ཉེ་ཆར། ཆིང་ཏའོ་ཆན་དབན་ཁྲལ་སྲུང་ཁུལ་ཁྲལ་དོན་ཅུས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད“ཚོགས་འདུ་གཉིས”ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བ་དང་། ཅུས་དེས་དྲ་སྦྲེལ་དང་། ཚགས་པར། བརྙན་འཕྲིན་སོགས་ཀྱི་ཐབས་ལམ་སྣ་མང་བརྒྱུད་ཁྲལ་དོན་ལས་དོན་པ་སྒྲིག་འཛུགས་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སོགས་ཀྱི་ཡིག་ཆ་སློབ་སྦྱོང་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། ཅུས་དེས་ཁྲལ་བསྡུའི་འགན་ནུས་ཀྱི་ངེས་གནས་ལ་གཞི་ཚུགས་པ་དང་། ཁྲལ་གྲོན་འཇལ་མཁན་གྱི་དགོས་མཁོ་གསར་པ་དང་རེ་བ་གསར་པར་དམིགས་པ། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་གཏིང་ཟབ་བཅས་བྱས་པ་བརྒྱུད། “རང་མོས་ཚོང་དོན་གྱི་རིག་ནུས་ཁྲལ་འཇལ”གྱི་ལས་རྣམ་གསར་པ་བཏོད་པ་དང་། བཙོངས་འཛིན་གྱི“སྔོན་ལ་ཆོག་མཆན་སྤྲོད་པ་དང་རྗེས་སུ་ཞིབ་དཔྱད་བྱེད་པ”དང་། རིག་ནུས“སྤྲིན་ཚོམ་ཁྲལ་སྒྲུབ” ཕྱིར་གཏོང་ཁྲལ་སློག་གི“དཔྱད་ཞིབ་མཐོང་ཐུབ་པ”+“ཡིད་རྟོན་འགན་དཀྲིས”སོགས་ཀྱི་ཁྲལ་བསྡུ་སྟབས་བདེ་ཅན་གྱི་བྱ་ཐབས་བཏོན་ནས་ཁྲོམ་རའི་བྱེད་པོ་དང་ཆིང་ཏའོ་རང་མོས་ཚོང་དོན་ཡུག་ཁུལ་གྱི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུས་ཡོད།
འདི་ནི་ཟླ་3ཚེས་7ཉིན། ཆིང་ཏའོ་ཆན་དབན་ཁྲལ་སྲུང་ཁུལ་ཁྲལ་དོན་ཅུས་ཀྱི་ཏང་ཡོན་ལས་བྱེད་པ་ཚོས་ཏང་ཡོན་བྱེད་སྒོ་ཁང་དུ་རྒྱལ་ཡོངས“ཚོགས་འདུ་གཉིས”ཀྱི་འབྲེལ་ཡོད་གནས་ཚུལ་ལ་སློབ་སྦྱོང་བྱེད་བཞིན་པ།