དབུ་ཤོག>ཆེད་སྒྲིག
  • རང་རྒྱལ་གྱི་ནང་འབར་འཕྲུལ་ཆས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཐབས་ཇུས་འདོན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཕང་ཀེ་ཕིང་།   |     སྤེལ་དུས།  2022-03-03

    2022ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཀོང་ཤིས་ཡུས་ཁྲའེ་འཕྲུལ་ཆས་མ་རྐང་ཚད་ཡོད་ཀུང་སིའི(ཡུས་ཁྲའེ་ཞེས་བསྡུ་རྒྱུ)ཐོན་རྫས་གསར་པ་ཚོད་ལྟ་སྒྲིག་སྦྱོར་ལས་ཡུལ་དུམ་བུའི་ལས་ཡུལ་དཔོན་ཞུས་ཡན་ཉིས་འདི་ལོ་གྲོས་འགོ་བཞི་འཁྱེར་ནས་པེ་ཅིང་དུ་ཚོགས་འདུར་ཞུགས་ཏེ། རང་རྒྱལ་གྱི་ནང་འབར་འཕྲུལ་ཆས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཐབས་འདོན་ཇུས་འབུལ་གནང་རྒྱུ་ཡིན་པ་རེད།

    ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ལོ་ལྔ་ཚན་བཅུ་བཞི་པའི”ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ཕྱོགས་བསྡུས་ལས་ཀའི་ཇུས་གཞི་བཀྲམ་པའི་ནང་། དུས་མཚམས་རྗེས་མའི་རླངས་འཁོར་ཆུང་གྲས་དང་ཆེ་གྲས་ཀྱི་ཕྱིར་འབུད་ཚད་གཞི་དང་སྣུམ་གྱི་སྤུས་ཚད་ཀྱི་ཚད་གཞི་ཞིབ་འཇུག་བྱས་ནས་བཟོ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། དེ་ཐོག་ནས་རྒྱལ་ཁབ་ཀྱི་ཕྱིར་འབུད་ཚད་གཞི་ཨང་བདུན་པར་སླེབས་ཉེར་ཡོད་པ་མཚོན་ཡོད། ཞུས་ཡན་ཉིས“རྒྱལ་ཁབ་ཀྱི་ཕྱིར་འབུད་ཚད་གཞི་ཨང་བདུན་པའི་སྦགས་བཙོག་དངོས་པོ་ཕྱིར་འབུད་ཚད་བཀག་དེ་རྒྱལ་ཁབ་ཀྱི་ཕྱིར་འབུད་ཚད་གཞི་ཨང་དྲུག་པ་ལས་དེ་བས་ནན་པ་དང་ཕྱིར་འབུད་ཚད་གཞི་རྒྱུན་ཆད་མེད་པར་རིམ་སྤོར་བྱས་པའི་རྒྱབ་ལྗོངས་འོག རང་རྒྱལ་གྱི་ཚོང་སྤྱོད་འཁོར་རིགས་ཁེ་ལས་དང་འཕྲུལ་སྒུལ་ཁེ་ལས་སོགས་ལྷུ་ལག་ཁེ་ལས་ཀྱིས་ཁྲོམ་རར་མཐིལ་རྟོཌ་གཏིང་ཟབ་བྱས་ནས་ལག་རྩལ་གྲབས་གསོག་ཡག་པོ་བྱེད་དགོས་པ་དང་དུས་མཚུངས། རྒྱལ་ཁབ་ཀྱིས་ཚོང་སྤྱོད་འཁོར་རིགས་ཆེ་གྲས་ཀྱི་རྒྱལ་ཁབ་ཀྱི་ཕྱིར་འབུད་ཚད་གཞི་ཨང་བདུན་པ་ལག་བསྟར་བྱེད་ཡུན་2028ལོའམ་ཡང་ན་དེ་བས་ཕྱི་བར་གཏན་འཁེལ་བྱས་ཏེ། ཁེ་ལས་ལ་དཀའ་གནད་འགག་སྒྲོལ་གྱི་དུས་ཚོད་འདང་ངེས་ཡོད་པ་བྱས་ནས་ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་དེ་བས་ལེགས་པ་བྱས་ཐོག་ཀྲུང་གོའི་འཕྲུལ་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་སྦྱིན་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན”ཞེས་གསུངས་པ་རེད།

    ཆིང་ནི་དུས་རབས་21པའི་ནུས་རྒྱུ་གཙང་མ་ཡག་ཤོས་ཡིན་པར་བརྩི་ཡི་ཡོད། ནང་འབར་འཕྲུལ་ཆས་ཀྱི་གསར་སྤེལ་གསར་དུ་དར་བའི་ཁ་ཕྱོགས་ཀྱི་གྲས་ཤིག་ཡིན་པའི་ཆིང་ནུས་འཕྲུལ་སྒུལ་ཞིབ་འཇུག་བྱེད་པ་དེའང་ཞུས་ཡན་ཉིས་དོ་ཁུར་གནང་བའི་རྣམ་གྲངས་གལ་ཆེན་ཞིག་རེད། ཁོང་གིས་གྲོས་འགོའི་ནང་རྒྱལ་ཁབ་ཀྱིས་ཆིང་རླངས་ནང་འབར་འཕྲུལ་ཆས་ཀྱི་ཐོན་ལས་འཁོར་འབྲེལ་གྱི་གོང་འོག་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དང་ཁྲིམས་སྲོལ་འདོན་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཆིང་ནུས་ཀྱི་རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། ཆིང་རླངས་ནང་འབར་འཕྲུལ་ཆས་ཁྱབ་གདལ་དང་བེད་སྤྱོད་གང་མགྱོགས་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།