དབུ་ཤོག>ཆེད་སྒྲིག
  • 2022ལོའི། སྲིད་གཞུང་གི་ལས་འགན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-08

    01 སྤྱི་ཁོག་དཔལ་འབྱོར་ཁྱོན་ཆེན་བརྟན་པོ་ཡོང་བར་ཤུགས་བརྒྱབ་སྟེ། དཔལ་འབྱོར་ལུགས་མཐུན་བར་སྟོང་ནང་འཁོར་སྐྱོད་མཐའ་འཁྱོངས་བྱེད་དགོས། 

    ● དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས།

    ● སྲིད་གཞུང་གི་དངུལ་འཇོག་མ་དངུལ་བེད་སྤྱོད་ཡག་པོ་བྱས་ཏེ། ནུས་ལྡན་གྱི་དངུལ་འཇོག་རྒྱ་ཆེར་གཏོང་བར་སྐུལ་ཁྲིད་བྱེད་དགོས།

    ● སྲིད་གཞུང་གིས་འགྲོ་གྲོན་དམ་འཛིན་གྱི་འཚོ་བ་སྐྱེལ་བ་རྒྱུན་འཁྱོངས་བྱས་ནས་སྔར་བས་སྤྱོད་མཁས་དམངས་ཕྱུག་ཡོང་བར་བྱེད་དགོས།

    ● གཟབ་བརླིང་བརྟན་གསུམ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས།

    ● ལས་ཞུགས་སྔོན་ཐོབ་ཀྱི་སྲིད་ཇུས་ལ་ཤུགས་རྒྱག་དགོས། 

    ● འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།

    ● ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱེད་དགོས།

    02ཚོང་རའི་བྱེད་པོ་བརྟན་དུ་གཏོང་བ་དང་ལས་ཞུགས་འགན་སྲུང་བྱེད་པར་ཤུགས་བརྒྱབ་སྟེ། སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས།

    ● སྡེབ་སྒྲིག་ཅན་གྱི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་གསར་པ་ལག་བསྟར་བྱེད་དགོས།

    ● དངོས་གཞིའི་དཔལ་འབྱོར་ལ་དངུལ་རྩས་རྒྱབ་སྐྱོར་ནུས་ལྡན་བྱེད་པར་ཤུགས་རྒྱག་དགོས།

    ● ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་མ་གནས་གཅོག་པར་སྐུལ་འདེད་གཏོང་དགོས།

    ● ལས་ཞུགས་བརྟན་པོར་ཡོང་ཐབས་ཞིབ་ཚགས་དང་དོན་ལ་གནས་པར་བྱེད་དགོས། 

    03 བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཚོང་རའི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སྔར་ལས་སྐུལ་སློང་བྱེད་དགོས།

    ● སྲིད་གཞུང་གི་འགན་ནུས་གང་མགྱོགས་སྒྱུར་དགོས།

    ● དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།

    ● ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས།

    04 གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། དངོས་གཞིའི་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས།

    ● ཚན་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་དགོས།

    ● ཁེ་ལས་ལ་གསར་གཏོད་སྐུལ་མ་གཏོང་ཤུགས་ཆེ་རུ་གཏོང་དགོས།

    ● བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས།

    ● གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

    05 ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ཏེ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་འགྱུར་བར་སྐུལ་འདེད་གཏོང་དགོས།

    ● འཛད་སྤྱོད་རྒྱུན་མཐུད་ངང་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས།

    ● ནུས་ལྡན་གྱི་དངུལ་འཇོག་རྒྱ་བསྐྱེད་ཧུར་ཐག་གཏོང་དགོས།

    ● ས་ཁོངས་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་དགོས།

    ● གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་མཐོ་རུ་གཏོང་དགོས།

    06 ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཤུཌ་ཆེན་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

    ● འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་སྲུང་ལ་ཤུགས་རྒྱག་དགོས།

    ● དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དང་རྒྱ་བསྐྱེད་དགོས།

    ● ཏན་ཏིག་དང་བརྟན་བརླིང་ངང་གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    07 ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་སྟེ། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་དངུལ་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

    ● ཐབས་མང་མཉམ་སྤྱོད་ཀྱིས་ཕྱི་ཕྱོགས་ཉོ་ཚོང་བརྟན་བརླིང་ཡོང་བར་བྱེད་དགོས།

    ● ཕྱི་རྒྱལ་གྱི་མ་དངུལ་ཧུར་ཐག་གིས་བེད་སྤྱོད་བྱེད་དགོས།

    ● སྤུས་ཚད་མཐོན་པོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་དགོས།

    ● ཕྱོཌ་མང་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས།

    08 སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱས་ཏེ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

    ● སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། 

    ● ཐཱན་ཚད་མཐོ་ཤོས་དང་ཐཱན་སྙོམས་སྦྱོར་གྱི་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།

    09 དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་རྒྱག་པ་དང་གསར་གཏོད་བྱེད་དགོས།

    ● སློབ་གསོ་དྲང་སྙོམ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། 

    ● སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།

    ● སྤྱི་ཚོགས་འགན་སྲུང་དང་ཞབས་ཞུར་ཤུགས་རྒྱག་དགོས། 

    ● མང་ཚོགས་ཀྱི་སྡོད་ཁང་དགོས་མཁོ་མུ་མཐུད་འགན་སྲུང་ཡག་པོ་བྱེད་དགོས།

    ● མི་དམངས་མང་ཚོཌ་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོཌ་སུ་གཏོང་དགོས།

    ● སྤྱི་ཚོཌ་བཅོས་སྐྱོང་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།