ཧུའུ་ནན་ཞིང་ཆེན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲུང་གོ་རྫ་དཀར་སྒྱུ་རྩལ་ལག་རྩལ་ཆེ་མོ་བ་ཧོང་ཞའོ་ལིང(གཡས་ཀྱི་དང་པོ)ནི་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་རེད། ཟླ་3ཚེས་7ཉིན་གྱི་ཕྱི་དྲོ་ཅིང་ཤིས་མགྲོན་ཁང་གི་ཐོག་ཁང་ཤར་མའི་ཚོམས་ཆེན་དུ་བོད་ནས་ཕེབས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲོལ་དཀར(གཡོན་གྱི་བཞི་པ)དང་། སྐལ་བཟང་སྒྲོལ་དཀར(གཡོན་གྱི་གསུམ་པ)ཚེ་རིང་གཡང་འཛོམས(གཡོན་གྱི་གཉིས་པ)བཅས་དང་། ཧོང་ཞའོ་ལིང་སྟེས་དབང་གིས་འཕྲད་པས་ཕན་ཚུན་སྤེལ་རེས་གནང་བ་མ་ཟད། ཧོང་ཞའོ་ལིང་གིས《གསེར་དང་གཡུ་ཡིས་མཛོད་གང་བ》དང《དགའ་སྤྲོས་རབ་ཏུ་གཏམས་པ》ཞེས་པའི་བརྩམས་ཆོས་གཉིས་ཀྱི་རྒྱབ་ཀྱི་གཏམ་རྒྱུད་གསུངས་པ་གསན་པ་དང་། འདི་ནི་མཉམ་དུ་སྤེལ་རེས་གནང་བཞིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པ།