དབུ་ཤོག>ཆེད་སྒྲིག
  • གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་དོ་སྙོམས་དང་སྤུས་ཚད་ལེགས་པོས་འཕེལ་རྒྱས་འགྲོ་རྒྱུར་རེ་སྒུག་བྱེད་ཀྱི་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-07

    “རྒྱལ་ཡོངས་ཚོགས་འདུ་གཉིས་འགོ་ཚུགས་རྗེས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་གཏམ་བཟང་མང་པོ་ཞིག་གོ་འདུག”ཅེས་དང“དམངས་ཀྱི་རེ་འབོད་ལ་ཚོགས་འདུས་བརྡ་ལན་སློག་ངེས་ཡིན་པ་དེ་རྒྱལ་ཡོངས་ཚོགས་འདུ་གཉིས་ལས་ང་ལ་བྱུང་བའི་མྱོང་ཚོར་ཟབ་ཤོས་ཡིན”ཞེས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་གི་ལས་དོན་མི་སྣ་བསོད་ནམས་དབང་འདུས་ཀྱིས་གསུངས།

    བསོད་ནམས་དབང་འདུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་པ་དང་། དེའི་ཁྲོད་ནས་སློབ་གསོ་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་རྒྱུ་ནི་འགག་རྩའི་ལྷུ་ཚིགས་དམིགས་བསལ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཁོང་གིས“ངས་སེམས་ཁུར་ཆེ་ཤོས་བྱེད་ས་ནི་གྲོང་གསེབ་ཀྱི་སློབ་གསོའི་གནད་དོན་ཡིན། ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་འབྲེལ་ཡོད་སྲིད་ཇུས་བཟང་པོ་བཏོན་ནས། གྲོང་གསེབ་སློབ་གསོར་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་དོ་སྙོམས་དང་སྤུས་ཚད་ལེགས་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད”ཅེས་གསུངས།

    བསོད་ནམས་དབང་འདུས་ཀྱིས་གཞི་རིམ་གྱི་ལས་དོན་མི་སྣ་ཞིག་གི་ངོས་ནས་རྣམ་ཀུན་འབྲེལ་གཏུག་བྱེད་མང་ཤོས་ནི་གཞི་རིམ་གྱི་མང་ཚོགས་རེད། དེས་ན་སླད་ཕྱིན་གྱི་ལས་དོན་ཁྲོད། ང་ཚོས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ནས། མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་གི་ཡིན་ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།