དབུ་ཤོག>ཆེད་སྒྲིག
  • ཁེ་ལས་ལ་ཕན་པའི་སྲིད་ཇུས་དེ་བས་མང་བ་ཐོན་རྒྱུར་རེ་སྒུག་བྱེད་ཀྱི་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-03-06

    ལོ་རེའི་ཚོགས་འདུ་གཉིས་འཚོག་པའི་དུས་ཚོད་སླར་ཡང་སླེབས་ནས་ལོ་ལྟར་གྱི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེ་ནི་ཀྲུང་གོ་འཕེལ་རྒྱས་གཏོང་བའི་རླུང་ཕྱོགས་སྟོན་རྟགས་ཤིག་དང་། སྲིད་ཇུས་ཀྱི་བརྡ་རྟགས་གཅིག་སྡུད་མངོན་པའི་ལས་སྟེགས་ཤིག་ཡིན་ལ། འཛམ་གླིང་གིས་ཀྲུང་གོར་ལྟ་ཞིབ་བྱེད་པའི་སྐར་ཁུང་ཞིག་དེ་བས་ཀྱང་ཡིན།

    “གལ་ཏེ་2021ལོ་ནི་དཀའ་ཚེགས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད་ཅེས་བརྗོད་ན་2022ལོ་ནི་ཧ་ཅང་འགག་རྩའི་ལོ་ཞིག་རེད། ལོ་འདི་ནི་འཛམ་གླིང་གི་དུས་བབ་ལེགས་སྒྲིག་གཏིང་ཟབ་འགྲོ་བའི་ལོ་ཞིག་ཡིན་ལ་ཀྲུང་གོས་ནུས་ཤུགས་ཡོད་རྒུས་བརྟན་པོའི་ངང་འཕར་རྒྱུར་ཤུགས་རྒྱག་པའི་ལོ་ཞིག་དེ་བས་རེད”

    བོད་ཀྱི་དྲ་ཐོག་ཚོང་དོན་ཀུང་སི་ཞིག་གི་འགན་འཁུར་བ་ཝང་པོ་ཝེ་ཡིས། ངས་དོ་ཁུར་བྱེད་ས་གཙོ་བོ་ནི་རིམས་ནད་ཐོན་རྗེས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བ་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཁེ་ལས་འབྲིང་ཆུང་ལ་ཕྱོགས་པའི་སྲིད་ཇུས་སྐོར་ཡིན་ཞེས་གསུངས་པ་རེད།

    ཝང་པོ་ཝེ་ཡིས། “གོ་ལ་ཧྲིལ་པོར་རིམས་ནད་མཆེད་ཚུལ་ལ་སྔར་བཞིན་འགྱུར་ལྡོག་ཆེ་བ་དང་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གནོན་ཤུཌ་ཧ་ཅང་ཆེན་པོ་འཕྲད་པའི་གནས་ཚུལ་འོག་དམིཌ་ཚད་ཇི་ལྟར་བྱས་ནས་གཏན་འཁེལ་དང་དཔལ་འབྱོར་ཇི་ལྟར་བྱས་ནས་བརྟན་པོ་ཡོང་བ་བྱ་རྒྱུ་ནི་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་དོ་ཁུར་ཆེ་ཤོས་བྱེད་པའི་གླེང་མང་བའི་གནད་དོན་གྱི་གྲས་ཤིག་ཡིན་པ་སྨོས་མེད་རེད། ཉེ་བའི་ལོ་གཉིས་རིང་། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཁེ་ལས་དཀའ་གནས་ལས་སྒྲོལ་བར་རོགས་རམ་བྱེད་པའི་སྲིད་ཇུས་ཀྱི་བྱ་ཐབས་མི་ཉུང་བ་ཞིག་བཏོན་ཡོད་པས་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བར་་གསོན་ཤུགས་སྦྱིན་ཡོད། འདི་ལོ་སྲིད་ཇུས་དང་མ་དངུལ་སོགས་ཐད་སྲིད་གཞུང་སྡེ་ཚན་གྱི་རྒྱབ་སྐྱོར་དེ་བས་མང་བ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་གསུངས་པ་རེད།

    ཝང་པོ་ཝེ་ཡིས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ང་ཚོས“འགག་སྒྲོལ”གྱི་སྙིང་སྟོབས་དང་། “གསར་གཏོད”ཀྱི་ངར་ཤུགས། “ལས་སྒྲུབ”ཀྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་རྣམ་པ་གསར་པ་རྒྱུན་ཆད་མེད་པར་མངོན་པར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།