དབུ་ཤོག>ཆེད་སྒྲིག
  • “རྒྱུད་གཅིག་ལམ་གཅིག”ཁྲོད་ཞབས་ཞུ་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-11

    བོད་ལ་སྤྱི་ལེ་4000ལྷག་ཙམ་གྱི་མཐའ་མཚམས་ལམ་ཐིག་ཡོད་པ་དེ་དག་ནེ་པ་ལ་དང་། འབྲུག་ཡུལ། རྒྱ་གར། འབར་མ་སོགས་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་མང་པོའི་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་དང་འབྲེལ་ཡོད་པས“རྒྱུད་གཅིག་ལམ་གཅིག”ཁྲོད་ཞབས་ཞུ་མཉམ་འདྲེས་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་སློབ་ཆེན་དཔལ་འབྱོར་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཐུབ་བསྟན་མཁས་གྲུབ་ཀྱིས་ངོས་འཛིན་གནང་དོན། “རྒྱུད་གཅིག་ལམ་གཅིག”བསྐྲུན་ནས་ལོ་8སོང་བ་དང་ལྷག་པར་དུ་རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”གི་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་བསྐྲུན་པའི་ནང་བོད་རང་སྐྱོང་ལྗོངས་དངོས་སུ་བཅུག་ཚུན། བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་ཆེན་པོ་གཏོད་པའི་ས་བབ་ལེགས་ཆ་དེ“རྒྱུད་གཅིག་ལམ་གཅིག”གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ནས་རྒྱལ་ཁབ་རིམ་པའི“རྒྱུད་གཅིག་ལམ་གཅིག”གི་འཆར་འགོད་ཧྲིལ་པོ་འཐུས་སྒོ་ཚང་དུ་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། 2021ལོར་བོད་རང་སྐྱོང་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་ལ་ཕྱིར་གཏོང་ནང་འདྲེན་བྱས་པའི་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་19.82ཟིན་པ་དེ་དུས་མཚུངས་ལས་38.4%འཕར་བ་དེས་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་49.4%ཟིན་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་18.88ཟིན་ནས་54.5%འཕར་བ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་8ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་18.25ཟིན་ནས་69.8%འཕར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།