དབུ་ཤོག>ཆེད་སྒྲིག
  • མི་རིགས་མཐུན་སྒྲིལ་གྱི་དམ་བཅའ་བརྟན་པོར་བསྲུངས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-03-10

    ཚེས་7ཉིན། ཨུ་ཡོན་ཀྲང་མིན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་བརྙན་ལམ་ཚོགས་འདུར་གཏམ་བཤད་གནང་སྐབས། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པ་བརྒྱུད་པུའུ་ལང་རིགས་ཀྱི་མང་ཚོགས་ཚང་མ་དབུལ་སྒྲོལ་ཐུབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཡོད། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། པུའུ་ལང་རིགས་ཀྱི་ད་ཆའི་བདེ་སྐྱིད་འཚོ་བའང་མེད། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་བསྐྲུན་རྒྱུ་ནི་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་འགྱུར་བྱེད་པའི་ཡང་དག་པའི་གདམ་ག་འབའ་ཞིག་དེ་ཡིན་ཞེས་གསུངས་པ་རེད།

    ཀྲང་མིན་གྱིས། ཡུན་ནན་ལ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“དམ་ཚིག་གི་རྡོ་རིང”ཞིག་ཡོད། དེ་ནི་1951ལོའི་ཟླ་1ཚེས་1ཉིན་བཙུགས་ཤིང་། “ཀྲུང་གོ་གསར་པའི་མི་རིགས་མཐུན་སྒྲིལ་གྱི་རྡོ་རིང་དང་པོ”ཞེས་བརྗོད་ཀྱི་ཡོད། དེའི་སྟེང་མི་རིགས་26གི་འཐུས་མིས་བྲིས་པའི་གཟི་བརྗིད་ཀྱི་དམ་ཚིག་འཁོད་ཡོད་པ་སྟེ། “བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་མཐའ་གཅིག་ཏུ་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་འདྲ་མཉམ་དང་། རང་དབང་། བདེ་སྐྱིད་བཅས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་བསྐྲུན་ཆེད་འབད་འཐབ་ཀྱི་དམ་བཅའ་འཇོག་རྒྱུ་ཡིན”ཞེས་བཀོད་ཡོད་ཅེས་གསུངས་པ་རེད།

    ཀྲང་མིན་གྱིས། འདས་ཟིན་པའི་ལོ་ངོ་70ལྷག་ཙམ་རིང་གི་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་ལམ་བུའི་ཐོག་མཐའ་མཚམས་མི་རིགས་ཁག་གི་མི་དམངས་ཀྱིས་མེས་རྒྱལ་དང་ལས་དབང་གཅིག་མཐུན་དང་མེས་རྒྱལ་གྱི་མངའ་ཁོངས་ཐུན་མོང་ཐོག་བསྲུངས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་ཡོད། མི་རིགས་མཐུན་སྒྲིལ་གྱི་དམ་ཚིག་བརྟན་སྲུང་དང་། “མཐའ་མཚམས་སྲུང་མཁན་ང་ཡོད་པས་མེས་རྒྱལ་ཐུགས་བློ་བདེ་པོ་གནང་རོགས”ཞེས་པའི་བརྗིད་ཆེའི་དམ་བཅའ་བློ་ལ་བརྟན་པོར་བཅངས་ནས། གློ་བུར་དུ་ཐོན་པའི་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་ཏང་སྲིད་དམག་ཉེན་དམངས་བཅས་ཀུན་སེམས་གཅིག་མཐུན་གྱིས་ཉིན་མཚན་བལྟོས་མེད་ངང་མེས་རྒྱལ་གྱི་མཐའ་མཚམས་བརྟན་པོར་བསྲུངས་ཡོད། “ནགས་ཚལ་ཡོད་ན་ཆུ་ཡོད་པ་དང་། ཆུ་ཡོད་ན་ས་ཞིང་ཡོད་པ། ས་ཞིང་ཡོད་ན་འབྲུ་རིགས་ཡོད་པ། འབྲུ་རིགས་ཡོད་ན་གཞི་ནས་མི་འཚོ་ཐུབ་པའི”སྐྱེ་ཁམས་ལྟ་བ་རྒྱུན་འཛིན་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། ཁུལ་བབ་ཀྱི་ལེགས་ཆར་གཞི་ཚུཌ་པ་དང་། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་། གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བཅས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ཏེ་ཞིང་ལས་ཕྱོགས་སྒྱུར་མགྱོཌ་སུ་དང་མཐའ་མཚམས་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་བཏང་བས་གྲོང་མིའི་ཡོང་འབབ་ཆེས་ཆེར་འཕར་བ་མ་ཟད། ཕྱིར་ཡོད་པའི་ན་གཞོན་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།