དབུ་ཤོག>ཆེད་སྒྲིག
  • སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་བཏོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-02-26

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་རྒྱ་ཆེ་ལ་གཏིང་ཟབ་པའི་ཕྱོགས་སུ་བསྐྱོད་པ་དང་། ཆུ་ཚད་དེ་བས་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་བས་འཐུས་ཚང་དང་གཏན་ལ་འཁེལ་བ་བྱུང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་སྦྱིན་ཡོད།

    གོམ་པ་སྤོ་མཚམས་མི་འཇོག་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ།

    2013ལོའི་སྟོན་དུས་སུ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་ཚོགས་ཆེན་དེའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་རྩེ་རིམ་ཇུས་འགོད་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། སྒྱུར་བཅོས་ཐད་ཆ་ཤས་འཚོལ་ཞིབ་དང་འཁྱག་གཏོར་འགག་སྒྲོལ་ནས་མ་ལག་འདུས་གྲུབ་དང་ཕྱོགས་ཡོངས་གཏིང་ཟབ་བར་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་སྟེ་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེར་རྣམ་པ་གསར་པ་བཏོད་ཡོད།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་གིས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། སྣ་མང་འགག་སྒྲོལ། གོམ་སྟབས་བརྟན་པོ། སྐུལ་འདེད་གཏིང་ཟབ་བཅས་བྱས་པ་དང་ཁྱབ་ཁོངས་ཁག་གི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་སྒྲོམ་གཞི་གཞི་རྩའི་ཆ་ནས་གཏན་འཁེལ་བྱུང་བས། ཁྱབ་ཁོངས་མང་པོ་ཞིག་ཏུ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། བརྒྱུད་རིམ་རང་བཞིན་གྱི་བསྐྱར་སྐྲུན། ཕྱོགས་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་མངོན་འགྱུར་བྱུང་ཡོད།

    —— སྤྱི་ཡོངས་སྤྱི་འདོམས་བྱས་ཏེ་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་ཤུགས་སྣོན་བརྒྱབ་པར་བརྟེན་སྒྱུར་བཅོས་ཀྱི་ཁྱབ་རྒྱ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་རྒྱ་ཆེར་ཕྱིན་པ།

    “འགྲོ་ལུགས་ལམ་སེང་གཉེར་ཐུབ་པས་ཧ་ཅང་དགའ་པོ་བྱུང” ཟླ་2ཚེས་15ཉིན། ཀོང་ཤིས་ཧོ་ཁྲེ་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་ཆུ་ཚོད་ཕྱེད་ཀ་ཡང་མ་འགོར་བར་ཏུའུ་རུང་ཀྲུང་གིས་ཀུང་སི་འཛུགས་པའི་རེ་ཞུའི་འགྲོ་ལུགས་གཉེར་ཐུབ་ཡོད།

    ཀོང་ཤིས་ཙམ་མ་ཟད། ཀྲུང་གོའི་ས་ཕྱོགས་གང་སར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་རླབས་རྒྱུན་ཆེན་པོའི་ཁྲོད།“རྣམ་འགྱུར་ངན་པ་དང་། སྒོ་ནས་གཏོང་དཀའ་བ། རྐང་པ་ན་ན་རྒྱུག་པ”བཅས་དེ་སྔོན་ལག་ཁྱེར་གཉེར་དཀའ་བའི་གནས་ཚུལ་ད་ལྟ་མེད་པར་གྱུར་ནས“དྲ་ཐོག་ནས་གཉེར་བ་དང་ཉིན་གཅིག་ལ་གཉེར་ཐུབ་པ”དེ་གསར་གཏོད་ལས་གཏོད་ཀྱི་དར་སྲོལ་དུ་གྱུར་ཡོད།

    སྒྱུར་བཅོས་ཇུས་གཞི་2000ལྷག་ཙམ་བཏོན་པ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཏང་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཚང་མར་ཁྱབ་ཡོད། “རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས་ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་སྔར་བས་འཐུས་ཚང་དང་སྔར་བས་གཏན་འཁེལ་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི”དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱུང་ཡོད།

    —— འབྱུང་འགྱུར་ཇུས་འགོད་བྱས་ཏེ་འཐབ་ཇུས་རང་བཞིན་དང་། སྔོན་མཐོང་རང་བཞིན། དམིགས་སའི་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་སྒྱུར་བཅོས་ཀྱི་མཐོ་ཚད་ཐད་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ།

    ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་དུ་གཏན་འཁེལ་བྱས་པ་མ་ཟད། སྒྱུར་བཅོས་ཀྱི་ནུས་པ་གལ་ཆེན་ལ་ངོས་འཛིན་བྱ་རྒྱུ་དེ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པར་མཐོར་འདེགས་བྱས་པ་དང་ཆབས་ཅིག འཐབ་ཇུས་ཀྱི་གཙོ་གནད་དང་། སྔོན་འགྲོའི་གོ་རིམ། གཙོ་རྒོལ་ཁ་ཕྱོགས། ལས་དོན་ལམ་སྲོལ། སྐུལ་འདེད་བྱེད་ཐབས། དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་བཅས་བཀོད་སྒྲིག་ལུགས་མཐུན་བྱས་པར་བརྟེན་འཐབ་ཇུས་ཀྱི་ཇུས་འགོད་ཆ་ཚང་བ་ཞིག་གྲུབ་ཡོད།

    ཁྲོམ་རར་འཇུག་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས་སྲིད་གཞུང་གི་དོ་དམ་བྱེད་ཐབས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྒྱུ་ནོར་བདག་དབང་སྲུང་སྐྱོབ་དང་རྒྱུ་རྐྱེན་གཙོ་བོའི་ཁྲོམ་རའི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་བསྐྲུན་པར་བརྟེན་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་སྔར་བས་འཐུས་ཚང་དང་གཏན་འཁེལ་བྱུང་ཡོད། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་བཏང་བས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ཀྱི་ལམ་ལུགས་སྔར་བས་འཐུས་ཚང་དང་གཏན་འཁེལ་བྱུང་ཡོད། ཀྲུང་དབྱང་དང་ས་གནས་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་ལུགས་མཐུན་དབྱེ་འབྱེད་དང“གཉེར་ཁྲལ་འཕར་ཁྲལ་དུ་སྒྱུར་བའི”སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་མཐུན་སྦྱོར་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཡོད།

    —— གནད་དོན་ཕྱོགས་སྟོན་དུ་འཛིན་ནས་འགན་འཁྲི་འཁུར་ཕོད་པ་དང་། མཁྲེགས་སར་གཏུག་ཕོད་པ། ཉེན་ཁ་ལས་སྒྲོལ་ཕོད་པ་བཅས་བྱས་པར་བརྟེན་སྒྱུར་བཅོས་གཏིང་ཟབ་ཐད་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད།

    གནད་དོན་ནི་དུས་རབས་ཀྱི་སྐད་སྒྲ་ཡིན་ལ་སྒྱུར་བཅོས་ཀྱི་ཐོག་མའི་སྒུལ་ཤུགས་ཀྱང་ཡིན། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་དཀའ་ངལ་བསུ་བཞིན་མདུན་སྐྱོད་བྱས་ཏེ་ཀྲུང་གོའི་གནད་དོན་དངོས་ཐག་གཅོད་བྱས་ཡོད།

    ཁྲོམ་རའི་ལམ་སྲོལ་ནུས་ལྡན་དང་། གཞི་ཆུང་བྱེད་པོར་གསོན་ཤུགས་ལྡན་པ། གཞི་ཆེའི་སྙོམས་སྒྲིག་ཚད་རན་པ་བཅས་ཀྱི་དཔལ་འབྱོར་སྒྲིག་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཏེ་དཔལ་འབྱོར་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད། ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཚན་རྩལ་རྣམ་གྲངས་གལ་ཆེན་འཛུགས་པ་དང་སྒྲིག་འཛུགས་དོ་དམ་བྱེད་ཐབས་ལ་བློ་རྩ་བརྟན་པོས་སྒྱུར་བཅོས། “རྟ་རྒྱུག”སོགས་ཀྱི་བྱེད་ཐབས་གསར་པ་ལག་བསྟར་བཅས་བྱས་ཏེ་ཚན་རྩལ་རང་ཚུགས་དང་རང་སྟོབས་ཡོང་བར་དེ་བས་ལེགས་པའི་གསར་གཏོད་ཁོར་ཡུག་མཁོ་འདོན་བྱས་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལམ་ལུགས་སྒྲོམ་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལོ་རྒྱུས་རང་བཞིན་དང་། ཕྱོགས་སྒྱུར་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ཁྱབ་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་ཀྱི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ལ་འགོ་ཁྲིད་བྱས་པར་བརྟེན་མི་དམངས་དམག་དཔུང་འདི་ཉིད་སྤྱི་ཡོངས་རང་བཞིན་དང་གསར་བརྗེའི་རང་བཞིན་གྱི་སྒོ་ནས་གཟུགས་བརྙན་གསར་པ་གཏོད་ཐུབ་པ་བྱུང་བ་མ་ཟད། སྒྱུར་བཅོས་ཁག་འཆིང་རྒྱ་དང་བཀག་རྒྱ་ལས་སྒྲོལ་ནས། དུས་རབས་ཀྱི་དྲི་བར་ལན་བཏབ་པ་དང་། མང་ཚོགས་ཀྱི་རེ་སྒུག་དང་མཐུན་ནས་སྒྱུར་བཅོས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་ཚད་བརྒལ་གལ་ཆེན་རབ་དང་རིམ་པ་གྲུབ་ཡོད།

