དབུ་ཤོག>ཆེད་སྒྲིག
  • ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཏེ་སྒེར་གྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-10

    “དེ་རིང་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་པ་ཡིན། 2021ལོར་རང་རེའི་རྒྱལ་ཁབ་ལ་གྲུབ་འབྲས་གསར་པ་ཐོབ་པར་ང་རང་སྤོབས་པ་ཆེན་པོ་སྐྱེས་བྱུང་ལ་2022ལོར་ཏང་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འབད་འབུངས་ཡར་བརྩོན་དང་དུས་ངལ་མཉམ་སེལ་བྱེད་པའི་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་སོང”ཞེས་སློབ་གྲྭ་ཆེ་མོ་བའི་ལས་གཏོད་པ་ཚུལ་ཁྲིམས་གཡང་འཛོམས་ཀྱིས་སེམས་འགུལ་ཐེབས་བཞིན་དུ་གསུངས།

    2020ལོའི་ཟླ་6པར་ཚུལ་ཁྲིམས་གཡང་འཛོམས་ཀྱིས་རང་ཉིད་འཚར་ལོངས་བྱུང་སའི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དུ་ལོག་རྒྱུའི་ཐག་བཅད། ལོ་དེའི་ཟླ་10པར་བྲག་གཡབ་རྫོང་སྲིད་གཞུང་གིས་དཀྱིལ་ཐང་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་དབང་ཆ་ཚུལ་ཁྲིམས་གཡང་འཛོམས་ལ་སྤྲད། ཚུལ་ཁྲིམས་གཡང་འཛོམས་ཀྱི་གཉེར་སྐྱོང་འོག་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་མྱུར་པོ་ཕྱིན་ནས་ས་གནས་དེ་གའི་དུད་ཚང་དབུལ་པོ་5ཡི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ད་དུང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་15ལ་དུད་ཚང་རེར་བགོ་འགྲེམས་སྒོར་1100ལྷག་ཙམ་བྱུང་ཡོད། 2021ལོའི་ཟླ་10པར་ཚུལ་ཁྲིམས་གཡང་འཛོམས་ཀྱིས་བྲག་གཡབ་རྫོང་ལས་རིགས་རྩལ་ནུས་གསོ་སྦྱོང་ལྟེ་གནས་རྩིས་བླངས་པ་རེད།

    “ཕ་ཡུལ་ས་རྒྱ་ཆེ་བས་ངའི་ཕུགས་འདུན་གྲུབ་ངེས་རེད། ངའི་ལས་གཏོད་ལམ་བུར་ཕྱིར་མིག་ལྟ་སྐབས་ང་ལ་ཐོབ་པའི་གྲུབ་འབྲས་དེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་རམ་དང་ཁ་འབྲལ་ཐབས་མེད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ང་ཚོ་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་བཏོད་ཡོད། ངས་གོ་སྐབས་འདིར་གཅེས་འཛིན་བྱས་ཏེ་གོམ་སྟབས་བརྟན་པོས་མི་སྒེར་གྱི་མི་ཚེའི་རིན་ཐང་མངོན་འགྱུར་དང་ཕ་ཡུལ་ལ་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་ཚུལ་ཁྲིམས་གཡང་འཛོམས་ཀྱིས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།