དབུ་ཤོག>ཆེད་སྒྲིག
  • གྲུམ་བུ་ཚིགས་ཆེན་གྱི་ནད་འགོག་བཅོས་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-11

    གྲུམ་བུ་ཚིགས་ཆེན་གྱི་ནད་ནི་བོད་དུ་ཁྱབ་ཡུན་རིང་བའི“ཡུལ་ནད”ཅིག་ཡིན་པའི་ངོས་ནས་དུས་ཡུན་རིང་པོའི་ནང་མི་རྣམས་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག་བྱུང་བའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད། ལོ་མང་རིང་རང་ལྗོངས་ཀྱིས་སེ་གསབ་པ་དང་། འབྲུ་རིགས་བརྗེ་བ། གནས་སྤོ་བ། འཚོ་བཅུད་ཁ་གསབ་སོགས་ཕྱོགས་བསྡུས་འགོག་བཅོས་ཀྱི་བྱ་ཐབས་སྤྱད་དེ་འགོག་བཅོས་ཀྱི་གྲུབ་འབྲས་བརྟན་དུ་གཏོང་བ་དང་། གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་ཁུལ་གྱི་ནད་གཞིའི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ། ནད་གཞིའི་འགྱུར་ལྡོག་ཁོང་དུ་ཆུད་པ་བཅས་བྱས་པས་ལྗོངས་ཡོངས་ཀྱི་གྲུམ་བུ་ཚིགས་ཆེན་གྱི་ནད་མཆེད་ཚུལ་བཀག་འགོག་ནུས་ལྡན་ཐུབ་ཡོད།

    “བདེ་ཐང་ནི་མི་ཚང་མ་འཚར་ལོངས་ཡོང་བ་དང་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་འགྱུར་ཡོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན་པས། དམངས་ཡོངས་ཀྱི་བདེ་ཐང་མེད་ན་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་མི་ཐུབ”རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཆབ་མདོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁྲེན་ཅུན་གྱིས། 2021ལོ་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས“དམངས་འཚོ་དོན་ཆུང་མིན་པ་དང་མང་ཚོགས་བྱམས་ཀྱིས་སྐྱོང་བའི”དམངས་ལ་བརྩེ་སེམས་མཐའ་འཁྱོངས་བ་བཅངས་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་གྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་མཁན་ལ་གནད་སྨིན་འདེམས་བཤེར་དང་གནད་སྨིན་སྐྱོབ་བཅོས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་གྲུམ་བུ་ཚིགས་ཆེན་གྱི་ནད་འགོག་བཅོས་ཀྱི་ཐབས་ལམ་གསར་པ་བཏོད་ཡོད་ཅེས་གསུངས་པ་རེད།

    ཁྲེན་ཅུན་གྱིས“ང་ཚོས་དུད་ཚང་དང་མི་གཅིག་ཀྱང་མི་ལུས་པ་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་དང་རོགས་སྐྱོབ་བྱ་སྤྱོད་སྤེལ་ནས་མི་དམངས་མང་ཚོགས་ལ་བདེ་ཐང་གི་བདེ་སྐྱིད་དེ་བས་མང་བ་གཏོད་རྒྱུ་ཡིན”ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།