    གོམ་པ་སྤོ་མཚམས་མི་འཇོག་པར་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལག་བསྟར་བྱས་པ།

    “ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོའི་སྒོ་དབྱེའི་སྒོ་མོ་ཇི་ཙམ་ཕྱེ་ན་དེ་ཙམ་གྱིས་ཆེ་རུ་འགྲོ་རྒྱུ་རེད”དང“འཕེལ་རྒྱས་ཀྱི་བཀོད་པ་གསར་པ་ནི་སྒོ་རྒྱག་གི་རྒྱལ་ནང་གི་འཁོར་རྒྱུག་ཅིག་མིན་པར་སྒོ་དབྱེའི་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཡིན” ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོས་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་ཕྱོགས་ཆེན་པོར་བསྟུན་ནས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལག་བསྟར་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་ནང་ཧུར་ཐག་ཞུགས་པར་བརྟེན་ཕྱོགས་གང་ཅིའི་ཐད་དང་ཁྱབ་ཁོངས་ཡོངས་ཀྱི་སྒོ་དབྱེའི་རྣམ་པ་སྔར་བས་མངོན་བཞིན་ཡོད།

    —— ཁྱབ་ཁོངས་དེ་བས་ཡངས་པ་དང་རིམ་པ་དེ་བས་གཏིང་ཟབ་ཏུ་ཕྱིན་ནས་སྒོ་མོ་འབྱེད་པའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་བཅའ་ཁྲིམས》ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དང་། རྒྱལ་མཚམས་སྒྲོལ་བའི་ཞབས་ཞུ་ཚོང་དོན་གྱི་བཀག་རྒྱའི་གསལ་ཐོ་ཐོག་མ་བཏོན་པ། “འཐབ་ཕྱོགས་དང་པོ་ལྷུག་གཏོང་དང་། འཐབ་ཕྱོགས་གཉིས་པ་དོ་དམ”གྱི་ཕྱིར་གཏོང་ནང་འདྲེན་གྱི་དོ་དམ་ལམ་ལུགས་ཚོད་ལྟ་བྱེད་རྒྱ་ཆེ་རུ་བཏང་བ་སོགས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་དུ་བཏང་བ་དང་ལམ་ལུགས་ཅན་གྱི་སྒོ་མོ་འབྱེད་རྒྱ་མགྱོགས་སུ་བཏང་ཡོད།

    མེད་པ་ནས་ཡོད་པའི་བར་དང་ཤར་ནས་ནུབ་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱིས་ཁག་ཐེངས་བགོས་ནས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་21བསྐྲུན་ཡོད། “རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་སྟོང་ཆ་བཞི་ཡང་མ་ཟིན་པའི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་21གིས་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་མ་འཇོག་བསྡོམས་འབོར་གྱི་18.5%དང་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་17.3%མངོན་འགྱུར་བྱུང་ནས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་བརྟན་པོ་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད”ཅེས་ཚོང་དོན་པུའི་ཕྱོགས་བསྡུས་སིའི་སི་ཀྲང་ཀུའོ་ཐིང་ཐིང་གིས་བརྗོད།

    —— ཚད་བརྒལ་དེ་བས་མང་བ་དང་ལེགས་ཆ་དེ་བས་ཆེ་བའི་སྒོ་ནས་སྒོ་དབྱེའི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བ་བྱས་པ།

