དབུ་ཤོག>ཆེད་སྒྲིག
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-08

    ཚེས་6ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པས། ཚོགས་ཆེན་གསར་འགྱུར་ལྟེ་གནས་བརྙན་ལམ་བཅར་འདྲི་ཁང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་བོད་ཀྱི་འཐུས་མི་ཚོགས་པའི་འབྲེལ་ཡོད་གནས་ཚུལ་གསར་འགྱུར་ཡོངས་བསྒྲགས་གནང་བ་རེད།

    གསར་འགྱུར་མགྲིན་ཚབ་པས་བོད་ཀྱི་འཐུས་མི་ཚོགས་པའི་མི་སྣའི་གྲུབ་ཆ་དང་། འཐུས་མིའི་ཚོགས་འདུ་མ་འཚོག་གོང་གི་བརྟག་ཞིབ། གྲོས་འགོ་གྲ་སྒྲིག་དང་ཉིན་གཉིས་རིང་གི་གྲོས་ཞིབ་གནས་ཚུལ་བཅས་ངོ་སྤྲོད་གནང་བ་རེད། མགྲིན་ཚབ་པས་བརྗོད་དོན། བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མིས་འདས་ཟིན་པའི་ལོ་གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་གཙོ་བོ་ཅུང་ལེགས་པའི་སྒོ་ནས་བསྒྲུབས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་བཙུགས་ནས་རང་རྒྱལ་གྱི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པའི་ངོས་འཛིན་གནང་བ་མ་ཟད། ཚང་མས་པེ་ཅིང་དུ་བསྐྱོད་ནས་ཚོགས་འདུར་ཞུགས་པ་དེ་ནི་གཟི་བརྗིད་ལྡན་པའི་འོས་འགན་དང་འགན་འཁྲི་ལྕི་པོ་ཞིག་ཡིན་པས། ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ཚད་མཐོའི་འགན་ཁུར་བའི་ཆབ་སྲིད་ཀྱི་རྣམ་འགྱུར་དང་འགན་འཁྲིའི་འདུ་ཤེས་ལ་བརྟེན་ཏེ་རྒྱལ་ཡོངས་མིག་མངས་སྒྲིག་སྐོར་གཅིག་ལྟར་གྱི་བསམ་བློ་བརྟན་པོར་འཛུགས་པ་དང་། སྤྱི་ཡོངས་ལ་བསྟུན་པ་དང་། སྤྱི་ཡོངས་ལ་ལྟ་བ། འཕེལ་ཕྱོགས་ཆེན་པོར་ལྟ་བ། དོན་ཆེན་སྒྲུབ་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་འབད་བརྩོན། ཁྲིམས་ལྟར་འཐུས་མིའི་འགན་འཁྲི་སྒྲུབ་པ། ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་སྒོ་ནས་ལས་འགན་ཁག་ལེགས་སྒྲུབ། ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།