད་དང་གཞི་ཚུགས་པ་མཚོན་པ་དང་། ཚོད་ལྟའི་དུས་མཚམས་ནས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་སླེབས་ཡོད། ཉེ་ཆར་གྲོས་ཞིབ་ལ་ཕུལ་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད།

    མ་འོངས་པར་སྤུས་ཚད་མཐོ་པོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ཇི་ལྟར་གཏོང་བའི་ཐད། གསར་འགོད་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་ལ་བཅར་འདྲི་ཞུས་པ་ཡིན།

    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ཁུལ་ཐོག་མ་ཡིན་ཞིང་། “གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་དུས་མཚུངས། སྒྲིག་སྲོལ་ལམ་སྲོལ་ལའང་འཚོལ་ཞིབ་མི་ཉུང་བ་ཞིག་བྱས་ཡོད”ཅེས་ཁུང་ཆིང་ཅུས་ཀྱིས་བརྗོད།

    ཁོང་གིས“ཕྱི་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཁག་གཅིག་མི་མེད་ཁུལ་ཡིན་པའི་གནས་ཚུལ་དང་མི་འདྲ་བར། རང་རྒྱལ་གྱི་སྐྱེ་ཁམས་འགག་རྩའི་ས་ཁོངས་མི་ཉུང་བ་ཞིག་ལ་ད་དུང་དེ་སྔ་སྡོད་མཁན་གྲོང་མི་ཁག་གཅིག་ཡོད་པས། ཁོ་ཚོའི་འཚོ་གནས་དང་འཕེལ་རྒྱས་ཀྱང་གལ་ཆེན་པོ་ཞིག་རེད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་མཉམ་སྐྲུན་མཉམ་སྤྱོད་ཐད་འཚོལ་ཞིབ་བྱས་པ་དཔེར་ན། སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ལམ་སྲོལ་བཙུགས་ནས། འབྲོག་པ་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་དང་ཕན་པ་འཐོབ་མཁན་དུ་འགྱུར་བར་བྱེད་པ་དང་། ཁྲོམ་རའི་ལམ་སྲོལ་འཚོལ་ཞིབ་དང་ནང་འདྲེན་བྱས་ཏེ་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཟོ་བའི་གནད་དོན་ཐག་གཅོད་དང་མང་ཚོགས་ཀྱི་ཁེ་ཕན་འགན་སྲུང་བྱེད་དགོས”ཅེས་བརྗོད།

    ངོ་སྤྲོད་བྱས་པར་གཞིགས་ན། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཡག་པོ་འཁུར་ཆེད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་གླིང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རང་བྱུང་ཐོན་ཁུངས་དོ་དམ་སོགས་ཀྱི་འགན་འཁྲི་བསྡུ་སྒྲིལ་བྱས་ནས་དོ་དམ་ཅུས་ཀྱིས་སྣེ་འཁྲིད་པ་དང་། དོ་དམ་ཨུ་ལྷན་གྱིས་འདེགས་སྐྱོར་བྱེད་པ། སྲུང་སྐྱོང་ས་ཚིགས་ཀྱིས་རྨང་གཞི་བྱེད་པ། གྲོང་ཚོར་ཁྱབ་པ་བཅས་ཀྱི་དོ་དམ་སྒྲིག་སྲོལ་གསར་པ་ཞིག་ཆགས་པར་བྱས་ནས།“དོན་དག་གཅིག་ལ་དོ་དམ་བྱེད་མཁན་མང་བའི”གཅོང་ནད་ནུས་ལྡན་ངང་སེལ་བ་དང་། རིགས་6གི་རང་བྱུང་སྲུང་སྐྱོང་ཁུལ་15ཟླ་སྒྲིལ་བཏང་བ། རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་དང་ནུས་པའི་ཁུལ་ལེགས་སྒྲིག་དང་ལེགས་སུ་བཏང་བས་རང་བྱུང་སྐྱེ་ཁམས་མ་ལག་གི་འཐུས་ཚང་རང་བཞིན་དང་། གདོད་མའི་རང་བཞིན། སྐྱེ་དངོས་སྣ་མང་གི་རང་བཞིན་བཅས་ལ་བརྒྱུད་རིམ་ལྡན་པའི་ངང་སྲུང་སྐྱོང་ཐུབ་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་སྤྱི་གླིང་ཁག་དང་པོ་བཙུགས་ཟིན་ནས། སྐྱེ་ཁམས་ཁོར་ཡུག་ཚོད་ལྟའི་ལས་དོན་མ་སྤེལ་གོང་ལས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་མོད། འོན་ཀྱང་སྒྲིག་སྲོལ་ལམ་སྲོལ་ཐད་ཀྱི་གནད་དོན་ཁག་གཅིག་སྔར་བཞིན་མཐུན་སྦྱོར་བྱེད་དགོས་པ་དང་། སྐྱེ་ཁམས་ཀྱི་འགག་རྩའི་ས་ཁོངས་ཁག་གཅིག་སྔར་བཞིན་ཉམས་ཞན་ཡིན་པ། འབྱུང་འགྱུར་སྤུས་ཚད་མཐོ་པོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་སྔར་བཞིན་འབད་བརྩོན་བྱེད་དགོས།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཀོན་ཀྲེ་ཨོའུ་ཡིས་འབྱུང་འགྱུར་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དཔྱད་དཔོག་གྲུབ་འབྲས་དང་སྦྲེལ་མཐུད་གང་ལེགས་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་སྒྲིག་ཇུས་གཞི་དང་འཕེལ་རྒྱས་ཀྱི་འབྲེལ་ཡོད་འཆར་འགོད་བཏོན་ནས་ཆ་རྐྱེན་ཚང་ཚེ་ལམ་སེང་འཛུགས་སྐྲུན་མཐའ་འཁྱོངས་བྱས་ཏེ་སྡེབ་གཅིག་ལ་ཟིང་རྒྱག་མི་རུང་བ་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།