རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་མ་འཚོགས་གོང་། ཧོ་པེའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འཐབ་ས་དང་པོར་བསྐྱོད་དེ་བརྟག་ཞིབ་དང་འགན་འཁྲི་སྒྲུབ་པ།
འདི་ནི་ཟླ་2ཚེས་25ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་གྲོང་གསེབ་ཀྱི་སྨན་པ་ཡག་ཤོས། ཧོ་པེ་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་ཏེའོ་ཨོ་གྲོང་རྡལ་ཏེའོ་སི་གྲོང་ཚོའི་འཕྲོད་བསྟེན་ཁང་གི་གྲོང་གསེབ་སྨན་པ་ཀྲོའུ་སུང་པོ(གཡོན་གྱི་གཉིས་པ)ཡིས་ཏེའོ་ཨོ་གྲོང་རྡལ་ཏེའོ་སན་གྲོང་ཚོར་བརྟག་ཞིབ་བྱས་ནས། གྲོང་མིའི་བདེ་ཐང་གནས་ཚུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་སྨན་བཅོས་ཐད་ཀྱི་གྲོས་འགོ་ཤེས་རྟོགས་བྱས་པ་རེད།