དབུ་ཤོག>ཆེད་སྒྲིག
  • ས་མཐོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནས་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-08

    ཉིན་མོར་ཁྱིམ་དུ་ཡིག་གཟུགས་སྦྱོང་བ་དང་དཔེ་དེབ་ལྟ་བ་དང་། དགོང་མོ་ལྷ་ས་སྐྱིད་ཆུའི་ངོགས་སུ་འཆམ་འཆམ་དུ་འགྲོ་བ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཕུན་ཚོགས་རྒན་ཡོལ་ཞུས་རྗེས་ཀྱི་བག་ཕེབས་ཀྱི་འཚོ་བ་སྐྱེལ་སྟངས་ཤིག་རེད།

    ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་མཐའ་གཅིག་ཏུ་བསྟར་སྟབས། འདི་གར་འཚོ་བ་སྐྱེལ་མཁན་གྲོང་མི་རྣམས་ཁོར་ཡུག་གཙང་མ་དེ་འདྲའི་ནང་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད”ཅེས་ཕུན་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་ལ་བསྔགས་བརྗོད་བྱེད་བཞིན་དུ་དེ་ལྟར་གསུངས་པ་རེད།

    བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ། གོ་ལ་ཧྲིལ་པོའི་སྐྱེ་ཁམས་དོ་སྙོམས་ལ་འགན་ལེན་བྱ་རྒྱུར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

    ད་ཕན་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་གོང་འཕེལ་ཡོང་བར་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད”“མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་གཙུག་རྒྱན་དུ་འགྱུར་བ་བྱེད་དགོས”སོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བློ་ལ་བརྟན་པོར་ངེས་པ། ཀྲུང་ཧྭ་མི་རིགས་འཚོ་གནས་དང་གོང་འཕེལ་ཆེད་འབུལ་རྒྱུའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཐོག་ཏུ་འཁུར་བ། ས་མཐོའི་རྩྭ་རྩི་ཤིང་ཚུན་ཆད་དང་རི་ཀླུང་ཀུན་ལ་མཐའ་གཅིག་ཏུ་སྲུང་སྐྱོང་ཡག་པོ་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་ཡོད་པ་རེད།

    མེས་རྒྱལ་གྱི་ལྷོ་ནུབ་ཏུ་གནས་པའི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་སྔར་ནས་བཟུང་ཕ་ཡུལ་གྱི་མཛེས་སྡུག་གིས་མེས་རྒྱལ་གྱི་མཛེས་སྡུག་མངོན་པ་དང་ཕ་ཡུལ་གྱི་ལྗང་མདོག་གིས“རི་ཁུལ་དེ་རི་ཁུལ་ཕ་གི་ལས་དེ་བས་འབྱོར་ཕྱུག་དང་དེ་བས་མཛེས་སྡུག་ལྡན་པའི”དཔང་པོ་བྱས་ཡོད། 2019ལོའི་ཟླ་11པར་སྐྱེ་ཁམས་ཁོར་ཡུག་པུས་མིང་བཏགས་ནས་གཟེངས་བསྟོད་བྱས་པའི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞི་ཁག་གསུམ་པའི་ནང་ལྷུན་རྩེ་རྫོང་ཚུད་ཡོད་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨའོ་ལིའུ་ཆོན་གྱིས། ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། རི་ཆུ་ནགས་གསུམ་དང་། ཞིང་ཁ། མཚེའུ། རྩྭ་ཐང་། བྱེ་ཐང་།འཁྱགས་རོམ་བཅས་ཀྱི་མ་ལག་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་པས། མཁའ་རླུང་སྤུས་ཚད་ལོན་པའི་ཉིན་གྲངས་ཀྱི་བསྡུར་ཚད་100%མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཡོངས་ཀྱི་ས་གནས་རིམ་པ་ཡན་གྱི་གྲོང་ཁྱེར་337གྱི་ཁྲོད་ལོ་བཞི་བསྟུད་མར་ཨང་དང་པོར་སླེབས་ཡོད་པ་རེད། སྐྱེ་ཁམས་དམངས་ཕྱུག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། “་སྔོ་ལྗང་དུ་འགྱུར་བ”ནས“ཕྱུག་པོར་འགྱུར་བའི”བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཤིང་། 2021ལོར་གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱིས་སྐྱེ་ཁམས་སྤྱི་ཕན་གྱི་ནགས་ཚལ་བདག་སྐྱོང་མ་དངུལ་སྒོར་དུང་ཕྱུར་2.7བཏང་ཡོད། རྣམ་གྲངས་དེ་ལས་གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་འབྲོག་པ་མང་ཚོགས་་མི་རེར་ཆ་སྙོམས་ལོའི་ཡོང་འབབ་སྒོར་1850ལྷག་ཙམ་བྱུང་ཡོད་ཅེས་གསུངས་པ་རེད།

    “ང་ཚོས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་། སྐྱེ་ཁམས་ལམ་ལུགས་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུར་འབད་བརྩོན་བྱེད་པའི་ལས་དོན་ཁྲོད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་འབད་འཐབ་བྱ་རྒྱུ་ཡིན”ཞེས་ཨའོ་ལིའུ་ཆོན་གྱིས་འབྱུང་འགྱུར་གྱི་སྐྱེ་ཁམས་ཤེས་དཔལ་གྱི་འཆར་འགོད་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་དེ་ལྟར་གསུངས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།