དབུ་ཤོག>ཆེད་སྒྲིག
  • གྲོང་གསེབ་དར་རྒྱས་ཁྲོད་བུད་མེད་ཀྱི་སྟོབས་ཤུགས་འདོན་རྒྱུ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-08

    འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། བུད་མེད་དང་བྱིས་པ་བསླུས་འཚོང་བྱེད་པའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་པ་བསྟན་པ་དེས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལྷག་པ་མཚམས་གཅོད་ལ་སེམས་འགུལ་ཚད་མེད་ཐེབས་ཡོད།

    ཁོང་གིས“གཞི་རིམ་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པ་ཞིག་གི་ངོས་ནས་བུད་མེད་ཀྱི་ཚབ་བྱེད་པ་དང་མང་ཚོགས་ལ་བརྩེ་སེམས་འཆང་རྒྱུ་ནི་ངའི་འོས་འགན་ཡིན་ལ་ངའི་འགན་འཁྲི་དེ་བས་ཀྱང་ཡིན། སླད་ཕྱིན་གྱི་ལས་ཀའི་ཁྲོད་ངས་གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་བུད་མེད་ལ་ཞབས་འདེགས་ཞུ་རྒྱུར་གཞིས་ཚུགས་ནས་ཆབ་སྲིད་ཀྱི་སྤྲོ་སེམས་དེ་ལས་ཀ་ཡག་པོ་བྱེད་པ་དང་འགན་འཁྲི་སྒྲུབ་པའི་ནང་གནས་ཀྱི་སྒུལ་ཤུགས་སུ་སྒྱུར་བར་བྱེད་པ་དང་། ལས་ཀའི་མཐོང་རྒྱ་ཆེ་རུ་གཏོང་བ། ལས་ཀའི་བསམ་ཕྱོགས་གསར་གཏོད་བཅས་བྱས་ནས་བསམ་པའི་འཁྱེར་སོ་ལེགས་པོ་དང་དངོས་གཉེར་གྱི་ལས་ཀའི་སྤྱོད་ཚུལ་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ནས་རང་རྫོང་གི་བུད་མེད་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ་གྲོང་གསེབ་དར་རྒྱས་ཁྲོད་བུད་མེད་ཀྱི་སྟོབས་ཤུགས་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།