ཤིན་ཧྭ་གསར་འགྱུར་ཁང་ཐའེ་ཡོན་ནས་གློག་འཕྲིན་འབྱོར་གསལ། “བརྩེ་བ་འཆང་བཞིན་ས་ཞིང་ལ་བདག་སྐྱོང་ལེགས་པར་བྱས་ཚེ་དེ་ལས་ཞིང་པར་ཡོང་འབབ་མང་པོ་ཡོང་ངེས་རེད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲན་ཤིས་ཞིང་ཆེན་ཧྲུའེ་ཀྲོའུ་གྲོང་ཁྱེར་ཡིའུ་ཡུས་རྫོང་ཀྲང་ཆན་ཧུའུ་ལིང་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་ཀྲང་ཧུང་ཞང་གིས་གསུངས། ལོ་44ལ་སླེབས་པའི་ཀྲང་ཧུང་ཞང་གིས་ཕ་ཡུལ་ཡིའུ་ཡུས་རྫོང་ཀྲང་ཆན་ཧུའུ་ལིང་གྲོང་ཚོར་གསོ་ཚགས་རྟེན་གཞི་ཆེན་པོ་ཞིག་བཙུགས་ནས་ཐོན་ལས་འཁོར་སྦྲེལ་རྒྱ་ཆེར་བཏང་བ་དང་། དེང་རབས་ཅན་གྱི་བཤས་ལུག་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཉེ་འཁོར་གྱི་གྲོང་ཚོ་10ལྷག་ཙམ་གྱི་གྲོང་མིའི་སྣེ་འཁྲིད་དེ་གྲོང་མི་ཚོར“ལོ་མཇུག་ཏུ་བགོ་འགྲེམས་ཡོད་པ་དང་ཤ་ཟ་རྒྱུ་ཡོད་པའི”འཚོ་བ་ཡག་པོ་བཏོད་ཡོད།
དཔྱིད་མགོའི་དུས་སུ་ཡན་པེ་ས་ཁུལ་གྱི་གནམ་གཤིས་དྲོ་རུ་ཕྱིན་པ་དང་། ས་གཞིར་སྐྱེ་དངོས་རིམ་གྱིས་སྐྱེ་འགོ་ཚུགས། ཀྲང་ཧུང་ཞང་གི་གསོ་ཚགས་རྟེན་གཞིར་ལུག་ཁྱུ་ཉི་མ་སྲོ་ཞིང་འབྲོག་པ་ཚོ་སོས་དལ་ངང་ཉེ་འགྲམ་དུ་བསྡད་ཡོད། མི་རིང་བའི་སར་ཚད་ལྡན་ཅན་གྱི་བཤས་གཏོང་ལས་སྣོན་བཟོ་གྲྭ་དང་། སྐྱེ་ལྡན་ལུད་བཟོ་གྲྭ ལུག་ཤ་ཚོས་མ་ལས་སྣོན་འཁོར་ཁང་བཅས་འཁོར་རྒྱུག་བྱེད་བཞིན་ཡོད་པ་རེད། ལས་སྣོན་བྱས་ཟིན་པའི་ལུག་ཤ་ཁག་གཅིག་ཐུམ་སྒྲིལ་བརྒྱབ་ནས་སྒོ་རྩིས་ཚོང་ཁང་གི་ཟོག་སྒྲོམ་ཐོག་སྐྱེལ་བ་དང་ཁག་གཅིག་ཐའེ་ཡོན་དང་ཧྲུའེ་ཀྲོའུ་སོགས་ཀྱི་གསོལ་སྟོན་ཁང་དུ་སྐྱེལ་གྱི་ཡོད་པ་རེད།
ལོ་མང་རིང་ཀྲང་ཧུང་ཞང་གིས་སྲོལ་རྒྱུན་གྱི་ལུག་གསོའི་ཐོན་ལས་འཁོར་སྦྲེལ་རིང་དུ་བཏང་བ་བརྒྱུད་རྩྭ་འདེབས་དང་། སྡོམ་གསོས། བཤས་གཏོང་། ལས་སྣོན་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་སྦྲེལ་ཆ་ཚང་ཞིག་རིམ་གྱིས་གྲུབ་པ་དང་། “ཞང་ཧོ་ལིང་ཧྲང་ཡིའུ་ཡུས་ལུག་ཤའི”སྤུས་རྟགས་བཏོད་དེ་ས་གནས་དེ་གའི་མི་300ལྷག་ཙམ་ལས་ཞུགས་ཐུབ་པ་དང་རྫོང་ཡོངས་ཀྱི་དབུལ་སྒྲོལ་དུད་ཚང་1000ལྷག་ཙམ་དངུལ་རྩའི་དབུལ་སྐྱོར་སྲིད་ཇུས་བརྒྱུད་ཀུང་སིའི་རྐང་བདག་ཏུ་གྱུར།
དུས་ཡུན་རིང་པོ་གྲོང་གསེབ་ཏུ་འཚོ་བ་སྐྱེལ་མཁན་ཀྲང་ཧུང་ཞང་གིས་གྲོང་གསེབ་ཏུ་བེད་མེད་དུ་བཞག་པའི་ས་ཞིང་འབོར་ཆེན་ཞིག་དེང་རབས་ཅན་གྱི་ཁེ་ལས་གཉེར་བར་སྤྱོད་ཆོག་པ་དང་ཞིང་ལས་ཁེ་ལས་གཉེར་འདོད་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་དོ་སྣང་བྱུང་ཡོད། འོན་ཀྱང་ཞིང་ལས་ལ་མ་དངུལ་མང་པོ་གཏོང་དགོས་པ་དང་། མི་མང་པོ་ཞིག་ལ་མ་དངུལ་གྱི་རྒྱབ་སྐྱོར་མེད་པའི་དབང་གིས་བློས་གཏོང་མི་བྱེད་ཐབས་མེད་བྱུང་། “རྨང་གཞིའི་སྒྲིག་བཀོད་ཡིན་ནའང་འདྲ། ཡང་ན་ཐོན་རྫས་ཐོན་སྐྱེད་གང་ཞིག་ཡིན་རུང་ས་ཞིང་ལ་མ་དངུལ་འབོར་ཆེན་གཏོང་དགོས་པ་མ་ཟད། དུས་ཡུན་རིང་པོ་དགོས་ལ་ཡོང་འབབ་ཀྱང་ཡོང་དཀའ་ཞིང་། གལ་སྲིད་མ་དངུལ་འདང་ངེས་གཏོང་མི་ཐུབ་པར་ཁེ་ལས་ཀྱི་ཐོན་ལས་འཁོར་སྦྲེལ་འཕེལ་རྒྱས་ཀྱི་རྗེས་ཟིན་མ་ཐུབ་ཚེ་དངུལ་རྩའི་རྒྱབ་སྐྱོར་ཤུགས་ཆེན་དགོས་ཀྱི་ཡོད། གཏའ་མ་འཇོག་པའམ་ཡང་ན་དངུལ་བུན་གཡར་བ་གང་ཞིག་ཡིན་རུང་ཚང་མ་ཅུང་རྙོག་འཛིང་ཆེ་བ་དང་རྗེས་ལུས་ཐེབས་པས་ཁེ་ལས་ལ་དུས་ཐོག་དང་ནུས་ལྡན་གྱི་དངུལ་རྩའི་འདེགས་སྐྱོར་ཐུབ་ཀྱི་མེད”ཅེས་བརྗོད།
ཀྲང་ཧུང་ཞང་ལའང་མ་དངུལ་གྱི་དཀའ་གནད་འཕྲད་པས། སེམས་ནུས་ཕྱེད་ཀ་ལྷག་ཙམ་མ་དངུལ་ཐོག་བཞག་ཡོད། ཉེ་བའི་ལོ་ཤས་རིང་། ཁོང་གི་གསོ་ཚགས་རྟེན་གཞི་དེ་རང་བྱུང་རིག་ནུས་འབྲོག་རར་སྒྱུར་བཞིན་ཡོད་པ་དང་། རྩྭ་ཁ་རེས་སྐོར་དང་། རྒྱུད་པ་ལེགས་བཅོས། ཞིང་ཆུ་འདྲེན་གཏོང་། སྔོ་ཁེབས་ལེགས་བཅོས། སྐྱེ་ཁམས་ཉམས་གསོ་སོཌ་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་བཏང་བ་དང་ལུག་ཤའི་སྤུས་ཀ་ལེཌ་སུ་བཏང་ཡོད། འབྲོག་རར་ད་དུང་རིག་ནུས་ཅན་གྱི་གསོ་ཚགས་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་ལུག་རྫི་རྣམས་ལྡིར་སོ་སྤྲོས་ཆས་ཁང་དུ་སྡོད་མཁན་དེང་རབས་ལུག་རྫིར་གྱུར་ཡོད།
རྒྱ་ཆེ་བའི་ཕྱུགས་རར་ལྟ་བཞིན་དུ་ཀྲང་ཧུང་ཞང་གིས་རྟག་ཏུ“ང་ཚོ་ལྟ་བུའི་ལོ་མང་འཕེལ་རྒྱས་བྱུང་བའི་ཁེ་ལས་ལའང་མ་དངུལ་དཀོན་པའི་དཀའ་ངལ་འཕྲད་ཀྱི་ཡོད་པས་ཁེ་ལས་ཐོག་མར་འཛུགས་མཁན་གཞན་དག་ལ་དཀའ་ལས་ག་ཚོད་མེད་དམ”སྙམ་གྱི་ཡོད། དེར་བརྟེན་ཀྲང་ཧུང་ཞང་གིས་ལོ་གཉིས་བསྟུད་མར་ཞིང་ལས་དེང་རབས་ཅན་གྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་མགྱོགས་སུ་གཏོང་བ་དང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་གཞི་བཏོན་ཡོད། གྲོས་གཞི་དེའི་ནང་ཁོང་གིས་ཞིང་ལས་དེང་རབས་ཅན་མངོན་འགྱུར་བྱེད་མཁན་གྱི་དམངས་གཉེར་ཁེ་ལས་ལ་རྣམ་གྲངས་རིགས་ཀྱི་དངུལ་བུན་གཏོང་བ་དང་ཁེ་ལས་ལ་འཚམ་པའི་སྐྱེད་ཀ་དམའ་བ་དང་། དུས་ཡུན་རིང་བ། གྲངས་འབོར་མང་བ་བཅས་ཀྱི་དངུལ་རྩ་མཁོ་འདོན་བྱས་ཏེ་ཁེ་ལས་ཀྱིས་བློ་གཅིག་སེམས་གཅིག་ངང་ཐོན་ལས་འཕེལ་རྒྱས་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད། གྲོས་གཞིར་རྒྱུན་མཐུད་དོ་ཁུར་བྱས་པ་བརྒྱུད་ཀྲང་ཧུང་ཞང་གིས་བཏོན་པའི་གནད་དོན་ཁག་གཅིག་ལ་རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་དང་ལན་བཏབ་པ་དཔེར་ན། དངུལ་ཁང་ཁག་གཅིག་གིས་གྲོང་གསེབ་ཀྱི་ས་ཞིང་རྣམ་གྲངས་རིགས་ཀྱི་གཞི་ཁྱོན་ཆེ་བའི་དངུལ་བུན་གཏོང་བའི་སྲིད་ཇུས་བཏོན་པ་ལྟ་བུའོ།