དབུ་ཤོག>ཆེད་སྒྲིག
  • འགྲིམ་འགྲུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-03-05

    འགྲིམ་འགྲུལ་ནི་དཔལ་འབྱོར་གྱི་སྔོན་འགྲོ་རེད་ལ། དེང་རབས་ཅན་གྱི་ལམ་འབྱེད་གདོང་ལེན་པ་ཡང་རེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་བྱེད་པར། འགྲིམ་འགྲུལ་གྱི་ནུས་པ་གལ་ཆེན་ཇི་ལྟར་འདོན་པ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་དོ་ཁུར་བྱེད་པའི་གཙོ་གནད་རེད་ལ། 2021ལོའི་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ལས་ཀའི་ཁ་ཕྱོགས་ཀྱི་གཙོ་གནད་ཀྱང་རེད། འདས་པའི་ལོ་གཅིག་རིང་འགྲིམ་འགྲུལ་སྐྱེལ་འདྲེན་པུས་རང་འགུལ་ངང་བྱས་རྗེས་བཞག་སྟེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་སྒྲུབ་པའི་ལས་དོན་ལེགས་སྒྲུབ་ཧུར་ཐག་བྱས་པས་གྲུབ་འབྲས་བཟང་པོ་ཐོབ་ཡོད།

    འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2021ལོར་འགྲིམ་འགྲུལ་སྐྱེལ་འདྲེན་པུས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཁྱོན་905(གྲོས་སྒོ་7ཚུད་པ)ཡོད་པའི་ནང་གཙོ་གཉེར(བགོ་གཉེར་དང་རང་ཚུགས་སྒྲུབ་གཉེར)334བྱས་པ་དང་། གྲོས་གཞི་452གཉེར་རོགས་བྱས་པ། གྲོས་གཞི་119ལ་བལྟས་པ་རེད།

    གྲོས་འགོ་ཁག905ཡི་ནང“ལོ་ལྔ་ཚན་བཅུ་བཞི་པའི”སྒྲིག་ཁོངས་འཆར་འགོད་དང་། རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་འཛུགས་སྐྲུན། སྤྱི་པའི་འགྲིམ་འགྲུལ་ཞབས་འདེགས། འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས། ཟོག་འགྲེམས་མ་གནས་གཅོག་པ་དང་ཕན་འབྲས་ཆེ་རུ་གཏོང་བ་སོགས་ཕྱོགས་བསྡུས་འགྲིམ་འགྲུལ་རིགས་དང་འབྲེལ་བ་ཡོད་པའི་ནང་དོན་གྱི་བསྡུར་ཚད་ཕྱེད་ཀ་ཙམ་ཟིན་ཡོད། དེ་ནི་རྒྱལ་ཁབ་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། འགྲིམ་འགྲུལ་འགྲོ་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། “ཐཱན་གཉིས”ཁྱབ་གདལ་གཏོང་བ་སོགས་སྲིད་དོན་གལ་ཆེན་གྱི་མཛད་ཕྱོགས་ཀྱི་འདུ་ཤེས་དང་ཚད་མཐོའི་གཅིག་མཐུན་བྱུང་ནས། འགྲིམ་འགྲུལ་སྐྱེལ་འདྲེན་པུས་བཀོད་སྒྲིག་དང་། འགན་ནུས་སྤྱོད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།

    མི་འབོར་ན་རྒས་ཅན་གྱི་གནད་དོན་ནི་རང་རྒྱལ་ལ་ཡུན་རིང་འཕྲད་པའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་རེད། གནད་དོན་འདིར་དམིགས་ནས་2021ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་སྲིད་གྲོས་ཨུ་ཡོན་གྱིས“རྒན་རྒོན་ལ་འཚམ་པའི་སྤྱི་པའི་འགྲིམ་འགྲུལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་དགོས་པའི”གྲོས་གཞི་བཏོན་ཡོད་པ་འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྣེ་ཁྲིད་ནས་སྒྲུབ་གཉེར་བྱེད་པའི་གཙོ་གནད་སྒྲུབ་གཉེར་གྱི་གྲོས་གཞིའི་གྲས་སུ་བཅུག་པ་རེད།

