ཟླ་3ཚེས་6ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རིགས་ཁོངས་ཁག་གི་ཚོགས་ཆུང་ཚོགས་འདུར་ཞུགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་འགོད་སྙན་སྒྲོན། སྔོན་རྩིས་སྙན་སྒྲོན་བཅས་ལ་གྲོས་བསྡུར་གནང་བ་དང་སྦྲཌ། འབྲེལ་ཡོད་ཀྱི་བརྗོད་དོན་གཙོ་བོར་དམིཌ་ནས་གཏམ་བཤད་ལྷུག་པོར་གནང་བ་རེད།
ཀརྨ་ཚེ་བརྟན་དང་། བསྟན་ཁོ། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། སངས་རྒྱས་གྲགས་པ། བཀྲ་ཤིས་ཟླ་བ་སོགས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་རང་ལྗོངས་ཀྱི་ཨུ་ཡོན་ཚོས་རིགས་ཁོངས་ཁག་གི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་པ་རེད།
ཨུ་ཡོན་ཚོས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གྲུབ་འབྲས་ལ་དངོས་ཐོག་བདེན་འཚོལ་ངང་ཕྱོགས་སྡོམ་དང་། གཙོ་གནད་མངོན་གསལ་དོད་པོས་ལས་དོན་བཀོད་སྒྲིག་བྱས་པ་དེ་ནི་དམ་པ་དོན་གཉེར་དང་མི་རྣམས་ལ་སེམས་སྐུལ་ཐེབས་པའི་སྙན་སྒྲོན་ཡག་པོ་ཞིག་རེད། འཆར་འགོད་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་གྱི་འཕེལ་རྒྱས་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས་ཡང་དག་པ། ཞིབ་ཕྲའི་བྱེད་ཐབས་ནུས་ལྡན་བཅས་ཡོད་པ་མ་ཟད། རང་རྒྱལ་འཕེལ་རྒྱས་ཀྱི་དོན་དངོས་གནས་ཚུལ་ལའང་དམ་པོར་དམིགས་ཡོད་པས། དེར་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད།
ཨུ་ཡོན་ཚོས། འདས་ཟིན་པའི་ལོ་གཅིག་ལ་དོན་སྙིང་ཆེན་པོ་ལྡན་ཡོད་ཅིང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་པ་དང་འབྲེལ། ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་ཐེངས་གསུམ་པ་བཟོས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ་བཅས་བྱས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད། འདས་ཟིན་པའི་ལོ་གཅིག་ནང་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་བོད་དུ་ཕེབས་ནས་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་རྣམས་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་དང་། ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུས་པ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།
ཨུ་ཡོན་ཚོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་རྒྱུ་གཙོ་བོར་བྱེད་པ་དང་། “གཏན་འཁེལ་གཉིས”ལ་སྲུང་སྐྱོང་མཐའ་གཅིག་བྱེད་པ་དང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཨུ་ཡོན་གྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་གསུངས་པ་རེད།
རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཨུ་ཡོན་ཚོས། ད་དུང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དམིགས་པ་དང་རང་ལྗོངས་ཀྱིས“འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་བཏང་ནས“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་སྒྲུབ་རྒྱུར་དམིགས་ཏེ་ཞིབ་ཕྲའི་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།