    མིག་སྔར། རང་རྒྱལ་གྱིས་རྒྱལ་ཁབ་147དང་རྒྱལ་སྤྱིའི་རྩ་འཛུགས་32དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆ་200ལྷག་ཙམ་ལ་མིང་རྟགས་བཀོད་ཡོད། 《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》དངོས་སུ་གོ་ཆོད་པ་དེས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞི་གསུམ་ཆ་གཅིག་གཅིག་གྱུར་བྱེད་པའི་གཞི་ཁྱོན་ཆེ་བའི་ཁྲོམ་ར་ཞིག་ཆགས་པར་སྣེ་ཁྲིད་ཐུབ་རྒྱུ་མ་ཟད། གཉིས་ཁེ་གཉིས་ཕན་དང་། རྒྱུ་མང་དོ་མཉམ། བདེ་འཇགས་ནུས་ཆེ་བཅས་ཀྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་མ་ལག་བསྐྲུན་པར་བརྟེན་རང་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    གཡོ་འགུལ་མི་གཏོང་བར་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེ་དེ་བས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་བ།

    “རང་རྒྱལ་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལག་ལེན་ལས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་ཚེ་གཞི་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ཐུབ་པ་དང་། འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཐུབ་པ། འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་ཐུབ་པ། འཕེལ་རྒྱས་ཀྱི་ལེགས་ཆ་ཟབ་གཏོད་ཐུབ་པ་བཅས་ཡོང་བ་ང་ཚོར་གསལ་བཤད་བྱས་ཡོད” ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་སྟེ་མཁྲེགས་སར་གཏུགས་པ་དང་དཀའ་ངལ་ཁྱད་བསད་ཐེངས་མང་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད།

    “ས་གནས་ས་ཐོག་ཏུ་གཉེར་བ་དང་། མང་ཚོགས་ཐེངས་མང་རྒྱུག་དགོས་པ། གཉེར་ཐེངས་མང་བ”བཅས་ནས“དྲ་ཐོག་ནས་གཉེར་བ་དང་། གྲངས་གཞི་ནས་གཉེར་བ། ཐེངས་གཅིག་ལ་གཉེར་བ”བཅས་བར་འགྱུར་ལྡོག་བྱུང་ཡོད། པེ་ཅིང་འཛིན་ལོར་ཉོ་ཚོང་ཁང་བཙུགས་ནས་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་ལ་ཞབས་འདེགས་ཞུ་བའི་འཐབ་ས་གཙོ་བོ་བཏོད་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། ན་ནིང་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་དུད་ཚང་དུང་ཕྱུར་1.5ལས་བརྒལ་བ་དེ་2012ལོའི་ལོ་མཇུག་ལས་ལྡབ་1.8འཕར་བ་དང་། རྒྱལ་ཡོངས་ཀྱི་ཞིང་དུད་དུང་ཕྱུར་2ལྷག་ཙམ་ལ་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་ལག་ཁྱེར་རག་པས་སེམས་རྣལ་དུ་ཕབ་པ་མ་ཟད་དཔལ་འབྱོར་གྱི་གསོན་ཤུགས་ཀྱང་འཕེལ་ཡོད།

    རྒྱལ་ཁབ་ཀྱིས་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་སྒོ་ནས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ལག་བསྟར་བྱས་པར་བརྟེན་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ཀྱི་ཆ་སྙོམས་རིན་གོང་ཆག་ཚད་50%ལས་བརྒལ་ནས་རིམ་རྩིས་བྱས་ན་མང་ཚོགས་ཀྱི་སྨན་ཡོན་ཁུར་པོ་ཡང་དུ་གཏོང་ཚད་སྒོར་དུང་ཕྱུར་2600ལས་བརྒལ་ཡོད། ལས་ཞུགས་སྔོན་འགྲོ་དང་། ཁུར་པོ་མུ་མཐུད་ཡང་དུ་གཏོང་བ། ལས་གནས་བརྟན་པོ། ལས་ཞུགས་རྒྱ་ཆེར་གཏོང་བ་བཅས་ཀྱི་སྲིད་ཇུས་ལག་བསྟར་བྱས་པར་བརྟེན་2013ལོ་ནས་2021ལོ་བར་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1100ཡན་གསར་དུ་ལས་ཞུགས་ཐུབ་རྒྱུ་རྒྱུན་འཁྱོངས་བྱུང་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་བར་བརྟེན་གནམ་མཁའ་དེ་བས་གཡའ་དག་པ་དང་། ཆུ་མོ་དེ་བས་དྭངས་བ། འཚོ་བ་དེ་བས་བདེ་སྐྱིད་བཅས་བྱུང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།