དབུ་ཤོག>ཆེད་སྒྲིག
  • མང་ཚོགས་ཀྱི་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-07

    “ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་པ་ཡིན། ངས‘ངལ་རྩོལ་ལ་ཐོབ་ཆ་ཡོད་པ’བྱ་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། མང་ཚོགས་ཀྱིས་ངལ་རྩོལ་ལ་བརྟེན་ནས་ཕྱུག་པོ་ཆགས་རྒྱུར་སྐུལ་ལྕག་ཧུར་ཐག་བྱེད་པ་དང་། ཡོང་འབབ་དམའ་བའི་མི་ཚོགས་ཀྱི་ཡོང་འབབ་མཐོ་རུ་ཏན་ཏིག་གཏོང་བ། དབུལ་ཕྱུག་གི་ཧེ་བག་ཆུང་དུ་ཏན་ཏིག་གཏོང་བ་བཅས་ནི་ང་ཚོ་སྲིད་གཞུང་འགན་ནུས་སྡེ་ཚན་གྱི་འགན་འཁྲི་ཞིག་རེད”ཅེས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གི་རྫོང་དཔོན་གཞོན་པ་ལི་ཧྲོའེ་ཡིས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།

    ལི་ཧྲོའེ་ཡིས་ང་ཚོས་གོམ་སྟབས་རྗེས་མར་རྫོང་ཁོངས་ཀྱི་དོན་དངོས་དང་ད་ལོའི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྫོང་ཁོངས་ཀྱི་ཞན་ཆ་སེལ་བ་དང་། ཐོན་ལས་འཕེལ་རྒྱས་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས། ཐབས་མང་མཉམ་སྤྱོད་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་གི་ཡིན། ལས་ཞུགས་བརྟན་པོ་དང་གསོ་སྦྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་ཕུད། ད་དུང་ནགས་ཁྲོད་དཔལ་འབྱོར་དང་། ཆེད་ལས་མཉམ་ལས་ཁང་རྒྱ་སྟོབས་ཆེ་རུ་གཏོང་བ། སྐྱེ་ལྡན་ཞིང་ལས་སོགས་ཐད་བྱ་ཐབས་གསར་པ་དང་། ཐབས་ཤེས་གསར་པ། བྱེད་སྟངས་གསར་པ་བཅས་འཚོལ་ཞིབ་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།