དབུ་ཤོག>ཆེད་སྒྲིག
  • བློ་གཅིག་སེམས་གཅིག་གིས་སློབ་མའི་ཕུགས་འདུན་གྲུབ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-11

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ངོ་སྤྲོད་གནང་དོན། འདས་ཟིན་པའི་ལོ་གཅིག་རིང་། དམངས་འཚོ་འགན་ལེན་དང་ལེགས་སུ་ཤུགས་ཆེན་བཏང་བ་དང་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་གང་མགྱོགས་བཏང་ཡོད། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཉམས་ཞན་ལྷུ་ཚིགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་བས་སློབ་མ་ཁྲི་3700ལྷག་ཙམ་ལ་ཕན་པ་ཐོབ་ནས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་སྦྱོང་ཚན་གྱི་ཁུར་པོ་དང་སློབ་ཕྱིའི་གསོ་སྦྱོང་གི་ཁུར་པོ་ཡང་དུ་བཏང་ཡོད། མཐོ་རིམ་ལས་རིགས་སློབ་བསྡུའི་ལོ་གསུམ་གྱི་བྱ་སྤྱོད་དམིགས་ཚད་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད། རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་མི་རེར་ལོ་རེར་དངུལ་གྲངས་མཐོ་ཤོས་སྒོར་4000མང་དུ་ཕྱིན་ནས་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་500ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    དཔེ་ཁྲིད་མི་སྐྱོང་གི་ཕུགས་འདུན་འཆང་བཞིན་2009ལོར་བོད་ལྗོངས་སློབ་ཆེན་ནས་ཐོན་པའི་བོད་རིགས་བུ་མོ་གཡང་ལགས་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་བོད་ཡིག་དགེ་རྒན་ཞིག་ཏུ་གྱུར།

    དུས་རབས་གསར་པའི་ན་གཞོན་དགེ་རྒན་ཞིག་ཡིན་པའི་ཁོང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་དོན་ཆེན་དང་དོན་ཆུང་ལ་དོ་ཁུར་བྱེད་ཀྱི་ཡོད། ཟླ་3ཚེས་5ཉིན་ཁོང་གིས་དགེ་རྒན་གཞན་དག་དང་མཉམ་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་འགོ་འཛུགས་ཚོགས་འདུ་བལྟས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།