དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་འཐུས་མི་ཚོགས་པས་ཚོགས་ཆེན་ལ་གྲོས་འགོ་22བཏོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2022-03-11

    གསར་འགོད་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་དྲུང་ཡིག་ཁྲུའི་གྲོས་གཞི་ཚོགས་ཆུང་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་རང་ལྗོངས་ཀྱི་འཐུས་མིས《བོད་ནས་འགྲོ་འོང་གི་བགྲོད་ལམ་ཆེན་པོ་མྱུར་བགྲོད་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》སོགས་གྲོས་འགོ་22བཏོན་གནང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཚོགས་ཆེན་ཐོག་བོད་ཀྱི་འཐུས་མི་ཚོགས་པས་ཕུལ་བའི་གྲོས་འགོ་དེ་དག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ཉམས་གསོ། སྨན་བཅོས་འཕྲོད་བསྟེན། སློབ་གསོ་འཕེལ་རྒྱས་སོགས་ཁྱབ་ཁོངས་གལ་ཆེན་མང་པོ་དང་འབྲེལ་བ་ཡོད། འཐུས་མི་ཚོགས་པའི་མིང་ཐོག་ནས་གྲོས་འགོ་10བཏོན་ཡོད་ཅིང་། དེའི་ནང《བོད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་གྲོས་འགོ》དང་། 《བོད་ནས་འགྲོ་འོང་གི་བགྲོད་ལམ་ཆེན་པོ་མྱུར་བགྲོད་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》《ཁྲོན་བོད་གཞུང་ལམ་གྱི་བྱང་རྒྱུད་མྱུར་བགྲོད་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》《བོད་ཀྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་འགོ》སོགས་ཚུད་ཡོད། འཐུས་མི་མི་སྒེར་གྱིས་གྲོས་འགོ་12བཏོན་གནང་ཞིང་། དེའི་ནང《གྲངས་ཉུང་མི་རིགས་ས་ཁུལ་དུ་མི་རིགས་གསོ་རིག་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》དང་། 《བོད་ཀྱི་དགེ་རྒན་གྱི་གཞི་རྩའི་གླ་ཕོགས་ཚད་གཞི་མཐོ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》 《འབྱུང་འགྱུར་ལོ་བཅུའི་རིང་གི་རང་རྒྱལ་གྱི་གློག་ཤུགས་བདེ་འཇགས་མཁོ་སྤྲོད་འགན་ལེན་སྐོར་གྱི་དབྱེ་ཞིབ་དང་གྲོས་འགོ》སོགས་ཚུད་ཡོད།

    ཚོགས་འདུ་མ་འཚོགས་གོང་། བོད་ཀྱི་འཐུས་མི་ཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བརྟག་ཞིབ་ནན་ཏན་དང་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་འབྱོར་ཐོ་བཀོད་རྗེས་དང་ཚོགས་ཆེན་འཚོག་རིང་འགན་འཁྲི་ཧུར་ཐག་བསྒྲུབས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་པ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་། དམངས་འཚོ་ལེགས་གཏོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ལ་གཙོ་གནད་དམིགས་ཏེ། བཟོ་བཅོས་དང་། གྲོས་བསྡུར། ཞིབ་འཇུག་བཅས་ཡང་ཡང་བྱས་རྗེས་གྲོས་འགོ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།