དབུ་ཤོག>ཆེད་སྒྲིག
  • བུད་མེད་ཀྱི་ཉམས་འགྱུར་ཅི་དགར་ངོམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2022-03-09

    49a8ce06-37b4-4763-bfe2-461e0efb265b.jpg.jpg

    འདི་ནི་ཟླ་3ཚེས་5ཉིན་འཐུས་མི་ཚོས་སྙིང་སྟོབས་རབ་ཏུ་འཕེལ་ནས་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་འགོ་ཚུགས་མཛད་སྒོར་ཞུགས་པའི་གྲ་སྒྲིག་བྱེད་བཞིན་པ།

    0b83925f-7d92-4306-b14d-4c087c2f2cb0.jpg.jpg

    འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་རང་ཡོད་སའི་རིགས་ཁོངས་ཁག་གི་ཨུ་ཡོན་དང་ལྷན་དུ་ཚོགས་འདུའི་དགོངས་དོན་ལ་གཞིགས་ཏེ་སྤེལ་རེས་གྲོས་བསྡུར་གནང་བཞིན་པ།

    1d1b6b33-dc7f-40ee-bad0-54e87a5a2311.jpg.jpg

    འདི་ནི་ཟླ་3ཚེས་6ཉིན་སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་ཨུ་ཡོན་ཚོས་སྤེལ་རེས་གྲོས་བསྡུར་གནང་བཞིན་པ།

    ཟླ་3ཚེས་6ཉིན། “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་དོན་པ་བཅས་དང་། དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་དབན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ་དང་ཕྱིར་སྡོད་བུད་མེད་སྤུན་ཟླ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

    རང་རྒྱལ་གྱི་རྒྱ་ཆེའི་བུད་མེད་རྣམས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ཧུར་ཐག་ཞུགས་ནས། བུད་མེད་ཀྱི་ཞུམ་མེད་བློ་སྟོབས་དང་འབད་བརྩོན་ལ་བརྟེན་ཏེ། “གནམ་ཕྱེད་ཀ་འདེགས་པའི”ནུས་པ་གལ་ཆེན་བཏོན་ཡོད། བུད་མེད་འཐུས་མི་དང་ཨུ་ཡོན་ཚོས་འགན་འཁྲི་ནན་སྒྲུབ་དང་ལྷན་དུ་རྒྱལ་དོན་གླེང་ནས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་བུད་མེད་ཀྱི་ངོ་མཚར་ལེའུ་བརྩམས་ནས་དཀའ་སྤྱད་འབད་འཐབ་བྱེད་པའི་བུད་མེད་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།