དབུ་ཤོག>ཆེད་སྒྲིག
  • ཕུལ་བྱུང་གི་རྩལ་ནུས་རྣམ་པའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-09

    འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མཐོ་རིམ་སློབ་གསོའི་ནང་ངོས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྩེར་སོན་སློབ་ཆེན་དང་རྩེར་སོན་རིག་ཚན་རིགས་དབྱེ་འཛུགས་སྐྲུན་དང་། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་ཞིང་སྨན་རིགས་ཀྱི་ཆེད་ལས་དཀོན་པའི་ཤེས་ལྡན་མི་སྣ་མགྱོགས་མྱུར་གསོ་སྐྱོང་། དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱ་རྒྱུ་ཡིན་ཞེས་བཏོན་གནང་ཡོད།

    དེའི་ཐད་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་མར་ཁེ་སི་ལེ་ཉིང་རིང་ལུགས་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཀྲང་ཨའེ་ཕིང་གིས། “དེ་ལས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཁོ་འདོན་བྱས་ཡོད་པས་དེ་ནི་ང་ཚོར་འཕྲད་པའི་གོ་སྐབས་ཤིག་ཡིན་ལ་འགྲན་སློང་ཞིག་ཀྱང་ཡིན་ཞེས་བརྗོད་ཆོག བོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་འབའ་ཞིག་དེ་ཡིན་པའི་ངོས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་སྐྲུན་ཁྲོད་ང་ཚོས་འཛུགས་སྐྲུན་དམིགས་ཚད་དེ་མཉམ་འདུས་རྣམ་པའི་ལག་རྩལ་ཤེས་ལྡན་མི་སྣ་དང་གྲོང་གསེབ་ཀྱི་ཕྱུག་འགྱུར་འཇོན་ཐང་ཅན་གསོ་སྐྱོང་ལ་བཞག་ནས་རྒྱུན་ཆད་མེད་པར་དྲང་སྲུང་གསར་གཏོད་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་སྤུས་ཚད་མཐོ་བའི་ཕུལ་བྱུང་གི་རྩལ་ནུས་རྣམ་པའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱས་ཏེ་རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས”ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།