    2021ལོའི་ཟླ་4པར། ཆེད་མངགས་ལས་དོན་ཇུས་གཞི་བཟོས་ཏེ་གྲོས་གཞི་སྒྲུབ་པའི་དམིགས་ཚད་དང་། འཆར་གཞི། དུས་བཅད། ལས་ཀའི་བྱེད་ཐབས་སོགས་ཁ་གསལ་བཟོས་པ་ནས་ཟླ་5པར་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་ཡིག་ཐོག་ནས་བརྟག་ཞིབ་བྱས་ཏེ། ས་གནས་ཁག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་རྒན་རྒོན་ལ་འཚམ་པའི་འགྲོ་སྐྱོད་ཞབས་ཞུའི་མ་ལག་འཛུགས་པའི་ཐད་སྲིད་ཇུས་དང་བྱེད་ཐབས་བཏོན་པ་དང་། འབྲེལ་ཡོད་གྲོས་འགོ་ཤེས་རྟོགས་བྱས་པ། དེ་ནས་ཟླ་6པར་འབྲེལ་ཡོད་སྲིད་གྲོས་ཨུ་ཡོན་དང་འབྲེལ་ཡོད་མི་སྣའི་བརྟག་ཞིབ་ཚོགས་ཆུང་བཙུགས་ནས་ས་གནས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པར་གདན་དྲངས་པ་རེད། 2021ལོར། དེ་ལྟ་བུའི་གཙོ་གནད་གྲོས་འགོ་དང་གྲོས་གཞིར་འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྣེ་ཁྲིད་དེ་གྲོས་གཞི་ཁག་3སྒྲུབ་གཉེར་བྱས་པ་དང་གྲོས་གཞི་ཁག་6གི་སྒྲུབ་གཉེར་ལ་ཞུགས་ནས། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་དཀའ་གནད་དང་འགག་གནད་སྔ་ཙམ་སེལ་ཆེད་འབད་བརྩོན་ཧུར་ཐག་བྱས་ཡོད།

    ལས་ཀའི་ལམ་སྲོལ་གསར་གཏོད་དང་ལས་ཀའི་མཉམ་ཤུགས་ཆེ་རུ་བཏང་ཞིང་། 2021ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྔ་ནུབ་ཏུ་འགྲིམ་འགྲུལ་སྐྱེལ་འདྲེན་པུས་ལས་འགན་གསལ་ཐོ་བཟོས་ནས་ལས་ཀའི་དམིགས་ཚད་དང་ལས་འགན་ཁག་བགོས་སོགས་ཁ་གསལ་བཟོས་ཡོད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་རིང་ཁྱོན་འཐུས་མི་དང་ཨུ་ཡོན་ཚོའི་གྲོས་གཞི་242འབྱོར་བ་དེ་དུས་མཚུངས་ལས་3%འཕར་ནས་ཚང་མ་རྩིས་ཐོར་བཅུག་ནས་དོ་དམ་བྱས་པ་རེད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་རྗེས་སུ་སྒྲུབ་གཉེར་ཆེད་སྒྲིག་ལེ་ཚན་བཟོས་ནས་ལས་སྒོའི་རྐང་འཛིན་པ་མངགས་ཏེ་ཆེད་འགན་ཁུར་ནས་སྒྲུབ་གཉེར་བྱས་པ་མ་ཟད། “སྒྲུབ་འགན་འཁུར་མཁན་གྱིས་འཆར་ཟིན་འགོད་པ་དང་། ཁྲུའུ་དང་ཁང་གི་འགོ་ཁྲིད་ཀྱིས་ཐོག་མའི་ཞིབ་བཤེར་བྱེད་པ། དེ་བཞིན་སི་དང་ཅུས་ཀྱི་འགོ་ཁྲིད་དང་། གཞུང་དོན་ཐིང་གི་འགོ་ཁྲིད། པུའུ་ཡི་འགོ་ཁྲིད་བཅས་ཀྱིས་ཞིབ་དཔྱད་འགག་སྒོར་དམ་འཛིན་བྱེད་པའི”“རིམ་ལྔའི”སྒྲུབ་གཉེར་ལམ་ལུགས་བཙུགས་ནས་སྒྲུབ་གཉེར་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་རིང་། གཤེན་རྒྱལ་བསྟན་འཛིན་དང་དབྱང་ཅུན་སོགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཁྲེན་ཅན་ཧྭ་དང་ཧོ་ཡིང་ཁྲུན་སོགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཕེལ་རྒྱས་གཏོང་བའི་འཆར་འགོད་བཟོ་བར་ཐབས་འདོན་ཇུས་འབུལ་ཧུར་ཐག་གནང་བ་དང་། ཚའེ་ཆིང་ཧྥུང་དང་ལི་ཅན་སོགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་དྲ་ཐོག་ནས་མངག་པའི་རླངས་འཁོར་ལས་རིགས་ཀྱི་སྐྱོན་བྲལ་འཕེལ་རྒྱས་དང་དྲ་རྒྱའི་ཟོག་འདྲེན་ལས་སྟེགས་ཀྱི་ལྟ་འདོམས་ལ་ཚད་མཐོའི་དོ་ཁུར་གནང་བར་འགྲིམ་འགྲུལ་སྐྱེལ་འདྲེན་པུས་འབྲེལ་ཡོད་གྲོས་འགོ་དང་གྲོས་གཞི་དང་ལེན་ཧུར་ཐག་བྱས་ཏེ་འབྲེལ་ཡོད་ཆེད་དོན་ལས་དོན་བཀོད་སྒྲིག་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་བཏང་བ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྔར་བས་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།